02 May 2013
10 min 18 sec
Video Overview
Creators:
Unknown
Nyendrak gives a brief history of Zhoong Pönru dewa and its historical sites.
- Repgong
- ད་ང་ཚོ་ཞོ་འོང་ཡིན་རྒྱུ་ན།
- སྡེ་བ་བདུན་ཡོད་པ་རེད།
- སྡེ་བ་བདུན་ཡོད་པ་རེད།
- དེའི་ཕན་ཆད་ཀྱི་དེ་ནང་ན་རི་གོང་འོག་གསུམ་པོ་ཡོད་ཀི།
- དེའི་ཕན་ཆད་ན་དགོན་པ་གསུམ་ཡོད་པ་སྔགས་པ་དང་བཅས།
- ང་ཚོར་བླ་མ་ཡིན་རྒྱུ་ན་བླ་མ་གཉིས་ཡོད་པ་རེད།
- གཅིག་ཡིན་རྒྱུ་ན་ཨ་ལགས་ཆུ་དམར་ཚང་རེད།
- གཅིག་ཡིན་རྒྱུ་ན་ཨ་ལགས་ལུག་ར་ཚང་རེད།
- ཁོང་གཉིས་ང་ཚོའི་བཤད་རྒྱུ་ཞིག་ཡོད་པ་སྔས་མགོ་བླ་མ།
- ཤི་བོ་ལ་ལམ་སྣ་འདྲེན་ནི་དང་གསོན་པོ་ལ་བར་ཆད་སེལ་མཁན་ཞིག་ཡོད་པ།
- ད་དཔེ་འཇོག་རྒྱུ་ན་ཕྱི་མའི་ཡུལ་ལ་ལམ་སྟོན་མཁན་ཞིག་ཡོད་པ།
- དེ་རྗེས་ལ་གྲོ་སྐུར་མཁན་ཞིག་ཡོད་པ།
- བླ་མ་འདི་གཉིས་རེད།
- མགོ་སྔས་ནས་གཏུགས་ས་ཞིག་ཡོད་པ་དང་ཕྱག་དད་པས་སྒུར་ས་ཞིག་ཡོད་པ།
- ཨ་ལགས་ཆུ་དམར་དང་ཨ་ལགས་ལུག་ར་གཉིས་ཀ་རེད།
- དེའི་ཕན་ཆད་ན་ང་ཚོར་འབུལ་ས་མཆོད་ས་ཞིག་ཡོད་པ།
- ཞི་གོན་དགོན་པ།
- ལུག་ར་དགའ་སེར་དགོན་པ།
- སྔགས་མང་འདི་ང་ཚོ་ཞོ་འོང་སྡེ་བ་བདུན་པོའི།
- མཆོད་ས་བཀུར་ས་ཞིག་ཡོད་པ་འདི་དག་རེད།
- དེའི་ཕན་ཆད་ན་ང་ཚོ་ཞོ་འོང་གི་སྤྱིའི་ལབ་ཙེ་ཡིན་རྒྱུ་ན་ང་ཚོར།
- སྡེ་བ་རེ་རེ་མིན་པར་ང་ཚོར་ཞོ་འོང་སྤྱིའི་བསྟོད་པ་ཞིག་ལ་ལབ་ཙེ་དེ་འདྲ་གསུམ་ཡོད་པ་རེད།
- གཅིག་གཉན་གྱི་ལབ་ཙེ་རེད།
- འདི་ང་ཚོའི།
- དེ་གཅིག་རེད།
- དེའི་ཕན་ཆད་ནས་གོར་སྔོན་འདི་ཞོ་འོང་གི་རེད།
- སྟག་རྩེ་ཟེར་བ་འདི་ང་ཚོ་ཞོ་འོང་སྤྱིའི་རེད།
- འདི་ཨ་ལགས་ཆུ་དམར་སྐུ་ཕྲེང་སྔོན་མ།
- སྐུ་ཕྲེང་གང་ཡིན་པ་ངས་མི་ཤེས་མོད།
- འདིས་ཞོ་འོང་འདི་ལ་གཉན་་གྱི་ལབ་ཙེ་ཞིག་བསྟད་ན་བཟང་གི་ཞེས།
- དེའི་རྗེས་སུ་ད་ཟེར་དགོས་རྒྱུ་རེད།
- ཞོ་འོང་འདི་ལ་ཨ་ལགས་ཆུ་དམར་སྐུ་ཕྲེང་སྔོན་མ་འདི་ཡིས།
- བཀོད་སྒྲིག་བྱས་ནས།
- ཁོང་ཚང་གི་ཐུགས་བཀོད་ཀྱི་སྟེང་དུ།
- ང་ཚོའི་ལབ་ཙེ་འདི་འདྲ་ཞིག་བསྟོད་བཞིན་ཡོད།
- འདི་གསུམ་པོ་བདུན་པའི་ཚེས་བཅུ་གཅིག་གི་ཉིན་མོར།
- ཞོ་འོང་སྡེ་བ་བདུན་པོ་སྤྱི་ཡིས་བསྟོད་བཞིན་པ་འདི་རེད།
- ད་ཕོ་ཚོགས་ཀྱི་རྒྱུ་ཞིག་སྟེར་ས་ཞིག་ཡོད་པ་དང་།
- མོ་ཚོགས་ཀྱི་ཟས་ཤིག་སྟེར་ས་ཞིག་ཡོད་པ།
- འདི་ཚོ་རེད།
- དེའི་ཕན་ཆད་ནས་སྡེ་བ་རང་རང་བཤད་ན་ང་ཚོ་དཔོན་འབྲུ་རེད།
- དཔོན་འབྲུ་ཟེར་བ་འདི་ཞོ་འོང་གི་སྤྱིའི་མཆེད་ཁུངས་ཡིན་རྒྱུ་ན།
- ང་ཚོ་ཞོ་ར་ནས་མཆེད་དེ་ཡོང་བ་རེད།
- ཞོ་ར་རུ་མཆེད་ནས་ཡོང་བ་རེད།
- ང་ཚོ་དཔོན་འབྲུ་འདི་ཞོ་འོང་དུ་དཔོན་པོའི་སྡེ་བ་རེད།
- ཞོ་འོང་གི་དཔོན་པོ་རྣམས་དཔོན་འབྲུ་སྡེ་བ་ན་ཡོད་པ་རེད།
- འདི་ལ་བཤད་རྒྱུ་ཞིག་ཡོད་པ།
- བཙན་པོ་གཉའ་ཡི་གནོན་མཁན་དང་གཉོམ་ཆུང་འདབ་ནས་སྐྱོར་མཁན་ཟེར་བ་བཞིན།
- ད་ཁོ་ལ་བྱུ་རུ་དམར་པོ་ཏོག་ཅན་ཞིག་ཡོད་པ།
- དེ་ཞོ་འོང་དཔོན་པོ་རེད།
- འདི་ང་ཚོ་ཞོ་འོང་སྡེ་བ་བདུན་པོའི་དཔོན་པོ་རེད།
- ང་ཚོ་དཔོན་འབྲུ་འདི་ལ་ཚོ་བ་བཞི་ཡོད།
- གཅིག་དཔོན་ཚང་ཚོ་བ་རེད།
- གཉིས་མར་མགོ་ཚོ་བ་རེད།
- ད་དུང་འདབ་ཚོ་བ་དང་རུས་རྒྱ་ཚོ་བ།
- ང་ཚོར་འདི་འདྲ་ཚོ་བ་བཞི་ཡོད་པ་རེད།
- ང་ཚོ་སྡེ་བ་ཡིན་རྒྱུ་ན་ལབ་ཙེ་གཅིག་ཡོད་གི།
- ལབ་ཙེ་ཡིན་རྒྱུ་ན་མི་རིགས་ཀྱི་རྐང་རེད།
- ལབ་ཙེ་གན་ལྔ་བའི་ཚེས་པ་ལྔ་ཉིན་སྟོད་པ་རེད།
- ང་ཚོ་དཔོན་འབྲུ་སྡེ་བ་འདི་ལ་སྐྱབས་རེ་ས་ཞིག་ཡོད་པ།
- བཤད་རྒྱུ་ཞིག་ཡོད་པ་ཕོ་ཚོགས་ཀྱི་རྒྱུ་མོ་ཚོགས་ཀྱི་ཟས།
- ད་སྡེ་བ་འདི་ལ་མ་ཉེས་ཀྱི་དོན་དག་ཅི་ཞིག་ཡོང་ན།
- སྐྱབས་རེ་ས་ཞིག་ཡོད་པ་ལབ་ཙེ་གན་རེད།
- དེའི་ཕན་ཆད་ན་ད་དུང་ཚོ་བ་རེ་རེར་ཡང་ལབ་ཙེ་ཡོད་པ་རེད།
- ང་ཚོ་དཔོན་ཚང་ཚོ་བ་ཡིན་རྒྱུ་ན་ལབ་ཙེ་གསུམ་ཡོད་པ་རེད།
- ཨ་མྱེས་ཧུར་མོ།
- དེའི་ཕན་ཆད་ནས་དཔའ་མཁར་དང་བུ་གཡང་།
- འདི་དག་ང་ཚོས་དྲུག་པའི་བཅུ་བདུན་ལ་བསྟོད་པ་རེད།
- འདི་ང་ཚོའི་དཔོན་ཚང་ཚོ་བའི་དཔོན་པོའི་ཚོ་བས་བསྟོད་རྒྱུ་ཞིག་རེད།
- ཚོ་བ་གཞན་པས་བསྟོད་པ་མ་རེད་དམ།
- ཚོ་བ་གཞན་པས་བསྟོད་པ་མ་རེད།
- ང་ཚོའི་མར་མགོ་ཚོ་བ་ཡིན་རྒྱུ་ན།
- ཡང་གཉའ་འདི་ན་སྡོམ་འབུམ་ཞིག་བསྟོད་རྒྱུ་ཡོད་ཀི།
- འདི་ཉི་མ་ཇེ་རིང་ལ་འགྲོ་བའི་ཉིན་དེར་བསྟོད་པ་ཞིག་རེད།
- ཚོ་བ་ཚོ་བ་བྱས་ནས།
- ང་ཚོ་དཔོན་འབྲུ་སྡེ་བ་ལ་ཁྱིམ་ཚང་ཕལ་ཆེར་བདུན་ཅུ་ལྷག་ཡོད་གི།
- ཁྱིམ་ཚང་བདུན་ཅུ་ཡོད་གི།
- མི་གྲངས་བཞི་བརྒྱ་ལྷག་ཡོད་གི།
- ང་ཚོ་ཞོ་འོང་སྤྱི་ལ་ཁྱིམ་ཚང་བཞི་བརྒྱ་འདྲ་ཞིག་ཡོད་རྒྱུ་རེད།
- མི་གྲངས་སྟོང་གཉིས་ལྷག་ཡོད་རྒྱུ་རེད།
- འདི་ངས་སྔོན་ལ་བཤད་ཟིན་པ་ཞོ་འོང་གི་གནས་ཚུལ་ཕལ་ཆེར་འདི་འདྲ་ཞིག་རེད།
- རེད་རེད།
- སྐུ་ཤར་བ་ཡི་ཆ་ལུགས་ཡོད་པ།
- དེའི་ཕན་ཆད་ནས་ང་ཚོའི་དཔོན་པོ་ཡིན་རྒྱུན་ན་ཞག་རོང་དཔོན་པོ་ཡིན་པ།
- ཞོ་འོང་འདི་སྤྱིར་བཤད་ན།
- རང་མགོ་ཐོན་ཏེ་ར་རྟིང་འབྲེང་ནས་བསྡད་ཡོད་པ་ཞིག་ཡོད་ནོ།
- ཞོ་འོང་དཔོན་པོ་གན་རེད།
- མཐའི་མཐའ་ཡི་བདག་པོ།
- གན་བྱུ་རུ་དམར་པོ་ཏོག་གི་བདག་པོ།
- རེད་རེད།
- རྨ་བྱ་དེ་ཕོ་སྒྲོ་ཡི་བདག་པོ།
- ཞོ་འོང་དཔོན་པོ་འདི་རེད།
- ང་ཚོ་ཞོ་འོང་གི་སྤྱིའི་གནས་ཚུལ་ཕལ་ཆེར་དེ་འདྲ་ཞིག་རེད།
- རེད་རེད།
- དཔོན་འབྲུ་སྡེ་བའི་དཔོན་པོ་འདི་ཞོ་འོང་སྤྱིའི་དཔོན་པོ་ཡིན་ནམ།
- ཞོ་འོང་སྤྱིའི་དཔོན་པོ་རེད།
- རེད།
- ཞོ་འོང་སྡེ་བ་བདུན་པོའི་དཔོན་པོ་རེད།
- རེད་རེད། ཁོང་དཔོན་ཚང་ལ་གཏམ་རྒྱུད་འདྲ་ཡོད་དམ།
- ད་ཅི་ཟེར་དགོས་པ་རེད།
- སྔོན་ཆད་ཀྱི་དཔོན་པོ་འདི་ལྟར་དཔོན་པོར་བསྡད་པ་རེད།
- ད་དུང་དཔོན་པོ་ཡི་མི་རྒྱད་ད་དུང་ཡང་འདི་ལྟར་འདི་ལྟར་ཡོད་ཅེས།
- དེ་ལྟར།
- དཔོན་པོ་འདི།
- སྤྱིར་དང་པོ་ཕྱུར་བ་ནས་མཆེད་དེ་ཡོང་དུས།
- དཔོན་པོ་བརྟན་འཛིན་ཞེས་དེ་འདྲ་ཞིག་ཡོད་གི།
- ངས་དེ་ལྟར་བཤད་ན་ང་ཚོའི་ལོ་རྒྱུས་དང་འདྲ་བོ་ཡིན་མིན་མི་ཤེས།
- གསལ་བོ་ལོ་རྒྱུས་སུ་བཙལ་དགོས་པ་རེད།
- ཕལ་ཆེར་ང་ཚོས་མདོར་བསྡུས་ཤིག་བཤད་ན་དེ་འདྲ་ཞིག་རེད།
- དེ་ནས་འདི་ལ་ཡར་གྱི་ཕྱུར་བ་ཡོང་བའི་དུས་སུ།
- སྔོག་གི་ཆོས་མེད་སྟོབས་ལྡན་ཟེར་བ་དེ་ཡིས་ཁྱོད་མར་ལ་བབས་ནས།
- ཁྱོད་མར་ལ་དགུ་རོང་པད་མ་དགུ་འདུས་ཀྱི་ས་ཆ་འདིར་སོང་ནས།
- སྐུ་ཚེ་ཧྲིལ་བའི་བྱ་བ།ཨི་ལམ་ཕྱོགས།
- ད་འུ་གཉིས་ལ་ལམ་ཕྱོགས་འདྲ་བོ་དེ་ན་ཡོད་ཀི།
- དེའི་སྟེང་ནས་འདིར་ཡོང་ཏེ།
- འདི་ནས་མར་ལ་ཤེལ་དགོན་གྲུབ་གནས་འདིར་ཡོང་ནས།
- བཅུ་གཅིག་ཤེལ་གྱི་དགོན་པ་ཞེས་པ་འདིར་ཡོང་ནས།
- འདི་ནས་དཔེ་འཇོག་རྒྱུ་ན།
- སྡེ་བ་འདིའི་དཔོན་པོ་ཡི།
- ཨ་མ་ཞོ་འོང་ཞུ་ནས་བསྡད།
- དཔོན་པོའི་ཕ་འདི་ནས་བསྡད།
- སྤུན་ཁ་ཤས་སྲིང་མོ་ལྟ་བུ་ཆུ་མ་དང་བཅས་པར་སོང་།
- དེ་ལྟར་ང་ཚོར་ལོ་རྒྱུས་ཞིག་སྔོན་ནས་བཟུང་སྟེ་ཡོད་པ་རེད།
- གསལ་བོ་ཞིག་ཡོད་མོད་ངས་བཤད་པ་ང་ཚོའི་ལོ་རྒྱུས་དང་འདྲ་མིན་གསལ་བོ་ཞིག་མི་ཤེས་མོད།
- ང་ཚོས་རང་བཞིན་གྱི་ཁ་བརྡ་བྱས་ན་དེ་འདྲ་ཞིག་རེད།
- དེ་ནས་ཕྱིར་ཡོང་ནས་ང་ཚོ་ཡིན་རྒྱུ་ན་ཡང་།
- སྐབས་ཤིག་ལ་ལོ་ལོན་ཚོས་བཤད་ན།
- དཔོན་པོ་དང་ང་ཚོ་དཔོན་ཚང་ཚོ་བའི་ནང་གི།
- ནང་གོང་མ་ཞེས་དེ་འདྲ་ཁྱིམ་ཚང་ལྔ་འདྲ་ཞིག་ཡོད་པ་རེད།
- དེ་རེས་མོས་བྱེད་པ་ཞིག་ཡིན་པ་རེད།
- རེད།
- དེ་ལྟར་རེས་སྐོར་རྒྱུ་ཞིག་ཡིན་པ་རེད།
- དེའི་རྗེས་སུ་རང་རང་གི་སྐབས་ཀྱི་དཔོན་པོ་དེ་འཁྱོངས་ནས་ཁྱིམ་ཚང་འདིས་བཟུང་བ་རེད་ཟེར།
- འདིས་བཟུང་ནས་ལོ་ཅི་འདྲ་ཞིག་འགོར་བ་མི་ཤེས་མོད།
- དེའི་སྐབས་ཀྱི་ཚུན་ཆད་ནས་ཁོང་གིས་བཟུང་སྟེ།
- ད་བར་ཡིན་ན་ཡང་།
- ལ་ལུང་ཞིག་ལ་འགྲོ་ན་ཅི་ཞིག་བྱེད་དགོས་ན།
- ད་ཅི་ཞིག་བྱེད་དགོས་ན་བླ་མ་ཞིག་ཞུ་དགོས་ན།
- ཅི་ཞིག་བྱེད་དགོས་ན་དཔོན་པོ་ཁོང་ཚང་ལ་མགོ་སྤྲད་ནས།
- རེད།
- དེ་འདྲ་འགྲོ་བ་དེ་འདྲ་ཞིག་རེད།
- ད་ལྟའི་དཔོན་པོའི་མིང་ལ་ཅི་ཟེར།
- དཀོན་མཆོག་བཀྲ་ཤིས་ཟེར་བ་རེད།
- རེད་རེད།
- ད་དེ་རིང་གནངས་ཀ་ང་ཚོ་ཞོ་འོང་གི་དཔོན་པོ་བྱེད་བཞིན་པ་དཀོན་མཆོག་བཀྲ་ཤིས་རེད།
- རེད།
- དཔོན་པོ་སྔོན་མ་རྣམས་ངས་གསལ་བོ་མི་ཤེས།
- ཁ་ཤས་ཤིག་ཤེས་མོད་ད་ལྟའི་དཔོན་པོའི་མིང་ལ་དཀོན་མཆོག་བཀྲ་ཤིས་ཟེར་བ་རེད།
- དགུང་ལོ་བཞི་བཅུ་ལྷག་རེད།
- རེད་རེད།
- ཤེལ་དགོན་འདི་ཅུང་ཟད་ཁྱད་པར་ཅན་རེད།
- ཤེལ་དགོན་གྲུབ་གནས་རེད།
- རེད།
- ཁོ་རང་གྲུབ་གནས་བརྒྱད་པོའི་ནང་གི་མགོ་ན་ཡོད་པ་རེད།
- བཅུ་གཅིག་ཤེལ་གྱི་དགོན་པ།
- རེད།
- དེ་ང་ཚོའི་བྱང་ཕྱོགས་ན་ཡོད་པ་རེད།
- ཤེལ་དགོན་པ་དེ་ཡར་ཕྱོགས་འདི་ན་ཡོད་པ་རེད།
- དེ་ལ་མཇལ་དུ་ཡོང་མཁན་དང་།
- གཞན་གྱི་འགྲུལ་བ་དང་མཇལ་དུ་ཡོང་བ་ཧ་ཅང་མང་བ་རེད།
- དེའི་ཕན་ཆད་ནས་ཡང་སྟེང་ཟེར་བ་འདི།
- རྫོགས་ཆེན་ཆོས་དབྱངས་སྟོབས་ལྡན།
- ང་ཚོའི་སྡེ་བ་འདི་ནས་འཁྲུངས་པ་རེད།
- འདི་ནས་འཁྲུངས་བ་ཨེ་རེད།
- སྡེ་བ་འདི་ནས་འཁྲུངས་པ་རེད།
- སྡེ་བ་འདི་ནས་འཁྲུངས་ཏེ་ཁོང་ཚང་འདི་ནས་མཚམས་ཁང་དུ་སོང་སྟེ།
- ཁོང་གིས་དཔེ་ཆ་ཚང་མ།
- འདི་ནས་དཔེ་ཆ་སྣ་ཁ་འགའ་ཞིག་ཟེར་བ་རེད།
- ཡང་སྟེང་འདི་ནས་དཔེ་ཆ་དེ་ཚང་མ་བྲིས་ཏེ།
- རེད།
- ང་ཚོའི་སྡེ་བ་འདི་ནས་འཁྲུངས་ཏེ་སྡེ་བ་འདི་ནས་བསྡད་པ་དེ་འདྲ་ཞིག་རེད།
- ང་ཚོའི་ཡང་སྟེང་འདི་ན་ཡང་མཚམས་ཁང་ཞིག་ཡོད་པ་རེད།
- རེད།
- ན་ནིང་ཡང་བསྐྱར།
- རྫོགས་ཆེན་ཆོས་དབྱངས་སྟོབས་ལྡན་འདི་ཀོའུ་སྡེ་ན་འཁྲུངས་ཡོད་པ་རེད།
- དེ་ཡོང་ནས་ན་ནིང་འདི་ནས་མཚམས་ཁང་ཞིག་ལས་ཏེ།
- རེད།
- ང་ཚོའི་དཔོན་འབྲུའི་གནས་ཚུལ་དེ་འདྲ་ཞིག་རེད།
- དེ་ནས་ད་དུང་སྒོ་མང་སྒ་ཡོད་པ་རེད།
- སྒོ་མང་ལྷ་སྒ་ཡོད་པ་རེད།
- རེད་རེད།
- སྒོ་མང་ལྷ་སྒ་དེར་ང་ལ་གསལ་བོ་ཞིག་བཤད་རྒྱུ་མེད་མོད།
- སངས་རྒྱས་ཀྱིས་གསལ་བོ་ཤེས་པ་རེད།
- དེ་ཡིན་རྒྱུ་ན་ཚང་མ་མཇལ་བ་དང་མཚམས་པ་རྣམས་མཚམས་ལ་འདུག་ས།
- དེ་འདྲའི་ཁྱད་པར་ཅན་ཞིག་རེད།
- རེད་རེད།
- དེའི་རྗེས་ལ་སྙིང་རྒྱ་ཡི་གན་བཤད་མ་དགོས་པ་སྐྱ་རིང་མཚམས་ཁང་རེད།
- རེད།
- འདི་ཡིན་རྒྱུ་ན་སྐྱབས་མགོན་ཚོགས་དྲུག་རང་གྲོལ་འཁྲུངས་སའི་སྡེ་བ་རེད།
- ང་ཚོའི་ཞོ་འོང་ཐོག་གི་འཁྲུངས་རབས་བཤད་ན།
- རེད།
- སྙིང་རྒྱ་ནས་འཁྲུངས་པ་རེད།
- གན་ན་སྐྱབས་མགོན་མཚམས་ཁང་ཞེས་ད་ལྟ་མཇལ་དུ་ཡོང་མཁན་དང་།
- ད་ཡོང་ནས་མཚམས་ལ་འདུག་མཁན་མཚམས་ལ་བསྡད་ནས།
- དེ་ལྟར་བསྡད་ཡོད་པའི་གྲྭ་བ་ཁྱད་པར་ཅན་ཞིག་རེད།
- རེད་རེད།
- མཁར་ནང་བ་ཟེར་བ་དེ་ཞོ་འོང་སྤྱིའི་སྔགས་མང་རེད།
- དགོན་པ་ཡིན་རྒྱུ་ན་ཞེ་དྲུག་དང་རྟ་འཕེལ་ཁོ་ཚོའི་སྡེ་བའི་མར་ཕྱོགས་ན་ཡོད་པ་རེད།
- སྒར་སོ་མ་ང་ཚོའི་འདི་ཕྱོགས་ན་ཡོད་པ་རེད།
- རེད་རེད།
- ཞེ་དྲུག་གི་གཉའ་གན་ན་ཡོད་པ་རེད།
- སྔོན་ན་བཤད་པའི་ལུག་ར་སྒར་སེར་ཟེར་བ།
- ཨ་ལགས་ལུག་ར་དགོན་པ་དེ་ནས།
- དགོན་པ་གཉིས་ཡོད་པ་རེད།
- དགོན་པ་གཅིག
- ཨ་ལགས་ཆུ་དམར་ཡིན་ན་ཤེལ་དགོན་གྱི་བླ་མ་རེད།
- ཨ་ལགས་ལུག་ར་ཡིན་ན་སྒར་སོ་མ་ན་བཞུགས་པ་རེད།
- སྤྱིར་བླ་མ་ཁོང་གཉིས་ཞོ་འོང་གི།
- མགོར་ཡོང་ན་ཕྱག་དད་པས་སྒུར་ས་ཞིག་ཡོད་པ་ཁོང་གཉིས་རེད།
- དེའི་དགོན་པ་གན་ན་ཡོད་པ་རེད།
- ང་ཚོའི་དགོན་པ་གསུམ་པོའི་གནས་ཚུལ་སྤྱིར་དེ་འདྲ་ཞིག་རེད།
- ང་ཚོ་ཞོ་འོང་ལ་སྤྱིར་ཁྱད་པར་ཅན་ཞིག་ཡོད་པ་དེ་འདྲ་ཞིག་ཡིན་ཁ་རེད།
- རེད་རེད།