Video Overview
Penjor Tshering from Tendruk Gewog in Samtse Dzongkhag narrated a history of Tashigang Goenpa. He enumerated the annual events and sacred relics of this sacred temple. The relics include Avaloketeshvara, Buddha Amitayus, Buddha Ashobhya, Shakyamuni Buddha and Guru Rinpoche. The main events held in the temple include: a fasting during the two most auspicious months of the Bhutanese calendar, the first and seventh months; and a canonical recitation of the Kanjur, which was held in the temple on annual basis until the earthquake hit the region. The temple was damaged in the earthquake, and people cannot attend events inside.
བསམ་རྩེ་རྫོང་ཁག་ ཏན་འབྲུ་རྒེད་འོག་ནང་ལས་ དཔལ་འབྱོར་ཚེ་རིང་གིས་ བཀྲ་ཤིས་སྒང་དགོན་པ་གིས་སྐོར་ལས་ ལོ་རྒྱུས་བཤད་དེ་ཡོདཔ་ཨིན། ཁོ་གིས་ དགོན་པ་གིས་ ནང་རྟེན་རྩ་ཅན་དང་ ལོ་ལྟར་དུས་སྟོན་གྱི་སྐོར་ལས་བཤད་དོ་ཡོདཔ་ཨིན། དགོན་པ་འདི་ནང་ ནང་རྟེན་ཚུ་ཡང་ སྤྱན་རས་གཟིགས་དང་ སངས་རྒྱས་ཚེ་དཔག་མེད་ སངས་རྒྱས་མི་བསྐྱོད་པ་ སངས་རྒྱས་བཅོམ་ལྡན་འདས་ དེ་ལས་ གུ་རུ་རིན་པོ་ཆེ་གིས་ སྐུ་འདྲ་ཚུ་ཡོདཔ་ཨིན་མས། དེ་འབདཝ་ལས་ དགོན་པ་འདི་རྩ་ཅན་ཅིག་སྦེ་བརྩིཝ་ཨིན་མས། དེ་བཟུམ་སྦེ་རང་ ཟླཝ་དང་པ་དང་ བདུན་པ་ ག་ནི་བ་རྩ་ཆེ་བའི་ཟླཝ་གཉིས་ཀྱི་སྐབས་ལུ་ མྱུང་གནས་སྲུང་ནིའི་ལས་རིམ་ཡང་ཡོདཔ་ཨིན་མས། དེ་མ་ཚད་ ལོ་ལྟར་བཞིན་དུ་ བཀའ་འགྱུར་ལྷག་ནིའི་ལས་རིམ་ཡོདཔ་ཨིན་རུང་ ས་ཡོམ་གྱི་ལྷ་ཁང་འདི་ སྐྱོན་ཞུགས་ནི་འདི་གིས་ མི་ཚུ་གིས་ ལས་རིམ་འདི་ནང་གྲལ་གཏོགས་འབད་མི་བཏུབ་དོ་ཡོདཔ་ཨིན་མས།
- Tendu
- Samtse
- དཔལ་འབྱོར་ཚེ་རིང་ངེའི་མིང་འདི་ དཔལ་འབྱོར་ཟེར་སླབ་ཨིན། དཔལ་འབྱོར་ཚེ་རིང་ཟེར་ ཏེ་ང་བཀྲིས་བསྒང་དགོན་པ་ཨིན་ལགས་མཚན་འདི་ ནཱ་གི་རྟེན་ངོ་མ་འདི་ སྤྱན་རས་གཟིགས་ཨིན་ལགས།
- དཔལ་འབྱོར་ཚེ་རིང་ཏེ་ལྷ་ཁང་འདི་ གནམ་་་་་ གནམ་ལོ་འ་ནཱིམ་ཅིག་ལུ་ ཨིན་ཟེར་འདི་སླབ་མི་ཚུགས་པས། ཏེ་ནང་རྟེན་ངོ་མ་འདི་སྤྱན་རས་གཟིགས་ དེ་ལས་ཚེ་དཔག་མེད་ མི་འཁྲུགཔ་ སངས་རྒྱས་ གུ་རུ་ སྒྲོལ་མ་ཡོད་ཟེར་ཞུ་ནི་ལགས།
- དཔལ་འབྱོར་ཚེ་རིང་ཏེ་ལྷ་ཁང་ནང་འདི་ ཚེས་བཅུ་འདི་ ཟླཝ་དང་པ་ དང་པ་རྐྱངམ་ཅིག་ དང་པ་དང་བདུན་པ་རྐྱངམ་ཅིག་སྨྱུང་གནས་སྲུངམ་ཨིན་ལགས་ ཉིམ་གསུམ། དེ་ལས་ནཱ་ལུ་ ཚེས་བཅུ་འདི་ རྒྱུན་ཚུ་ག་ར་འ་ནཱི་སྦེ་བཟུངམ་ཨིན་ ཟེར་ཞུ་ནི། ཚེས་བཅུ་འདྲཝ་དང་ འ་ནཱི་ག་ར་ འ་ནཱི་སྦེ།
- དཔལ་འབྱོར་ཚེ་རིང་ཏེ་ད་རུང་ ད་རེས་བཀའ་འགྱུར་ཅིག་ལྷག་ནི་ཡོད་ ཟེར་ཞུ་ནི་ལགས་ ལྷ་ཁང་གསརཔ་ནང་འབད་དེ་ ཏེ་ནཱ་ལྷ་ཁང་འདི་འ་ནཱི་བཟུམ་འབད་དེ་ ས་ཡོམ་གྱིས་འ་ནཱི་བཟུམ་མེདཔ་བཏང་སྦེ་ འ་ནཱི་བཟུམ་དཀའ་ངལ་ འ་ནཱི་སྦེ་ཕོག་སྟེ་ ཆོསཔ་འདི་ཚུ་གིས་ ནཱ་སྨྱུང་གནས་བསྲུང་ནི་གི་ ནེམ་ཁ་ལེན་མི་བཏུབ་པས་ ཟེར་ཞུ་ནི།
- དཔལ་འབྱོར་ཚེ་རིང་གནམ་མེད་ས་མེད་དཀའ་ངལ་ཕོག་ ནཱ་འ་ནཱི་བཟུམ་སྦེ་ ནཱ་ལྷ་ཁང་འདྲོག་སི་སི་ཨིན་པས་ཟེར་ བླམ་འདི་ཚུ་གིས་འ་ནཱི་སྦེ་གསུངམ་མས་ཟེར་ ཏེ་རྣམ་རྟོག་(ཤི་རི་?)བསྐྱེད་ནི་འདི་ ཏེ་འ་ནཱི་སྦེ་ ལ་ལུ་ཅིག་གིས་ལྟ་མ་ཁྱོད་ ནཱ་ཡོན་ཆབ་ཕུལ་སྡོདཔ་ད་ ས་ཡོམ་རྐྱབ་འ་ནཱི་བཟུམ་འབདཝ་ད་ཁྱོད་ འ་ནཱི་བཟུམ་འབད་འོང་ཟེར།
- དཔལ་འབྱོར་ཚེ་རིང་ད་ང་ ལྷ་ཁང་འ་ནཱི་བཟུམ་ ལྷ་ཁང་དགོན་སྡེ་ནང་འ་ནཱི་བཟུམ་ཅིག་འབད་ཚུགསཔ་འདྲཝ་ཅིག་འབད་བ་ཅིན་ ང་ར་གནམ་མེད་ས་མེད་ཚོགས་བསག་འོང་ཟེར་ འ་ནཱི་སྦེ་ སེམས་ཁར་འ་ནཱི་མནོ་སྦེ་ ཕྱག་ཞུཝ་ཨིན་ ཟེར་ཞུ་ནི། ང་ད་ལྟོ་ དཀོན་གཉེར་སྡོད་སྦེ་ ལོ་གསུམ་འགྱོ་ཡི་ལགས།
- དཔལ་འབྱོར་ཚེ་རིང་ལྡེབ་རིས་དང་འ་ནཱི་ཚུ་གི་འདི་ ང་བཅས་ཀྱི་ཧེ་མ་དང་ཕུ་ང་བཅས་དྲན་ཞིནམ་ད་ལས་ འ་ནཱི་སྦ་ལེབ་སྦེ་བཀབ་སྡོདཔ་ད་རང་ ག་ར་འ་ནཱི་བཟུམ་སྦེ་ ནཱ་ཆོས་འདི་ཚུ་ ཆོས་ག་ར་མེདཔ་བཏང་སྦེ་ ཆརཔ་གིས་འབད་སྦང་སྦེ་ ག་ར་མེདཔ་བཏང་ནུག ལྷ་ཁང་གནགཔ་སྦེ་འགྱོ་མི་དེ་ཡང་ འ་ནཱི་ཨིན་མས།། །།