Video Overview
A local scholar gives a brief history of the Songtsen Temple on top of Songtsen Gampo's tomb in the Chongyé area.
- Lhokha
- Songtsen Lhakhang
- ཚེ་རིང་རྒྱལ་པོ།ལགས་ཟེ་དགེ་འདུན་ལགས་འདི་ཀྲོང་བཙན་གྱི་ལོ་རྒྱུས་དང་ཀྲོང་བཙན་གྱི་ཉེ་འཁོར་དང་གཡས་གཡོན་གྱི་དེ་གས་ལོ་རྒྱུས་རབ་ཙམ་ཅིག་གསུང་རོགས་གནང་།
- དགེ་འདུན།ལགས་ཟེ། འདའི་ཨ་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་བང་སོའི་སྒང་ཡ་གའི་ཨ་ནི་ལྷ་ཁང་འདི་འདྲས་ཅིག་ཡོའོ་རེད་དེ་ལྷ་ཁང་དེའི་མིང་ལ་སྲོང་བཙན་ལྷ་ཁང་ཟེར་གྱི་ཡོའོ་རེད། སྲོང་བཙན་ལྷ་ཁང་དེ་ཨ་ནི་ཐོག་མ་ཆ་བཞག་ན་བང་སོ་ཕྱག་བཏབ་པའི་སྐབས་ལ་ཆ་བཞག་ན་འདིའི་སྒང་ལ་ལྷ་ཁང་དེ་འདྲས་མེད་པ་འདྲ།
- ཚེ་རིང་རྒྱལ་པོ།ལགས་འོང་།
- དགེ་འདུན།ཨ་ནི་གཙོ་བོ་ཨ་ནི་བང་སོ་དཀྲུང་མཁན་༼བསྲུང་མཁན་༽དེ་འདྲས་ཅིག་ཡོད་པ་བྱས་ཡིན་ནའི་ལའི་ཡང་དེབ་རྡེའུ་ཆོས་བྱུང་རེད་ཡའི་ད་གང་ལྟར་དེབ་ཐེར་གཅིག་ནང་ལ་ངས་གསལ་པོ་ཞེ་དྲག་དྲན་ཡས་བསྡད་མི་འདུག་དེའི་ནང་ལ་ཆ་བཞག་ན་ཨ་ནི་ལྷ་ཁང་བང་སོ་འདིའི་སྒང་ལ་ཕྱོགས་བཞི་ལ་ལྷ་ཁང་ཆུང་ཆུང་རེ་རེ་བཞེངས་པ་རེད་གསུང་གིས་ཡིན་ནའི་ལའི་དེ་ཨནི་ད་ལྟ་ཤུལ་ཙམ་ཅིག་ཡའི་མཐོང་ཡས་མི་འདུག།
- ཚེ་རིང་རྒྱལ་པོ།ལགས་ཟེ།
- དགེ་འདུན།འདིའི་སྒང་ལ་ཡོད་པའི་ལྷ་ཁང་དེ་ཨ་ནི་དས་རབས་བཅུ་གསུམ་ནང་ལ་ཆ་བཞག་ན་མངའ་བདག་མྱང་གི་རྒྱུད་པ་དེ་འདྲས་ད་དེ་འདྲས་ཅིག་གི་བླ་མ་དེ་འདྲས་གས་ད་གཞུག་ལ་ལྷ་ཁང་དེ་འདྲས་བཞེངས་པ་རེད་ཟ།ས
- ཚེ་རིང་རྒྱལ་པོ།ལགས་ཟེ
- དགེ་འདུན།སྔོན་མག་མི་དཀྲུང་ས་ཡོའོ་རེད་པ་མི་དཀྲུང་ཡན་བསྡོད་ཡན་བསྡད་ས་རེད་ཟ་རེད་པ་ལ་ད་བང་སོ་དཀྲུང་ཡན་བསྡད་ས་ད་གཞུག་ལ་དཀྲུང་ཡན་དེ་བསྡད་ས་དེའི་སྒང་དའི་ལྷ་ཁང་ཅིག་རྒྱབ་ལྷ་ཁང་དེའི་སྒང་དའི་ཨ་ནི་གཙོ་བོ་རྒྱལ་པོ་སྲོང་བཙན་སྒམ་པོ་དང་ཨ་ནི་ཨ་ཆེ་རྒྱ་བཟའ་བལ་བཟའ་དེ་མིན་གྱི་བློན་པོ་མགར་བ་ལ་སོགས་པའི་ཨ་ནི་བོད་ཀྱི་ད་ལོ་རྒྱུས་ཐོག་ལ་ད་བཙན་པོའི་སྐབས་ཀྱི་སྐད་གྲགས་ཡོད་པའི་མི་རྣམས་ཚོ་འདིའི་ཨ་ནི་འཇིམ་སྐུ་དེ་འདྲས་བཞེངས་བྱས་འདུག་ཟེར་བཞུགས་ཡོའོ་རེད་གསུང་གིས།
- ཚེ་རིང་རྒྱལ་པོ།ལགས་ཟེ་ལགས་ཟེ། ལགས་ལགས། ཨ་ནི་འདི་ཆོས་ལུགས་གྲུབ་མཐའ་འདྲ་བུ་གང་རེ་ཡིན་ན།
- དགེ་འདུན།ད་འདི་རྙིང་མ་རང་རེད། མངའ་བདག་མྱང་གི་ཨ་ནི་རྒྱུད་མྱང་ཉི་མ་འོད་གསལ་གྱི་རྒྱུད་དེ་འདྲས་ཅིག་རེད་རྒྱུད་པ་རྒྱུད་རྩར་བྱས་དེང་སང་ད་ཆོས་ལུགས་ཀྱི་གྲུབ་མཐའ་རྙིང་མ་རེད་སྔོན་མག་འདིའི་དཔལ་རི་དགོན་པ་ཟེར་ཡས་ཅིག་ཡོའོ་རེད་པ་ད་བོད་ལ་ཆ་སོང་ན་མདོ་གླིང་དཔལ་གསུམ་ཟེར་སྔན་མག་དགོན་པ་གཙོ་ཆེ་ཤོས་གསུམ་ཡོའོ་རེད་པ་མདོ་གླིང་དཔལ་གསུམ་ཟེར་དེའི་ནང་ནས་དཔལ་རི་ཟེར་ཡས་དེ་འདིའི་སྦུག་དའི་ཡོའོ་རེད་མཆུ་མགོའི་སྦུག་དའི། འོང་དགོན་པ་འདིའི་དང་ཁོ་རྣམས་ཚོ་ད་གྲུབ་མཐའ་གཅིག་བྱས་དགོན་ལྷག་དེ་འདྲས་རེད་ད་སྔོན་མག་ཆ་ཚོན་ན་དཔལ་རི་དགོན་པའི་དགོན་ལྷག་རེད་ད།
- ཚེ་རིང་རྒྱལ་པོ།ལགས་ཟེ་ལགས་ཟེ་ལགས་ཟེ།
- དགེ་འདུན།དེང་སང་ཡིན་ནའི་དཔལ་རི་དགོན་པ་ནས་སྐུ་ཞབས་དེ་འདྲས་འདུག་ཟེར་གཏང་གནང་བྱས་འདིའི་དཀོན་གཉེར་ལགས་གནང་གི་ཡོའོ་རེད་ད།
- ཚེ་རིང་རྒྱལ་པོ།ལགས་ཟེ་ལགས་ཟེ། ད་ལྟ་དགོན་པ་འདི་ཡི་རྟེན་གཙོ་བོ་དེ་ག་རེ་ཡིན་ན་རྟེན་གཙོ་དེ།
- དགེ་འདུན།ད་རྟེན་གཙོ་བོ། ད་རྟེན་གཙོ་ཞུས་ནའི་འདྲ་གཙོ་བོ་འདྲ་དི་ཨ་ནི་རྒྱལ་པོ་སྲོང་བཙན་སྒམ་པོ།
- ཚེ་རིང་རྒྱལ་པོ།སྲོང་བཙན་སྒམ་པོ།
- དགེ་འདུན།འོང་། བང་སོ་ཁོ་ར་ད་རྒྱལ་པོ་སྲོང་བཙན་སྒམ་པོའི་སོང་ཙང་།
- ཚེ་རིང་རྒྱལ་པོ།ལགས་རེད།
- དགེ་འདུན།ཨ་ནི་ལྷ་ཁང་ནང་ལའི་གཞུག་གཞུག་དའི་གཙོ་བོ་རྒྱལ་པོ་སྲོང་བཙན་སྒམ་པོ་རེད།
- ཚེ་རིང་རྒྱལ་པོ།ལགས་ཟེ་ལགས་ཟེ།
- དགེ་འདུན།ཨ་ནི་དེའི་མིང་ལ་ཀྲོང་བཙན་ལྷ་ཁང་ཡའི་ཟེར་གྱི་ཡོའོ་ཡང་སྲོང་བཙན་ལྷ་ཁང་ཡའི་ཟེར་གྱི་རེད་འོང་གང་ལྟར་དོན་དག་གཅིག་པ་རེད།
- ཚེ་རིང་རྒྱལ་པོ།ལགས་ཟེ་ལགས་ཟེ། ལགས་ལགས། ཨོའོ་ཡག།