Skip to main content Skip to search
01 Feb 2016
6 min 16 sec
Video Overview
Creators: 
Sonam Tobgye, Sangay Tshomo

Dorji Thinley narrates the history of the construction of Nyinda Choeling Temple, a new temple in Mongar, Lingkhar. Three valleys surround the temple’s location, once known as Tongka La. Nyinda Choeling Temple was built in order to provide a public space of religious gathering for the population of these three valleys. Before, there was no temple in this area. Supported by local leaders, Dorji Thinley himself together with Aum Dorji Tshomo took the lead in this endeavor by hiring masons and carpenters. The “gomchens” (Dzo. sgom chen) or lay monks of Lingkhar Temple were the main helping hands in the construction, which was completed in 2002.

ཉིན༌ཟླ༌ཆོས༌གླིང༌ལྷ༌ཁང༌དེ༌ཧེ༌མ༌འབད༌བ༌ཅིན༌སྟོང༌ཀ༌ལ༌ཟེར༌ཨིན༌རུང༌ཀ༌དམ༌བླ༌མ༌གིས༌འབད༌ཉིན༌ཟླ༌ཆོས༌གླིང༌ལྷ༌ཁང༌ཟེར༌བཏགས༌བཏགསཔ༌ཨིན༌པས།ཉིན༌ཟླ༌ཆོས༌གླིང༌ལྷ༌ཁང༌དེ༌ས༌གནས༌སྟོང༌ཀ༌ལ༌ལུ༌སྦེ༌ཡོདཔ༌ད༌སྐྱེངས༌མཁར༌རྒེད༌འོག༌ཐང༌རོང༌རྒེད༌འོག༌འབྲས༌སྤུངས༌རྒེད༌འོག༌གསུམ༌གྱི༌སྦུག༌ལུ༌ཚུད༌དེ༌ཡོདཔ༌ཨིན༌པས།ལྷ༌ཁང༌དེ༌བཞེངས༌དགོ༌པའི༌དམིགས༌ཡུལ༌དེ༌ཡང༌རྒེད༌འོག༌གསུམ༌གྱི༌སྦུག༌ལུ༌མཐོང༌གྲོལ༌ལ༌སོགས༌པ༌ག༌ཅི༌ཡང༌མཇལ༌ཁ༌ཅིག༌མིན༌འདུག༌ཟེར༌ཅིག༌བཙུགས༌དགོ༌པས༌ཟེརཝ༌ད༌ས༌སྒོ༌ཅིག༌དགོ༌ནི༌མས༌ཟེར༌རྡོ༌རྗེ༌འཕྲིན༌ལས༌ཁོ༌ར༌དང༌ཨམ༌རྡོ༌རྗེ༌མཚོ༌མོ༌ཁོང༌གཉིས༌ཀྱིས༌གཙོས༌ཏེ༌རྡོ༌བཟོ༌དང༌ཤིང༌བཟོ༌གཉིས༌ཞུ༌སྦེ༌གླིང༌མཁར༌སྒོམ༌ཆེན༌ཚུ༌གིས༌འབད༌གནམ༌ལོ༌༢༠༠༢ལུ༌བཞེངས༌བཞེངསམ༌ཨིན༌པས།

Transcript search
No results found for this search
0 of 0
  • རྡོ་རྗེ་འཕྲིན་ལས། Dorji Thinley
    ལྷ་ཁང་འདི་ ས་གནས་ཐང་རོང་ལུ་འབད་རུང་ ས་མཚམས་འབད་བ་ཅིན་ བྲེ་སྤུངས་རྒེད་འོག་དང་ཀེང་ཁར་རྒེད་འོག་ དེ་ལས་ཐང་རོང་རྒེད་འོག་གསུམ་གྱི་སྦུག་ལུ་གནས་ཏེ་ཡོདཔ་ཨིན།/
    Though this lhakhang is located in Thangrong, its border is in between Drepong Gewog, Kengkhar Gewog and Thangrong Gewog.
  • རྡོ་རྗེ་འཕྲིན་ལས། Dorji Thinley
    རྒེད་གསུམ་གྱི་མཐོང་བྲེལ་གྱི་མཇལ་ཁ་ཅིག་མིན་འདུག མཇལ་ཁ་བཟོ་ཐབས་ལུ་ མཐོང་བྲེལ་གྱི་སྒར་འཆམ་ཅིག་དགོ་པས་ཟེར་ ཨ་ཏོ་ལའི་ཚོགས་པ་འོག་གི་མི་སེར་དང་གཅིག་ཁར་ བསྟུན་འགྲོས་རྐྱབ་ཞིནམ་ལས།/
    It was realized that for these three gewogs, there were no thongdrol-s. So in order to offer a public display, they gathered and had after discussing, started a thongdrol mask dance under the Atola Society.
  • རྡོ་རྗེ་འཕྲིན་ལས། Dorji Thinley
    ཨ་ཏོ་ལའི་མི་སེར་ཚུ་གིས་སྦྱིན་བདག་སྦེ་འཐོན་འཐོནམ་མེད་ ཨིན་རུང་སྦྱིན་བདག་ང་དང་ཨམ་མཚོ་མོ་ང་བཅས་གཉིས་ཀྱི་ འགོ་འདྲེན་ཐོག་ལས་ ལྷ་ཁང་བཞེངསམ་ད་ལུ་ ཤིང་བཟོ་གཉིས་དང་རྩིག་བཟོ་གཉིས་ འཚོལ་ཞིནམ་ལས་ གླིང་ཁར་སྒོམ་ཆེན་ཚུ་གིས་ཆ་རོགས་འབད་ཐོག་ལས་ རྡོ་རྗེ་འཕྲིན་ལས་ང་རའི་འགོ་འདྲེན་ཐོག་ ལྷ་ཁང་འདི་གནམ་ལོ་༢༠༠༢ ལུ་བཞེངས་བཞེངསམ་ཨིན།/
    Though people from Atola did not turn up to act as the host, I myself and Aum Tshomo took the lead to start construction of a lhakhang. For the construction, we located two carpenters for the woodwork and two workers for building the walls. Even Gomchen from Lingkhar came to help construct the temple. I Dorji Thinley provided all the necessary things and the temple was constructed in 2002.
  • རྡོ་རྗེ་འཕྲིན་ལས། Dorji Thinley
    དེ་ལས་འཆམ་གྱི་ཐོད་ཁ་ལྷོདཔ་ད་ལུ་ སྦྱིན་བདག་འཐོནམ་ད་ལུ་རྐྱབ་སྲོལ་ཡོདཔ་ཨིན་རུང་ སྦྱིན་བདག་མེད་པའི་སྐབས་སུ་འབད་བ་ཅིན་ འཕྲལ་འཕྲལ་ལོ་གསུམ་དང་ འཕྲལ་འཕྲལ་ལོ་ལྔའི་བར་ན་རྐྱབ་སྲོལ་ཡོདཔ་ཨིན། དང་ཕུ་འབད་བ་ཅིན་ལྷ་ཁང་འདི་གདོང་དཀར་ལ་ཟེར་སླབ་ སྲོལ་ཡོད་རུང་ ཤུལ་ལས་འབདཝ་ད་ལུ་ རྒྱ་གར་རྡོ་རྗེ་གདན་ལུ་ ཚོགས་ཚོགས་པའི་ཡིག་ཚང་ནང་བཅར་ཞིནམ་ལས་ ལོ་བསྟར་བཞིན་དུ་ ང་བཅས་གཡུས་ཁ་ལས་སྒོམ་ཆེན་ཚུ་ ཟླཝ་༡༢་པའི་ཚེས་༡་ལས་༡༠་ཚུན་ སྨོན་ལམ་ཚོགསཔ་ད་ལུ་ མར་འགྱོ་བའི་སྐབས་སུ་ང་བཅས་ ཉམས་ཆུང་ཨིནམ་གཟིགས་ཞིནམ་ལས་ ཁྱིམ་གྱི་ཁང་ལག་དང་བཞེས་སྒོ་ལ་སོགས་པ་ཚུ་རིན་མེད་སྟོངམ་གནང་ནི་སྦེ་ སྐྱེ་བུ་དམ་པ་ཚུ་གིས་ བཀའ་གནང་ཞིནམ་ལས་སྨོན་ལམ་ཚོགས་རིན་ཆོགཔ་མཛད་གནང་ཡི། ལྷ་ཁང་གི་མཚན་ཡང་ ཉིན་ཟླ་ཆོས་གླིང་དགོན་པ་ཟེར་ བཀའ་དམ་བླམ་གིས་བཏགས་གནང་གནངམ་ཨིན།/
    Then regarding the mask dance, it is performed when there is a sponsor. If there is no sponsor then we would perform it every three years or five years. In olden days, they used to call the temple Dongkar la, but later after going to Varanasi in India, we met with staff from their office. Every year gomchens from our village would go down to India during the Monlam between December 1st to 10th. Because of the great expense of the trip, some noble persons thought in right way and they allowed us to stay rent-free, and even included food for us. Kadam Lama gave us the name of the temple as Nyindha Chiling Goenpa.
  • རྡོ་རྗེ་འཕྲིན་ལས། Dorji Thinley
    ལྷ་ཁང་བཞེངས་དགོ་པའི་རྒྱུ་མཚན་ངོ་མ་རང་ རྒེད་འོག་གསུམ་གྱི་མཚམས་ལུ་མཇལ་ཁ་དགོ་པས་མནོ་ཞིནམ་ལས་ འགྲོས་བསྟུན་ཐོག་ བཞེངས་ཡི། གདོང་དཀར་ལ་དང་གླིང་ཁར་འདི་ རྒེད་འོག་གཅིག་ཨིན་རུང་ བར་ན་དུས་ཡུན་ཆུ་ཚོད་༤་ལྷག་ཙམ་ཡོད་ལས་ རྒེད་འོག་ སོ་སོ་བཟུམ་གནས་ས་འདི་ ལའི་རྒྱབ་ཁ་འབདཝ་ལས་ ཨ་ཏོ་ལ་ལུ་ཡོད་པའི་མི་སེར་ཚུ་མར་ལྷོད་མ་ཚུགས་ གླིང་ཁར་ལས་ཡར་ལྷོད་ མ་ཚུགསཔ་ལས་ ང་གིས་འགོ་འདྲེན་ཐོག་ལས་འབད་ཡི། /
    The main reason for constructing a temple was that there was no public display for any of the three gewogs that shared the border. Though Dongkarla and Lingkhar are located under the same gewog, in order to travel to the nearest display it take around four hours to go behind the mountain, as if it was in a entirely different gewog. People from Atola faced difficulties to reach Lingkhar and people from Lingkhar faced the same. I have hosted and done it.
  • རྡོ་རྗེ་འཕྲིན་ལས། Dorji Thinley
    དེ་ལས་ས་ཡོམ་གྱིས་ གནོད་རྐྱེན་སྦོམ་སྦེ་རྐྱབ་པའི་ཤུལ་ གནམ་ལོ་༢༠༡༣ལུ་མ་དངུལ་གཞུང་ལས་གསོལ་རས་གནང་ཐོག་ལས་ ཧེ་མ་དང་ ཕྱདཔ་ད་ལུ་ ཧེ་མ་རྩེ་ཐོག་མེད་མི་འདི་གནམ་ལོ་༢༠༡༣་ལུ་རྩེ་ཐོག་ཡོདཔ་སྦེ་ཉམས་གསོ་ཞུ་ཡོདཔ་ཨིན།/
    After the temple was damaged by earthquake, we received financial support from government. In 2013, we renovated the temple and were able to add one more storey in the process.