Skip to main content Skip to search
18 Feb 2016
3 min 6 sec
Video Overview
Creators: 
Sonam Chophel, Khandu, Encho Lhamo, Jamyang Lhamo

Hoisting a flag on one’s rooftop is a unique tradition practiced in the western part of the country, especially among the Ngalop community. The flag is hoisted mainly to repel misfortune and obstacles for the family. The flag is hoisted in three different colors based on a ritualistic sequence. This indicates whether or not a particular household has performed its annual rites.

 

ཁྱིམ་ཐོག་གུ་དར་ཤིང་འཕྱར་དགོ་མི་དེ་ཡང་ ན་ཧིང་ལས་ད་ལྟོ་ཚུན་ཚོད་ ནཝ་ཚཝ་ རྐྱེན་བར་ཆད་ཚུ་ག་ནི་ཡང་མེད་པར་ དུས་ཅི་འཛོམས་ཚུགས་ཅི། དུས་ཅི་ལས་སང་ཕོད་ དུས་ཚོད་འ་ནིམ་ཅིག་ལུ་ ནཝ་ཚཝ་ རྐྱེན་བར་ཆད་ཚུ་ག་ཅི་ཡང་མེད་པར་ འཛོམས་ཚུགས་པའི་སྨོན་ལམ་བཏབ་སྟེ་ འཕྱརཝ་ཨིན་པས། དར་དེ་ཡང་ གནམ་ཧོནམོ་ བར་སེར་ མཇུག་དམརཔོ་སྦེ་བཏགས་ཏེ་འཕྱརཝ་ཨིནམ་ད་ ཁྱིམ་འདི་ནང་ཆོ་གུ་བཏངམ་དང་མ་བཏངམ་ཡང་ ཁྱིམ་ཐོག་གུ་དར་ཤིང་འཕྱརཝ་དང་མ་འཕྱརཝ་གིས་ར་ ཧ་གོ་ཚུགས་དོ་ཡོདཔ་ཨིན་མས། ཆོ་གུ་བཏངམ་ད་ལུ་ བཏང་ཚུགས་མི་གིས་ ཆོསཔ་དུང་ཆ་འདྲོངས་སྦེ་ར་བཏང་ནི་ཡོདཔ་ད་ བཏང་མ་ཚུགས་མི་གིས་ ཆོསཔ་ཕུད་རྡོག་གཅིག་གིས་འབད་ཡང་བཏང་དོ་ཡོདཔ་ཨིན་མས། དེ་སྦེ་འབདཝ་ད་ ཕྱི་ཁར་མིག་ཏོ་བལྟཝ་ད་གི་ཁྱད་པར་ཙམ་ཅིག་མ་གཏོགས་ ནང་ན་ཅ་ལ་མཁོ་སྒྲུབ་དང་སྒྲིག་ཐང་གི་ཐད་ཁ་ལུ་ ཅོག་ར་འཐདཔ་སྦེ་ མཁོ་སྒྲུབ་འབད་དགོཔ་དང་ སྒྲིག་དགོ་ ཟེར་བཤདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • དགའ་ལེགས Galley
    ང་བཅས་ར་ ཁྱིམ་གྱི་སྐོར་ལས་ཨིན་མས་ལགས། ཁྱིམ་དར་གྱི་སྐོར་ལས་ལགས། འ་ནི་ཁྱིམ་དེ་ཡང་ སྟེ་ད་ང་བཅས་ར་ དར་ཨ་ནི་ ས་ལྷང་པའི་ནམ་དུས་འདི་ནང་ལས་ར་ ང་བཅས་དར་དཀརཔོ་འདི་ སྟེ་ད་་་་ དར་གཅིག་སྦུག་ལུ་འཕྱར་དགོ་གསེས་ཞུ་ནི། འ་ནི་གནམ་འདི་ གནམ་འདི་ཧནམོ་ཨིན། བར་འདི་སེརཔོ་ཨིན། མཇུག་ལུ་དམརཔོ་ཨིན་ལགས།
    It's all about our houses and rooftop flags. Before the home is constructed we conduct a ceremony first, wherein we hoist a white flag in the middle of the plat. That flag divides into three parts: the first part is sky (blue flag), the second part must be a red flag and the third part must be yellow.
  • དགའ་ལེགས Galley
    ད་འ་ནི་འཕྱར་དགོ་མི་དེ་ཡང་ ག་ནི་༼ག་ཅི་༽སྨོ་གསེས་བ་ཅིན་ ང་བཅས་ཁྱིམ་དར་གསེས་འཕྱར་དགོ་མི་འདི་ ལོ་དུས་ཅི་ ང་བཅས་ཆོག་ཀུ་འདི་འབད་བའི་ནམ་དུས་འདི་ནང་ལུ་ སྟེ་ང་བཅས་ར་ ཡ་དར་འདི་འཕྱར་བའི་ནམ་དུས་འདི་ནང་ལུ་ འཕྱར་སྦེ་འབདཝ་ད་ སང་ཕོད་ད་ལྟ་ཚུན་ཚོད་ལུ་ ཆེཝ་གུ་ལས་ཤོར་མ་བཅུག ཆུངམ་ཕམ་ལས་ཏང་ཏབ་རྐེདཔ་ལས་ཡང་མ་བཅུག འ་ནི་བཟུམ་སྦེ་སྨོན་ལམ་བཏབ་འདི་༼སྟེ་༽འབད་ དར་འདི་འཕྱར་བའི་ནམ་དུས་འདི་ནང་ལུ་ ད་ང་བཅས་དར་འདི་ལེགས་ཤོམ་སྦེ་སྦྲགས་དགོ་གསེས་ཞུ་ནི།
    The flag is hoisted during the annual ritual, which takes place each year to bring auspiciousness.
  • དགའ་ལེགས Galley
    དར་འདི་ལེགས་ཤོམ་སྦེ་སྦྲགསཔ་ དུས་ཅི་ལས་སང་ཕོད་ཚུན་ཚོད་ཀྱི་བར་ན་ལུ་ དར་འདི་སྟེ་ད་ དར་འདི་ག་དེ་སྦེ་མེདཔ་འགྱོ་ཡི་གསེས་བ་ཅིན་ སྟེ་རོགས་དུས་ཅི་འཕྱར་འཕྱརཝ་འབད་བ་ཅིན་ ད་ལྟོ་དར་འདི་ ལྟག་ལས་ཧནམོ་ སྦུག་ལས་སྟེ་དམརཔོ་ མཇུག་ལུ་སེརཔོ་ སྟེ་་་་་ གནམ་ཧནམོ་གསེས་ཏེ་ མགུ་ལས་གནམ་ཧནམོ་སྦེ་འཕྱར་དགོ་མི་གནམ་དེ་ སྟེ་ཧནམོ་འབད་ནི་དེ་གིས་ ཧནམོ་འཕྱར་དགོཔ་ཨིན་ལགས།
    The flag should be hoisted properly. If that does not happen then negative effects can result.
  • དགའ་ལེགས Galley
    སྟེ་་་སྦུག་ལུ་ལུ་དམརཔོ་འབད་མི་དེ་ ང་བཅས་བཙན་གྱི་རྟགས་དམརཔོ། སྟེ་་་་ས་སེརཔོ་གསེས་ མར་སྦུག་ལུ་འདི་ མར་ར་ཏོག་གུ་འདི་སེརཔོ་འབད་སྦེ་ ད་འ་ནི་འབདཝ་ད་ལུ་ གསརཔ་འཕྱར་འཕྱརཝ་འབད་བ་ཅིན་ དར་འདི་སེརཔོ་སྦེ་ འ་ནི་འབད་སྦྲ་མ་ཉམས་འབྲུ་མ་ཉམས་པར་སྡོད་འོང་གསེས་ཞུ་ནི། སྟེ་ད་ དར་འདི་ཆོག་ཀུ་མ་བཏངམ་འབད་བ་ཅིན་ དར་འདི་རལཔ་ཡང་མེད་ སྟེ་དར་ཤིང་འདི་རྐྱངམ་ཅིག་འབད་སྡོད་འོང་གསེས་ཞུ་ནི་ལགས།
    Why is one flag colored red? Because our deity is red. And the soil is yellow. These flags should not be planted if the annual ritual has not been completed.
  • དགའ་ལེགས Galley
    ད་འ་ནི་་་་ འབདཝ་ལས་བརྟེན་འདི་༼ཏེ་༽འབད་ སྟེ་ད་ནངས་པ་ཆོག་ཀུ་འདི་འབད་བ་ཅིན་ ད་རིས་དར་འདི་གི་ སྟེ་འ་ནི་ཤིང་དེ་འབལ་ སྟེ་ཡ་གི་ནེམ་དར་འདི་ཡང་བཏོག་འབད་བའི་བསྒང་ལས་ དར་ཤིང་འདི་ཡང་གསརཔ་སྦེ་བྱི་རྐྱབ་ སྟེ་རལ་གྲི་འདི་གུ་ཡང་སྟེ་དམརཔོ་བཏང་ སྟེ་སྦུག་ལས་ལུ་ཙུ་ནི་དཀརཔོ་བཏང་ སྟེ་ཟླཝ་འདི་གུ་ཡང་དཀརཔོ་གཏང་དགོ་གསེས་ཞུ་ནི་ལགས།
    If the ritual was tomorrow, the homeowners would start today to prepare the flags, pulling branches from the trees. A red sword is printed red, and in the middle of the sword one has to print white color moon also and a yellow sun.
  • དགའ་ལེགས Galley
    སྟེ་ཉིམ་འདི་གུ་དམརཔོ་གཏང་དགོ་ སྟེ་འ་ནི་འབདཝ་ལས་བརྟེན་འདི་༼ཏེ་༽འབད་ རལ་གྲི་འདི་ཨིན་ཅི་མིན་ཅི་ ཁ་བྱང་ར་སྒོར་དགོ་གསེས་ཞུ་ནི་ལགས། ད་འ་ནི་འབདཝ་ལས་བརྟེན་འདི་༼ཏེ་༽ཆོག་གུ་བཏངམ་དང་མ་བཏངམ་འདི་ ཁྱིམ་ཐོག་གུ་བལྟཝ་ད་ར་ཤེས་གསེས་ཞུ་ནི་ལགས། སྟེ་ད་ ཁྱིམ་ཐོག་གུ་དར་མ་འཕྱར་བ་ཅིན་ སྟེ་ང་བཅས་ར་འཇིག་རྟེན་པའི་དཔྱེ་གཏམ་ལས་ཡང་ ཨའོ་་་་ཨ་ཕི་ཁྱིམ་འདྲེ་ཁྲིམ་མས་གསེས་སླབ་ཨིན་ལགས།
    Because they are so visible, one can easily identify whether a particular house whas performed their annual ritual. If there was no flag on the rooftop, people may consider that particular house as haunted as the homeowner is obviously not doing the rituals appropriately.
  • དགའ་ལེགས Galley
    ཨ་ཕི་ཁྱིམ་འདི་འདྲེ་ཁྱིམ་མས་ དར་ར་མིན་འདུགགསེས་ སྟེ་ད་རོགས་ཨ་ཕི་ དར་འཕྱརཝ་འཕྱརཝ་འབད་བ་ཅིན་ རོགས་ཨ་ཕི་ལྷ་ཁྱིམ་མས་ དར་འཕྱར་ནུག་སྨ་རེད་གསེས་ སྤའོ་རོགས་ག་ཏེ་ལས་བལྟ་རུང་ རོགས་ཁྱིམ་ཁྱིམ་ཆོག་ཀུ་བཏང་ནུག་སྨ་རེད་གསེས་ དྲེའེ་རིག་ ཨ་ནི་འབད་གཡབ་ས་མཐོང་འོང་གསེས་ཞུ་ནི་ལགས། ད་འ་ནི་འབདཝ་ལས་བརྟེན་ ཆོག་ཀུ་བཏངམ་དང་མ་བཏངམ་གི་བར་ན་འདི་ རང་གིས་མིག་ཏོ་བལྟ་བལྟཝ་ར་ཤེས་ སྟེ་གནམ་མེད་ས་མེད་ཁྱད་པར་ཡོད།
    If there is a flag on the rooftop people will consider it a haven, a proper dwelling. Hoisting the flag on the rooftop indicates that the particular house has done with their annual ritual.
  • དགའ་ལེགས Galley
    ད་འ་ནི་འབདཝ་ལས་བརྟེན་འདི་༼ཏེ་༽འབད་ འེ་་་་བཏང་ཚུགས་མི་གིས་ གནམ་མེད་ས་མེད་དུང་ཆ་འདྲོངས་སྦེ་ཡང་བཏང་མི་ཡོད་གསེས་ཞུ་ནི་ ཆོག་ཀུ་འདི་ལགས། བཏང་མ་ཚུགས་པ་ཅིན་ ཆོསཔ་ཕུད་རྡོག་གཅིག་སྦེ་ ཆོས་སྲུངམ་མཎྡལ་ཅིག་ཡང་བཤགས་ནི་ཡོད་ལགས། སྟེ་མ་པ་འདི་འདི་ ཨ་ཙི་ཅིག་རང་གི་མིག་ཏོ་གུ་ཁྱད་རྒུད་ཅིག་ཨིན། ནང་ཀོ་ནང་གི་ཅ་ལ་གི་མཁོ་སྒྲུབ་འདི་ཅོག་ར་འཐད་གསེས་ཞུ་ནི་ལགས། འ་ནེ་ཅིག་གི་ཁྱད་པར་ཅིག་ར་ཨིན་གསེས་ཞུ་ནི་ལགས། ལགས་སོ་ལགས།
    Because of that, those who can afford to conduct an elaborate annual ritual or those who cannot support an elaborate annual ritual--meaning one with only one lama--this does not make a big difference.