Skip to main content Skip to search
28 Jun 2018
7 min 31 sec
Ariana Maki
Video Overview
Creators: 
Yeshi Wangchuk

Sangay Tshewang heard about a holy spring and a yidam statue in Chojam village from village elders. Actually, this information was reportedly all mentioned in a book, which was unfortunately misplaced, so the only account is thought to be oral now. There are three sites of holy water in Chojam: one by Avalokiteshvara, another by Varjrapani, and the third by Manjushri. These three water holy sites of water were drawn upon by lords of the three families, and also by Yidam Thongpa Kuenley. To offer water to Yidam, they offer holy water from these three sources. From their village, two girls will be selected in order to offer holly water to yidam.

 

ཨཔ་སངས་རྒྱས་ཚེ་དབང་གིས་ ལོ་རྒྱུས་ཚུ་ ཕམ་རྒན་ཤོས་ཚུ་གི་ ཞལ་རྒྱུན་ལྟར་དུ་སྦེ་ བཤདཔ་ཨིན་རུང་ མ་གཞི་ཁོ་གིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ལོ་རྒྱུས་འདི་ཚུ་གི་ཀི་ཏབ་སྦེ་རང་སྡོད་ཡོདཔ་སྦེ་ཨིན་རུང་ ཤུལ་ལས་ ཀི་ཏབ་འདི་ ག་ཏེ་འབག་ཡར་སོང་ཡི་ག་མ་ཤེས་ འབྱང་སྟོར་ཤོར་བཅུག་ནུག་ཟེར་ཨིན་པས།ལོ་རྒྱུས་དང་འཁྲིལཝ་ སྐྱོ་བྱམས་ལུ་ ད་ལྟོའི་བར་ན་ གྲུབ་ཆུ་གསུམ་ཡོད་ཟེར་ཨིནམ་ད་ གྲུབ་ཆུ་ཚུ་ འཇམ་དཔལ་དབྱངས་དང་ སྤྱན་རས་གཟིགས་ དེ་ལས་ ཕྱག་ན་རྡོ་རྗེ་ཚུ་གིས་ རེ་རེ་བཏོན་གནང་ཡོདཔ་བཤད་སྲོལ་ཡོད་རུང་ ལོ་རྒྱུས་གཅིག་དང་འཁྲིལ་བ་ཅིན་ གྲུབ་ཆུ་ཚུ་ སྐྱོ་བྱམས་ཀྱི་གདན་ས་བཅགས་གནང་མི་ ཡི་དམ་མཐོང་པ་ཀུན་ལེགས་ཀྱིས་ བཏོན་གནང་ཡོདཔ་སྦེ་ བཤད་ནི་འདུག་ དེ་འབདཝ་ལས་ ལོ་བསྟར་གྱི་སྐྱོ་བྱམས་རབ་གནས་ཀྱི་སྐབས་ལུ་ ཡི་དམ་གྱི་ གདོང་ཁར་བཀང་ནིའི་ མཆོད་པའི་ཆུ་འདི་ གྲུབ་ཆུ་འདི་ཚུ་ལས་ བཟེད་ཞིནམ་ལས་ བཀང་དགོ་ཟེར་ཨིན་པས། ད་རུང་ ལོ་རྒྱུས་དང་འཁྲིལ་བ་ཅིན་ ཆུ་བཟེད་མི་དེ་ཡང་ ན་ཆུང་བུམོ་གཉིས་ཐོན་ཞིནམ་ལས་ ཁོང་གིས་སྦེ་བཟེད་དེ་ཕུལ་དགོཔ་སྦེ་ཡོད་ཟེར་ ཨིན་པས། 

 

Transcript search
No results found for this search
0 of 0
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནེ་བརྩིསཝ་མས་ཏེ་ཕར་ འདི་ཡི་དམ་གྱིས་ བཏོན་བཏོནམ་ཨིན་མས་ཟེརཝ་མས་ གཅིག་ལས་འབདཝ་ད་ལུ་ མ་པ་ཨིན་ནི་འདི་ཡི་དམ་གྱིས་རང་ཨིནམ་མས་ འ་ནཱི་ལ་ལུ་ཅིག་གིས་འབད་བ་ཅིན་ གུ་རུ་གྱི་སྤྲུལ་པ་གསུམ་བཟོ་སྟེ་ ཆུ་གསུམ་ཡོད་ གྲུབ་ཆུ་གསུམ་ཡོད་བ་ཏེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནི་གྲུབ་ཆུ་གཅིག་འཇམ་དཔལ་དབྱངས་ གཅིག་སྤྱན་རས་གཟིགས་ གཅིག་ཕྱག་ན་རྡོར་རྗེ་གྱིས་ བཏོན་བཏོནམ་ཨིན་ཟེར་ ད་ལྟོ་མར་སྐྱོ་བྱམས་དང་སྐྱིད་འཛོམས་ཟ་ཆུ་འབད་མི་འདི་འ་ནཱ་ཨིན་ འ་ནཱི་རྒྱབ་ཁར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཆུ་འཁོར་མ་ཎི་ཐལཝ་སྦེ་ཡོདཔ་ཨིན་ གེ་ར་ཆུ་འཁོར་མ་ཎི་ཐལཝ་འབད་ཡོདཔ་ཨིན་ འ་ནཱི་གྲུབ་ཆུ་གསུམ་ཆ་ར་ དེ་ལས་ གཅིག་ཕར་ཨྱོ་རྒྱན་ཆོས་གླིང་གཡུས་ཁའི་ཟ་ཆུ་འདི་ཨིན་ འ་ནཱི་སྦེ་ཨིན་ གཅིག་ཕར་ཁང་རབས་འགམ་གླིང་གི་ ཟ་ཆུ་ཨིན་ འ་ནཱི་ཆུ་གསུམ་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཡར་རང་ཡོདཔ་ཨིན་ན་ལགས?
  • སངས་རྒྱས་ཚེ་དབང་ Sangay Tshewang
    གཅིགཔོ་འདི་ ཡ་རང་མེན་ ཨ་ཡར་རང་ཨིན་མ་ཎི་གྱི་རྩ་བར།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨྱོན་ཆོས་གླིང་གི་ལྟག་ལུ་ཡོད་མི་འདི?
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨྱོན་ཆོས་གླིང་གི་ ཁོང་རའི་གཡུས་ཀྱི་སྦོ་ལོགས་ཁར་རང་ ཏེ་ གཅིག་ཕར་ཨོ་རྒྱན་ཆོས་གླིང་ལས་མར་འབབས་ད་ མར་ཁང་རབས་འགམ་གླིང་གི་ཟ་ཆུ་ཨིན་ འ་ནཱི་ཆུ་གསུམ་པོ་འདི་ གཅིག་འཇམ་དཔལ་དབྱངས་ གཅིག་སྤྱན་རས་གཟིགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཏེ་ ད་ལྟོ་འབདཝ་ད་ལུ་ གཅིགཔོ་འདི་ཡི་དམ་གྱིས་བཏོན་ཡི་ཟེརཝ་མས་ ཏེ་ མ་པ་ཨིན་ནི་འདི་ཡི་དམ་གྱི་སྤྲུལ་པ་ཡ་ཨིན་མས་གེ་ར་ ཡི་དམ་གྱིས་ཏེ་ ད་ཁོང་ཨ་ནཱི་རབ་གནས་བཙུགསཔ་གཅིག་ར་ དང་པ་གི་ཉིན་མར་ལུ་ ཡི་དམ་ལུ་ཕྱག་མཆོད་ཟེར་ཞུ་ནི་ཡོད།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱི་མར་ ཉ་རུད་ལས་བུམོ་གཅིག་ མར་སྐྱིད་འཛོམས་ལས་གཅིག་འགྱོ་དགོ་ཆུ་ལེན་པར་ བུམོ་ན་ཆུང་གཉིས་འགྱོ་དགོ་དང་ཕུའི་ལུགས། ད་ལྟོ་ར་འབག་དགོ་དུང་ཅུང་ནང་སྦེ་ ཆུ་བཟེད་དེ་ཡོན་ཆབ་ ཏེ་ ཡི་དམ་སྤང་ན་ཞུཝ་ཅིག་ཡོན་ཆབ་བཀང་དགོ་ལགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨ་མར་ཁྲོམ་ན་བཏོནམ་ཅིག
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གྲུབ་ཆུ་གྱི་མིང་ག་ཅི་སླབ་སྨོ?
  • སངས་རྒྱས་ཚེ་དབང་ Sangay Tshewang
    གྲུབ་ཆུ་འདི་ གྲུབ་ཆུ་ཟེར་མིང་མེད་པ་ འདི་ཨིན་ལགས་གྲུབ་ཆུ་མ་གཏོགས་ མིང་གྲུབ་ཆུ་མ་ཎི་ཟེར་ཡོད་པའི་ མ་ཎི་རང་ཡོད་ མིང་སྦེ་སོ་སོར་ག་ནི་ཡང་མེད་ལགས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཕར་གྱི་ཚེ་རུང་ཟེར་སླབ་མས་ ཚུར་ཧོང་མ་གི་ ཁོང་ར་ཨྱོན་ཆོས་གླིང་གཡུས་སྦོ་ལོགས་ཁ་གི་འདི་ལུ་ མིང་ཅིག་ཡི་མིན་འདུག་ཡར་གྱི་འདི་ གཡུས་སྦོ་ལོགས་ཁར་སྦེ་ ཨྱོན་ཆོས་གླིང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་ནཱ་གི་ཞིང་ཆུ་ཚུ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ནཱ་གི་ཞིང་ཆུ་གེ་ར་འདི་གི་ལང་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་ལགས་སོ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཆུ་སྦོམ་ཡོད་ལགས་ གནམ་དགུན་འདི་རླངསམ་ར་ལྡི་རི་རི་ཨིན་ བྱཱར་འདིན་བསིལ་ཏོང་ཏོ་ཐོན་འོང་་ཡ་མཚན་ཆེ་ཏོག་ཏོ་ཡོདཔ་ཨིན་ཡོད་ནི་འདི་ ཨ་ནཱི་ཆུ་འདི་ཚུ་ དེ་ལས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ནཱ་ས་སྒོ་གི་མིང་ག་ཅི་སླབ་སྨོ་ གྲུབ་ཆུ་ཡོད་སར?
  • སངས་རྒྱས་ཚེ་དབང་ Sangay Tshewang
    གྲུབ་ཆུ་ཡོད་ས་འདི་ གྲཱུག་ཆུ་མ་ཎི་ཟེར་སླབ་ཨིན་ང་བཅས་ཀྱིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གྲཱུག་ཆུ་?
  • སངས་རྒྱས་ཚེ་དབང་ Sangay Tshewang
    འོང་ཨིན་ ང་བཅས་བུམ་ཐང་པའི་ཁ་སྐད་ལས་ གྲཱུག་ཆུ་ཟེར་སླབ་ཨིན་ གྲུབ་ཆུ་མ་ཎི་ཟེར་སླབ་འོང་ རྫོང་ཁ་ལས་ཡང་ གྲུབ་ཆུ་ཟེར་སླབ་ཨིན་ མ་ཎི་རང་ཡོད་སྦ་ མ་ཎི་བསྒྱིར་ནི་མེད་ཏེ་ ད་དཔོན་ཚུ་གྱིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ས་སྒོ་གི་མིང་སོ་སོ་མིན་འདུག་སྨོ་ག་ནི་ཡང་?
  • སངས་རྒྱས་ཚེ་དབང་ Sangay Tshewang
    ས་སྒོ་སྦོ་ལོགས་ཁར་ གྲཱུག་ཆུ་ར་ཨིན་ཡར་ཕར་ཚུ་ལུ་ གྲཱུག་ཆུ་ཟེར་སླབ་འོང་ ཏེ་ ཚུར་ཁར་ཆགས་ཚར་ཟུར་ ཆགས་ཚར་ཟུར་ཟེར་སླབ་དགོ་པའི་ཡང་ཁུངས་ཡོད་སྦ་ འ་ནི་ཨཔ་ཚུ་གྱི་ཤེས་བ་ ཨ་ནཱི་ཆགས་ཚར་བའི་འདི་ཚུ་འདུག་སྦ་ཧེ་མ་ཡི་དམ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨིན་ཡང་ཡི་དམ་ཨ་ཕར་ཆགས་ཆགསཔ་ཨིན་མས་ ཨ་ཕར་སའི་ཇོ་བདག་གིས་ཆགས་མ་བཅུག་པར་ སེམས་སྐྱོ་སྟེ་ འ་མར་ཆགས་ཆགསཔ་འབད་ནི་དེ་གིས་ ཏེ་ མིང་ཡང་སྐྱོ་བྱམས་ཟེར་ བཏགས་བཞག་ནུག་མེན་ན་ཏེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ཡི་དམ་ཚར་གཅིག་ བྱོག་བྱོན་བྱོནམ་ཨིན་ལོ་ནཱ་ལས་ ནཱ་ལས་ཕུར་ཏེ་ ཡི་དམ་བྱོག་བྱོན་ཏེ་ དེ་ལས་ ཡི་དམ་འཚོལ་མ་ཐོབ་པར་ ཏེ་ ཡི་དམ་ག་ཏེ་ཡོདཔ་ཨིན་ན་ཟེར་ ཨ་ནཱི་ཡི་དམ་ག་བྱོན་གུ་བྱོན་མེད་པར་ ཏེ་ ད་ལྟོ་ཆགས་ཆུ་བཏོན་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཁོང་་ ཡར་་་ཨ་ནཱི་ཉ་རུད་པ་གི་ནོར་ གཡག་བཞག་ས་ཡོད་བ་ཡར་ འ་ནཱི་གཡག་(འབྱི་)ཨོམ་བཞོ་ནི་རནམ་ཅིག་ ཨ་མ་གཅིག་གར་སོང་མེད་པར་འབྱང་སྟེ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    སྡོད་སྡོདཔ་ཨིན་ལོ་ འ་ནཱི་གཡག་འབྱང་སྟེ་སྡོད་སྡོདཔ་ད་ ཨའུ་ཨ་ནཱི་ནོར་ཨོམ་བཞོ་རནམ་ཅིག་འབྱང་མས་ ག་ཏེ་འགྱོཝ་ཨིན་ན་ དེ་ལས་ ནོར་འཚོ་མི་དྲན་པ་ཅནམ་ཅིག་གིས་ ཨ་ནཱི་གཡག་གི་སྤུ་གི་ སྐུདཔ་བཟོ་སྟེ་ དེ་ལས་ ནོར་གྱི་རྐངམ་གུ་ལུ་ བཏགས་བཏགསཔ་ཨིན་ལོ་ ཨ་ནཱི་འབྱང་མི་འདི་གུ་ལུ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    དེ་ལས་ ནངས་པ་དྲོ་པ་ཨ་ནཱི་ཐགཔ་ སྐུདཔ་བདའ་ཡི་བདའ་ཡི་འགྱོཝ་ད་ ཨ་ནཱི་དུང་ཤིང་ཅིག་གི་རྩ་བར་འདུག་ཟེར་ཨིན་པས། ནོར་འདི་ས་རང་ཟད་དེ་ བལྟཝ་ད་ཡི་དམ་ཨ་ནཱ་འདུག་ལོ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    བཞུགས་ཏེ་ ཡི་དམ་གྱིས་བཞེས་ཏེ་བཞུགས་བཞུགསཔ་མས་ཨོམ་ ཏེ་འདི་ལས་ཚུར་ ཡར་ཡོད་པའི་སའི་མིང་ཡང་ ཡར་ཡོད་པའི་ས་སྒོ་ཅིག་ཡོད་པའི་ ཀུར་སྟོད་འགྱོ་སའི་ལམ་ འ་ཡར་ལས་འབོ་འབོཝ་ཨིན་ལོ་ འཕྲང་འཕྲང་སར་ ང་བཅས་རའི་ཡི་དམ་ནཱ་འདུག་ཟེར།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འབོཝ་ད་ མར་སྐྱིད་འཛོམས་ལུ་སྡོད་མི་ཚུ་གིས་ གོ་གོཝ་ཨིན་ལོ་ འ་ནཱི་གོ་མི་དང་ འབོ་མི་གཉིས་ ཆུ་ལེན་པར་འགྱོ་དགོ་ ཁྱིམ་རེ་རེའི་ནང་ལས་ ཏེ་ཚའི་དྭངས་ཟེར་ ཨ་མར་ལྕང་མ་ཤིང་སྦོམ་ཅིག་ཡོད་པའི་མཆོད་རྟེན་གྱི་འོག་ལུ་ ཚའི་དྭངས་ཟེར་སླབ་ཨིན་ ཚའི་དྭངས་ཟེར་ སྐད་འཕྲང་འཕྲང་གོ་ནི་དེ་གིས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱི་ཁོང་གིས་ ཕྱག་འཚལ་ཞིནམ་ལས་ ཞུ་དགོ་མི་འདི་ལས་བརྟེན་ཏེ་ཨིན་པས་ ཡི་དམ་དེ་ཁར་ལས་ ལོག་ཞུ་འབག་འབགཔ་ཨིན་ལོ་ ཕུར་བྱོན་བྱོནམ་མས་ཚར་གཅིག་ཁོ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཡི་དམ་གྱི་སྐུ་ཡོདཔ་ཨིན་ཏེ་ ཨ་ནཱི་ཧེ་མ་འདི་ གསུངས་རང་བྱོན་བྱོནམ་མས་ གསུངས་བྱོན་མ་ཟེར་ཡོད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཡི་དམ་གྱི་མཚན་ག་ཅི་ལོ་ལགས?
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཡི་དམ་ ད་མར་གྱི་འདི་ཏེ་ ལ་ལུ་ཅིག་གིས་སླབ་ཚེ་ ངོ་མ་མེན་ལོ་ཏེ་ད་ ངོ་མ་ལ་ལུ་ཅིག་གིས་ ཞུ་འབག་སྟེ་ ཨ་ཕར་མཆོད་རྟེན་ནང་ན་བཙུགས་ནུག་ལོ་ས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨ་ཕར་ཉི་མ་ལུང་ལུ་ བུམ་པའི་མཆོད་རྟེན་ཟེར་ཡོད་པའི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འོང་་་།
  • སངས་རྒྱས་ཚེ་དབང་ Sangay Tshewang
    གཡུས་ཀྱི་ཉེ་འདབས་ལུ་ ཨ་ཕར་བཙུགས་ཡོད་པའི་ལོ་རྒྱུས་བརྩིསཝ་མས་ མར་གྱི་འདི་ རྫུན་མ་འོང་ནི་འདྲས་ང་གིས་བལྟ་བ་ཅིན་འདི་ སྐུ་འ་ནེམ་འབད་མི་ཅིག་ཡོད་པའི་ཡོད་རང་།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨིན་རྒྱུ་སྐུ་བསྒྲུབ་པར་བཏང་བཏངམ་མས་ རོགས་ཀྱིས་བློ་སླབ་ཅི་སླབ་ཅི་འབདཝ་ད་ སྒྲུབ་པར་བཏངམ་ད་ཏེ་ བོད་དུ་ཡི་དམ་ཞུ་བར་བཏངམ་ད་ ཏེ་ནཱ་ལས་ ཏི་རུབ་བལ་ཀྲམ་རགས་རོ་བསྡུ་སྟེ་ འབག་འབགཔ་ཨིན་ལོ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨ་ནཱི་ཁ་ཕོར་གཅིག་གི་ནང་ན་ ཏེ་ འདི་ནང་འབག་སྦེ་ ཁོང་ལམ་ཁར་ལུ་ རྒྱགས་སྐལ་རྫོགས་སོངཔ་མས་ ད་ཡི་དམ་ཞུ་བར་མི་ལྷོད་ནི་མས་ ང་བཅས་རྒྱགས་སྐལ་ཚར་ཏེ་ ག་དེ་སྦེ་འབད་ན་ཟེར་སྡོད་པའི་བར་ན།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཏེ་ཨ་ནཱི་ མ་ལྷོདཔ་ཨིནམ་རོགས་ཡར་ལས་བླམ་གིས་མཁྱེན་ཏེ་ ཨ་ནཱི་ཏི་རུབ་འབག་མི་འདི་ལས་ སྐུ་བཟོ་བཏང་ནུག་ཏེ་ དུམ་གྲ་ཅིག་ང་བཅས་གཉིས་རྒྱགས་སྐལ་འདིནི་ཟ་ཚར་ཡི་ ཨ་ནཱི་ཁ་ཕོར་ནང་ ཏི་རུབ་འ་ནེམ་ཅིག་ཡོད་པའི་ཟེར་ འདི་བཙོང་ཞིན་ན་ ནེམ་འབད་ན་མ་ཤེས་རྒྱགས་སྐལ་མིན་འདུག་ཟེར་ བལྟ་བར་འགྱོཝ་ད་ ཨ་ནཱི་གདོབ་ ཨ་མའི་གདོབ་ཨོལ་ལྐོག་གུ་ལུ་ འགྱུར་མ་ཚར་བར་འདུག་ཟེརཝ་མས་ལོ།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ག་ར་སྐུར་འགྱུར་ཏེ་ འ་ནཱི་ཨིན་ལོ་ཨིན་རྒྱུ་སྐུ་ངོ་མ་ རོགས་བླམ་སྦོམ་ཚུ་གིས་ གྲུབ་བཏགས་གནང་སྟེ་ ཁོང་གིས་ཡར་ལྷོད་མི་ཚུགས་ཟེར་ མངོན་ཤེས་ཀྱིས་སྦེ་ བཟོ་གནང་གནངམ་ཨིན་ལོ་ འ་ནཱི་སྦེ་ཨིན་པས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱི་སྦེ་ རོགས་ཀྱིས་བཤད་ནི་འདི་ མ་པ་ཡོད་ནི་འདི་ ཧེ་མ་འདི་ ཀི་ཏབ་རང་ཡོད་པའི་ འབྱང་བཅུག་ནུག་ཏེ་རོགས་ཀྱིས་ ཆུ་ཕར་ཁར་རོགས་མཁས་པ་ཕར་ཡོད་པའི་ ཞབས་བྲོ་རྐྱབ་མི་ ཨ་ནཱི་དཔའ་མཛངས་པའི་བཤད་པ་རྐྱབ་མི།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཨ་ནཱི་རྦད་ཚུ་ཡང་ ཚིག་གནམ་མེད་ས་མེད་ཡོད་སྦ་ ང་བཅས་ཀྱིས་འདི་རྦད་ཡང་མ་བཤད་ ང་གིས་ཤེས་ཡང་མི་ཤེས་ ང་བཅས་ཕོག་ཡང་མི་ཕོག་ཧེ་མ་ ང་བཅས་ཨ་ནཱི་གཡག་འཆམ་འདི་འབདན་ཕོག་འོང་།
  • སངས་རྒྱས་ཚེ་དབང་ Sangay Tshewang
    ཏེ་འ་ནཱི་སྦེ་ རོགས་ཕར་བརྒྱུད་རབས་འབད་དེ་ ཨ་ནཱི་གཅིག་ཨ་པ་གིས་ཚགས་ཁར་ཚུདཔ་ད་ཨ་པ་གིས་འབད་ ཨ་པ་གིས་འབད་མ་ཚུགསཔ་ད་ བུཚ་ཚུ་གིས་རྐྱབ་སྟེ་ གོ་རིམ་སྦེ་རྐྱབ་མི་ཡོད་སྦ་ཧེ་མ་གཞན།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱི་ཨཔ་ན་ཧིང་ཞེ་ཧིང་རྐྱངམ་གཅིག་གྱོང་སོང་ཡི་ གཞན་ཨ་ནཱི་ཨཔ་དེ་གིས་ ག་ར་ཆ་ཚང་སྦེ་ཤེས་ལོ་གཞན་ འ་ནཱི་གི་དུམ་གྲ་རེ་བཤད་བཤདཔ་རྐྱངམ་གཅིག་ཨིན་པས་ ཁོང་གིས་མི་ཤེས་པས།
  • སངས་རྒྱས་ཚེ་དབང་ Sangay Tshewang
    འ་ནཱི་གཞན་ ལེགས་ཤོམ་ཙམ་ཅིག་སྡོད་ནུག་གཞན་ ཧེ་མ་དཔེ་ཆ་གཅིག་རང་ཡོད་ཟེརཝ་མས་ལོ་ ཏེ་ འ་ནཱི་ཀི་ཏབ་རང་ ཏེ་ ཤུལ་ལས་བདག་འཛིན་མེད་པར་ འབྱང་འབྱངམ་ཨིན་མས་ ག་བཞག་གུ་བཞག་མེད་པར་ འ་ནཱི་ཡི་དམ་གྱི་ཆགས་བ་ཆགས་ལུགས་ཀྱི་སྐོར་ལས་ ག་ར་ཡོད་དོ་མས་གཞན་འབད་བ་ཅིན་ ཏེ་ ཨ་ནཱི་འབྱངམ་ད་བཤད་མི་ཚུགས་པས་བ་ཏེ།