Skip to main content Skip to search
20 Jun 2018
6 min 37 sec
Video Overview
Creators: 
Sherig Dentshog

This song is a religious song in which a spiritual master describes his spiritual deeds in Pemagatshel. At the beginning of lyrics, it glorifies the master and later describes his deeds when he visited Pemagatshel, including constructing Ngayab Goenpa for the wellbeing of all sentient beings. The song was performed by Kinzang Dendup from Pemagatshel district in Chokhorling village. 

གླུ་གཞས་འདི་ བདུད་འཇོམས་རིན་པ་ཆེ་དང་ ཁོ་གིས་ པདྨ་དགའ་ཚལ་རྫོང་ཁག་ནང་ ཆོས་ཕྱོགས་ཀྱི་ཕྱག་བཞེས་ ལེ་ས་ཤ་ཅིག་མཛད་པའི་སྐོར་ལས་ འགྲེལ་བཤད་རྐྱབ་མི་ ཆོས་འབྲེལ་གྱི་གླུ་གཞས་ཅིག་ཨིན་པས། ཚིག་འགོ་བཙུགསཔ་ད་ བླམ་ལུ་འགྲེལ་བཤད་རྐྱབ་ཨིནམ་ད་ འདིའི་ཤུལ་ལས་ ཁོ་གིས་ པདྨ་དགའ་ཚལ་ལུ་  འཁོར་བ་ནང་གནས་པའི་ སེམས་ཅན་ཐམས་ཅད་ ཐར་པའི་འགོ་འཕང་ཐོབ་ཐབས་དང་ ཚེ་འདིའི་བསམ་དོན་འགྲུབ་ཐབས་ལུ་ རྔ་ཡབ་གླིང་དགོན་པ་བཞེངས་ཡོད་པའི་སྐོརལས་ཨིན་པས། གླུ་གཞས་འདི་ པདྨ་དགའ་ཚལ་རྫོང་ཁག་ ཆོས་འཁོར་གླིང་གཡུས་ཚན་ལས་ ཀུན་བཟང་དོན་གྲུབ་ཀྱིས་འཐེནམ་ཨིན་པས། 

Transcript search
No results found for this search
0 of 0
  • ཀུན་བཟང་དོན་གྲུབ་
    རྗེ་བྱིན་རླབས་ཀྱི་འབྱུང་གནས་[ལོ་ཡང་རི་?]པདྨ་འབྱུང་། །
  • ཀུན་བཟང་དོན་གྲུབ་
    བུའི་བློ་གཏད་གཅིག་མཆོག་[ལོ་ཡང་རི་?]རིན་པོ་ཆེ། །
  • ཀུན་བཟང་དོན་གྲུབ་
    རང་མི་གུ་
  • ཀུན་བཟང་དོན་གྲུབ་
    མིན་འདུག་ སྐད་ཀྱིས་ ཨེ་ཧེ་་་་་
  • ཀུན་བཟང་དོན་གྲུབ་
    རང་མོས་གུས་ཀྱིས་ལྟེམ་རྐྱང་[ལོ་ཡང་རི་?]མ་ཤོར་ན། །
  • ཀུན་བཟང་དོན་གྲུབ་
    གཏན་བདེ་བའི་ས་ལ་[ལོ་ཡང་རི་?]སྐྱེལ་མི་སྐྱེལ། །
  • ཀུན་བཟང་དོན་གྲུབ་
    ཕ་ཁྱོད་ཀྱི་ཐུགས་རྗེས་[ལོ་ཡང་རི་?]བསླུ་སྙམ་མེད། །
  • ཀུན་བཟང་དོན་གྲུབ་
    ཡིད་སྙིང་ནས་གདུང་བས་[ལོ་ཡང་རི་?]གསོལ་བ་འདེབས། །
  • ཀུན་བཟང་དོན་གྲུབ་
    བུ་ཕ་དང་མཉམ་པར་[ལོ་ཡང་རི་?]བྱིན་གྱིས་རློབས། །
  • ཀུན་བཟང་དོན་གྲུབ་
    ཤར་ཀོང་ཡུལ་ལྗོན་པ་[ལོ་ཡང་རི་?]སྐྱིད་པའི་ལྗོངས། །
  • ཀུན་བཟང་དོན་གྲུབ་
    གནས་བུ་ཆུང་གསང་བའི་[ལོ་ཡང་རི་?]དགའ་ཚལ་དུ། །
  • ཀུན་བཟང་དོན་གྲུབ་
    མ་འབྲེལ་ཚད་སེམས་ཅན་[ལོ་ཡང་རི་?]དོན་ལྡན་ཕྱིར། །
  • ཀུན་བཟང་དོན་གྲུབ་
    ཞིང་རྔ་ཡབ་དཔལ་རིའི་[ལོ་ཡང་རི་?]ལྷ་ཁང་བཞེངས། །
  • ཀུན་བཟང་དོན་གྲུབ་
    དོན་བར་ཆད་མེད་པ་[ལོ་ཡང་རི་?]འགྲུབ་ནས་ཀྱང་། །
  • ཀུན་བཟང་དོན་གྲུབ་
    ཆོས་བསྟན་པའི་རྒྱལ་མཚན་[ལོ་ཡང་རི་?]ཚུགས་པ་རུ། །ཨེ་ཧེད་ཧེད།
  • ཀུན་བཟང་དོན་གྲུབ་
    མགོན་བཀའ་དྲིན་ཅན་གྱིས་[ལོ་ཡང་རི་?]བྱིན་རླབས་སྩོལ། །
  • ཀུན་བཟང་དོན་གྲུབ་
    གྲོགས་དཔའ་བོ་མཁའ་འགྲོའི་[ལོ་ཡང་རི་?]སྡོང་གྲོགས་མཛོད། །
  • ཀུན་བཟང་དོན་གྲུབ་
    བཀའ་ཆོས་སྐྱོང་སྲུང་མའི་[ལོ་ཡང་རི་?]ཕྲིན་ལས་སྒྲུབས། །
  • ཀུན་བཟང་དོན་གྲུབ་
    བུའི་ལྷག་བསམ་མཐའ་རུ་[ལོ་ཡང་རི་?]ཕྱིན་པར་ཤོག །ཨེ་ཧེད།
  • ཀུན་བཟང་དོན་གྲུབ་
    རྗེ་གུ་རུའི་དགོངས་པ་[ལོ་ཡང་རི་?]རྫོགས་པར་ཤོག །
  • ཀུན་བཟང་དོན་གྲུབ་
    མ་འགྲོ་དྲུག་བདེ་ལ་[ལོ་ཡང་རི་?]འཁོད་པར་ཤོག །
  • ཀུན་བཟང་དོན་གྲུབ་
    ཡུལ་འདི་ལ་བདེ་སྐྱིད་[ལོ་ཡང་རི་?]འབྱུང་བར་ཤོག། །།