Skip to main content Skip to search
23 Aug 2018
3 min 35 sec
Video Overview
Creators: 
Penchela, Namgay L Wangchuk

This bay reportedly orginated from Tibet. This was also about how Lhasa, Tibet originated. It was quite difficult for the organizers since there were fewer people performing zhey, so performers were given some money to dance. Although there are different types of zhey, the zhey at Ngang Lhakhang was totally unique. In the past the zhey was performed at Threphel Lhakhang. After the Lama instructed to move, they rebuilt the lhakhang and performed a lhakhang consecration.

 

གཞས་འདི་ཁོང་གིས་བཤད་དོ་བཟུམ་ འབད་བ་ཅིན་བོད་ལས་ འབྱུང་འབྱུངམ་ཨིན་མས།  འདི་ཡང་བོད་ལྷ་ས་ ཆགས་པའི་ཆགས་ཚུལ་ སྐོར་ལས་ ཚིག་ཡོད་ནི་འདི་གི་ཨིན་མས།  གཞས་འདི་ ཧེ་མ་བཟུམ་འབད་རང་རྐྱབ་རུང་ ད་རེས་ནང་པ་རྐྱབ་མི་ མི་ མེད་ནི་འདི་གིས་ ཏི་རུ་བྱིན་འདི་རྐྱབ་དགོཔ་མཐོན་དོ་ ཡོདཔ་ཨིན་མས། འདུག གཞས་འདི་ཚུ་ ངང་ལྷ་ཁང་གི་ རབས་གནས་གང་མ་བཏོག་ གཞན་ཁ་ལས་ཕར་ རྐྱབ་ནི་མི་འདུག། མ་གཞི་གིས་ གཞས་འདི་ཚུ་ མ་འདྲཝ་ལེ་ཤ་ཡོད་རུང ་ངང་ལྷ་ཁང་གི་གཞས་འདི་ གཞན་དང་མ་འདྲཝ་ཅིག་རང་འདུག།  གཞས་འདི་ཡང་ ཧེ་མ་འབད་བ་ཅིན་ ལྷ་ཁང་ ཕྲས་འཕེལ་ཟེར་ས་ཨིན་མས། དེ་ལས་ བླ་མ་གི་ཕྱག་མདའ་གནང་འདི་ ད་ལྟོག་ལྷ་ཁང་ཡོད་སར་ཨིནམ་དང་ དེ་ལས་ བླམ་གི་ལྷ་ཁང་འདི་ཡང་ ནང་ལུ་ རྐྱབ་ དེ་ལས་རབས་གནས་གནངམ་ད་ལུ་ཡང་ གཞས་འདི་ཡང་མགོ་བཙུགས་གནང་ནུག་ཟེར་ ཨིན་མས།

 

Transcript search
No results found for this search
0 of 0
  • ནོར་བུ་བསྟན་འཛིན Norbu Tenzin
    ཏེ་ད་གཞས་འདི་ བྱུང་ས་འདི་འབད་བ་ཅིན་ ཡར་བོད་ལས་མར་བྱུང་བྱུངམ་ཨིན་མས་ལགས
  • ནོར་བུ་བསྟན་འཛིན Norbu Tenzin
    བོད་ལྷ་ས་ཆགས་བའི་ཆགས་ཚུལ་ཚུ་ཡང་གཞས་ཀྱི་ཚིག་ནང་ འ་ནཱི་འདི་ཚུ་ ཡོད་དགོ་མི་ཚིག་འདི་ཚུ་ཡང་ གནམ་མེད་ས་མེད་བྱིན་ཅན་ རྩ་ཆེན་ཨིནམ་ལས་བརྟེན་ཏེ་ ཏེ་མཁས་གྲུབ་ནམ་མཁའ་བསམ་གྲུབ་ཀྱིས་ གདན་ས་འདི་ཡང་ དང་པ་ཕར་ཕྲས་ཕལ་ལུ་བཅགས་ནུག
  • ནོར་བུ་བསྟན་འཛིན Norbu Tenzin
    ཕྲས་པའི་ལས་ ཨ་ཙི་ཅིག་ཕར་སྟབས་མ་བདེ་བས་ཟེར་ གདན་ས་སྤོ་དགོ་པས་ཟེར་ ཕྲས་པའི་ལས་ཚུར་ཕྱག་མདའ་གནང་སྟེ་ ཕྱག་མདའ་འདི་ ནཱ་ངང་ལྷ་གང་ནང་ཕོག་ནུག་ལགས་ ཏེ་ངང་ལྷ་གང་ནང་ ད་ལྟོའི་བར་ན་ཡང་མཇལ་ནི་ཡོད་ལགས་ མཆོད་རྟེན་ཆུང་ཀུ་ཅིག་ཡང་ཡོད།
  • ནོར་བུ་བསྟན་འཛིན Norbu Tenzin
    འ་ནཱི་དང་རིགས་འགྲེ་སྟེ་ ནཱ་གཙུག་ལག་ཁང་ཅིག་ཡང་བཞེངས་ གཙུག་ལག་ཁང་གི་གདོང་ཁར་ སྐུ་འཆམ་གནང་ས་ཡང་བཟོ་སྦེ་ ཏེ་གདན་ས་འདི་བཅགས་བའི་ཉིནམ་ལས་ རྟེལ་འབྲེལ་གྱི་ཚུལ་དུ་ ཏེ་གཞས་འདི་ཚུ་གནང་ འདི་ཚུ་དེ་སྦེ་བཙུགས་གནང་ནུག་ཟེར་ཞུ་ནི་ཨིན་ལགས།
  • ནོར་བུ་བསྟན་འཛིན Norbu Tenzin
    ཏེ་དེ་ལས་ནཱ་ ཏའཆམ་རྐྱབ་མི་ཚུ་གིས་ཁ་ཐུག་ལས་ཡང་ ཏེ་ས་ཆགས་གནམ་ཆགས་ཟེར་ ག་ཏེ་ཡང་འདུག་དེ་འདི་ཏེ་ ད་ས་ཆགས་ཚུལ་ས་མཚམས་བཅད་ འ་ནཱེ་སྦེ་ ང་བཅས་གཞས་ཀྱི་ཁ་ཐུག་ལས་སྦེ་འདི་འབད་རུང་ རྒྱ་ན་མ་གུ་རུ་རྡོ་རྗེ་གདན་འདི་ རྡོ་རྗེ་གདན་གྱི་བྱང་ཕྱོགས་ནང་ བོད་ཁ་བ་ཅན་གྱི་རི་ཅིག་ཡོད་ཟེར།
  • ནོར་བུ་བསྟན་འཛིན Norbu Tenzin
    དེ་ལས་ཡར་ལྷ་ས་འདི་ཚུ་ ག་དེ་སྦེ་ཆགས་ཚུལ་ཡོད་ག་ སྲིན་པོ་འདི་གན་རྒྱལ་བུའི་དོན་ཧིང་གུར་༼སྙིང་ཁར་༽ལྷ་ས་ཆགས་འདི་ཡོད་ཨིན་ཟེར་ ཏེ་འ་ནཱེ་སྦེ་ནི་འདི་གི་དང་ཕུ་ལས་ ཧེ་མ་ཧེ་མ་ང་བཅས་ལུ་ ཁྲམ་ཅིག་འདུག་ལགས།
  • ནོར་བུ་བསྟན་འཛིན Norbu Tenzin
    ཏེ་ཁྲམ་འདི་བསམ་ཐང་གདུང་གི་ཁྱིམ་འདི་ ཏེ་མེ་མཆོད་བཞེསཔ་ལས་བརྟེན་ ཏེ་ཁྲམ་འདི་ཉམས་ནི་བཟུམ་ཡར་སོང་ཡི་ ཨིན་རུང་ཁོང་ཕམ་བསོད་ནམས་ཅན་ཚུ་གིས་ ང་བཅས་ཀྱི་བརྒྱུད་པ་འ་ནཱེ་སྦེ་ཨིན་ཟེར།
  • ནོར་བུ་བསྟན་འཛིན Norbu Tenzin
    དང་ཕུ་གི་ མི་འདི་ན་མེད་ས་མེད་ཀྱི་གཏམ་དང་ དེ་ལས་གཞན་ཡང་ བརྒྱུད་བཟུམ་ལུ་གཙོ་བཏོན་བཞུགས་མི་ཅིག་ཨིནམ་ལས་བརྟེན་ ད་རུང་ཁྲམ་གསརཔ་སྦེ་བཞེངས་གནང་ནུག་ཟེར་ཞུ་ནི་ཨིན་ལགས་ བཞེངས་སྦེ་ང་བཅས་ཀྱི་སྐབས་ལུ་ཡང་ ད་ཕམ་གྱི་བརྒྱུད་ཡར་ལས་ཨེབ་སྦེ་ཕྱག་ཞུ་དོ་ཟེར་ཞུ་ནི་ཨིན་ལགས།
  • ནོར་བུ་བསྟན་འཛིན Norbu Tenzin
    ད་ཞུ་དགོ་པའི་གནས་དོན་འདི་ཡང་ འ་ནཱི་ཚེས་བཅུ་འདི་གནམ་མེད་ས་མེད་རྩ་ཅན་ཅིག་ཨིན་ལགས་ ང་བཅས་ནཱ་གི་ཚེས་བཅུ་བཟུམ་ ས་གཞན་ཁར་མེད་ལགས་ སྒྲིག་ཁྲིམས་ལས་སྦེ་འདི་འབད་རུང་ སྒྲིག་འདི་མེད་པ་ཅིན་ལྷ་འདྲེ་མི་གསུམ་རྣ་བ་གཅིག་ཨིན་ཟེར།
  • ནོར་བུ་བསྟན་འཛིན Norbu Tenzin
    ང་བཅས་རའི་གཏམ་ ཁ་གཏམ་ན་ཡང་དེ་སྦེ་སླབ་སྲོལ་འདུག་ ཨིན་ཡང་ཨིན་མས་ལགས་ ཏེ་སྒྲིག་མེད་པ་ཏེ་ ཚེ་བཅུ་བཙུགས་སྦེ་དེ་སྦེ་འབད་བ་ཅིན་ ང་བཅས་རའི་མིག་ཁར་མ་མཛེསཔ་བཟུམ་ དཀོན་མཆོག་འདི་ཚུ་ཡང་ཐུགས་མ་དགྱེས་ ཐུགས་མ་དགྱེས་བཞིན་དུ་ཆར་ཆུ་དུས་ལུ་མ་བབས།
  • ནོར་བུ་བསྟན་འཛིན Norbu Tenzin
    ལོ་ཕྱུགས་རྟག་ཏུ་མ་ལེགས་ མི་ནད་ཕྱུགས་ནད་ཚུ་ རྒྱུན་མ་ཆོད་པར་འོང་ནི་ཉེན་ཁག་ཡོདཔ་ལས་བརྟེན་ཏེ་ སྔར༌ཕམ་གྱི་ག་འབད་མི་འདི་སྦེ་ ང་བཅས་ཀྱིས་ ད་ལྟོ་ཚུན་ཚོད་ཀྱི་བར་དུ་ཡང་ བརྩི་སྲུང་འབད་འདི་ར་ ཞུ་དོ་ཟེར་ཞུ་ནི་ཨིན་ལགས།