Video Overview
Dorji Thinley narrates the history of Lingkhar Temple. Following a prophecy of Atsara Lama, the temple was built in 1937 with the financial support of local elders. The main sacred objects of the temple are statues of Buddha Shakyamuni, Avalokiteshvara, and Guru Rinpoche. It is said that before the visit of Atsara Lama and the establishment of this temple, the locals used to practice non-Buddhist rituals, which involve among other things animal sacrifice.
- Lingkhar
- རྡོ་རྗེ་འཕྲིན་ལས།/Dorji Thinleyགླིང་མཁར་ལྷ་ཁང་ཟེར་མི་འདི་ ཐང་རོང་རྒེད་འོག་ནང་འཁོད་ ལྷ་ཁང་ བཅུ་གསུམ་ཡོད་པའི་གྲལ་ལས་ ཨ་ཙ་ར་བླམ་གྱི་བཀའ་འབབ་བམ་ལུང་བསྟན་དང་འཁྲིལ་བཞེངས་ཡོདཔ་སྦེ་ ཕམ་རྒས་ཤོས་ཚུ་གི་བཤད་དོ་ཡོདཔ་ལས་ ངེའི་ཁ་ཐུག་ལས་ ཙ་ཆན་གཅིག་འབད་རྩིསཝ་ཨིན།
- རྡོ་རྗེ་འཕྲིན་ལས།/Dorji Thinleyདེའི་ནང་ལས་ སྐྱེ་བོ་དམན་པ་རང་སོའི་ ག་མནོ་སར་བཞེངས་བཞེངསམ་མེན་པར་ བཀའ་འབབ་དང་བསྟུན་བཞེངས་ཡོདཔ་ད་ དེ་ཡང་ གཙོ་ཅན་ སྤང་ལེམ་ལས་ ཨ་རྒས་འཕྲིན་ལས་དབང་ཕྱུག་ ཨང་རྒས་ཉི་མ་དང་སྒྲོལ་མ་གསུམ་གྱི་གོ་འདྲན་ཐོག་ སྦྱིན་བདག་ངར་རུ་སྤོང་སྟང་ལས་ ཨ་རྒས་རྡོ་རྗེ་དཔལ་འབྱོར་དང་ ཨང་རྒས་རིན་ཆེན་གྱི་འབད་ཐོག་ལས་ བཞེངས་ཡོདཔ་ཨིན་མས།
- རྡོ་རྗེ་འཕྲིན་ལས།/Dorji Thinleyལྷ་ཁང་འདི་བཞེངས་པའི་སྐབས་ཀྱི་ ཚེས་གྲངས་དང་སྤྱི་ལོ་དེ་ཚུ་ མ་ཤེས་འདི་འབད་རུང་ ཨ་རྒས་རྡོ་རྗེ་དཔལ་འབྱོར་དང་འཁྲིལཝ་ད་ ཁོ་ད་རེས་ལོ་ ༩༢ ལང་ཡོདཔ་ད་ ལྷ་ཁང་འདི་བཞེངས་པའི་སྐབས་ ཤིང་ཆས་ཚུ་ཤི་ནང་ས་ལས་འཐོན་པའི་སྐབས་ ཁོ་རང་ལོ་ ༡༣ ལང་ཡོདཔ་འབད་བཤདཔ་ཨིན་མས།
- རྡོ་རྗེ་འཕྲིན་ལས།/Dorji Thinleyཁོ་རང་སྦྱིན་བདག་ཨིན་པའི་ཁར་ ཞབས་ཏོག་ཡང་གང་དྲག་ཞུ་ཡོདཔ་ཨིན་མས། དེ་ཡང་ གཙོ་ཅན་ ཨ་རྒས་འཕྲིན་ལས་དབང་ཕྱུག་ ཨང་རྒས་ཉི་མ་དང་སྒྲོལ་མ་ དེ་ལས་ སྦྱིན་བདག་ ཨ་རྒས་རྡོ་རྗེ་དཔལ་འབྱོར་དང་ ཨང་རྒས་རིན་ཆེན་ཚུ་གི་བཞེངས་ཡོདཔ་ཨིན་མས།
- རྡོ་རྗེ་འཕྲིན་ལས།/Dorji Thinleyསྟེ་མ་བཞེངས་པའི་ཧེ་མ་ཨ་རྒས་གཉིས་ཨ་ཙ་ར་བླ་མ་འབད་སར་ཞུ་བར་འགྱོཝ་ད་བླམ་གྱིས་རྡོ་སྦོམ ་གཅིག་ཡོད་མི་ འདི་གྱི་རྩ་བར་ ལྷ་ཁང་བཞེངས་ཟེར་གསུངས་ནུག ལྷ་ཁང་འདི་བཞེངས་ཚརཝ་ད་དམ་བཅའ་ཡང་གནང་ནུག་༼མི་སེར་ཚུ་ལུ་དམར་མཆོད་སྤངས་དགོཔ་སྦེ༽ དེ་འབདཝ་ལས་ གླིང་མཁར་ལྷ་ཁང་འདི ་ལྷ་ཁང་༡༣་གྱི་གྲས་ལས ་གཙོ་ཅན་གཅིག་ཨིན་སྦེ་ ཕམ་ཚུ་གིས་བཤདཔ་ཨིན་མས།
- རྡོ་རྗེ་འཕྲིན་ལས།/Dorji Thinleyདང་པ་རང་ལྷ་ཁང་བཞེངས་པའི་སྐབས་ལུ་ཨ་རྒས་འཕྲིན་ལས་དབང་ཕྱུག་དང་ཨང་རྒས་ཉི་མ་སྒྲོལ་མ་གསུམ་གཙོ་བོ་དང་སྦྱིན་བདག་ཨ་རྒས་རྡོ་རྗེ་དཔལ་འབྱོར་ཨང་རྒས་རིན་ཆེན་ཚུ་ཞབས་ཏོག་ཞུ་བའི་སྐབས་ལུ་སློབ་དཔོན་དམ་ཆུ་གིས་འགོ་བཙུགས་གནང་ནུག། འ་ན་ལས་ཨ་རྒས་དམ་ཆུ་ཁོ་གིས་ཤུལ་ལས་ཨ་རྒས་གཡང་ཀུ་དེ་ལས་ཁོ་གིས་ཤུལ་ལས་སློབ་དཔོན་ཀུན་བཟང་ཚེ་རིང་དེ་ལས་བསྟན་འཛིན་རྣམ་རྒྱལ་དེ་ལས་སློབ་དཔོན་རིན་ཆེན་དེ་ལས་སྐབས་སུ་བབས་པ་རྡོ་རྗེ་འཕྲིན་ལས་ང་གིས་ཕྱག་ཞུ་དོ་ལགས།
- རྡོ་རྗེ་འཕྲིན་ལས།/Dorji Thinleyཁོང་ལྔ་གིས་སྐབས་ལུ་འཆམ་ཡང་བཙུགས་མ་ཚུགས་པས་ག་ཅི་འབད་ཟེར་བ་ཅིན་རྒཔོ་གཞན་ཁ་ལས་འབད་ནི་དེ་གིས་བསྟུན་གྲོས་ཆེནམ་ཅིག་རྐྱབ་མ་ཚུགས་ལགས། ད་ལྟོ་ ངེའི་སྐབས་ལུ་ རྒཔོ་ཀུན་བཟང་འདི་ ཁྱིམ་གཅིག་གི་མི་ ངེའི་ཕོ་རྒནམ་འབདཝ་ལས ་གཙོ་བོའབདཝ་ལས་ ང་བཅས་གཉིས་ བསྟུན་གྲོས་རྐྱབ་སྟེ་ འཆམ་འདི་འགོ་བཙུགས་གནང་ཡི། འཆམ་དེ་ཡང་ འགོ་དང་པ་ ག་དེ་སྦེ་འབྱུང་འབྱུངམ་ཨིན་ན་ཟེར་བ་ཅིན་ རྒྱ་གར་ཀ་གླིང་ཕོང་ལུ་ ང་ འཇིགས་མེད་རྡོ་རྗེ་ སེང་གེ་རྡོ་རྗེ་དང་རྡོ་རྗེ་ ང་བཅས་བཞི་གིས་ ལྷབ་སྟེ་འོང་འོངམ་ཨིན་ཟེར་ཞུ་དགེ།
- རྡོ་རྗེ་འཕྲིན་ལས།/Dorji Thinleyའ་ནཱ་ལས་ང་བཅས་བཞི་གིས་ལྷབ་སྟེ་རང་འབད་རུང་ང་བཅས་ཚུ་ལུ་ལྷབ་སའི་གཞི་འཇམ་ཏོག་ཏོ་ཅིག་མེདཔ་ལས་ཤུལ་ལས་ནཱ་ཀ་བསྡམ་ལུ་བརྟེན་ཏེ་འགྱུར་བཅོས་འགྱོཝ་ལས་ལོག་ཀ་གླིང་པོང་ལུ་ལྷོད་མ་ཚུགསཔ་ལས་མོང་གར་ཀ་བསྡམ་རིན་པོ་ཆེ་གིས་གུ་རུ་མཚན་བརྒྱད་ཀྱི་འཆམ་བཙུགས་གནངམ་ལས་ཀ་བསྡམས་ལུ་བཅར་ཏེ་བརྟེན་སའི་གཞི་གཅིག་འབདཝ་ལས་གུ་རུ་མཚན་བརྒྱད་ཀྱི་འཆམ་དང་དགྲ་མེད་རྩེ་རྔ་འཆམ་ཚུ་གནང་སྲོལ་ཡོདཔ་ཨིན།
- རྡོ་རྗེ་འཕྲིན་ལས།/Dorji Thinleyའ་ནི་ལྷབ་པའི་སྐབས་ལུ་ འཆམ་དཔོན་འཆམ་མཇུག་འདི་ ལས་སྐྱིད་རྡོ་རྗེ་དང་བུམ་པ་ཟེར་སླབ་ཨིན། འཆམ་རྐྱབ་པའི་སྐབས་ལུ་ འཆམ་དང་ཆོ་ག་ གཅིག་ཁར་འབདཝ་ད་ འཆམ་འདི་ གུ་རུ་མཚན་བརྒྱད་འབདཝ་ལས་ ཆོ་ག་ཡང་ ལྷ་གྲུབ་དང་ སྒོང་པ་ཡོང་འདུ་ཟེར ་གཉིས་ཡོད། དེ་ཡང་ སྟབས་ནམ་བདེཝ་ཅིག་ བཏངམ་ཨིན། ཉིམ་གསུམ་འདི་ ཆོ་ག་ཅོག་འཐདཔ་ཨིན། ཨིན་ས་ཅིག་རུང་ འཆམ་འདི་ སོར་སོ་དང་པ་ གཉིས་པ་ གསུམ་པ་སྦེཡོད།
- རྡོ་རྗེ་འཕྲིན་ལས།/Dorji Thinleyའཆམ་དང་པ་འབད་རྩ་རི་ཏེ་ཨ་རྩ་རི་ཏེ་དང་ཞ་ནག་རྔ་འཆམ་གསེར་སྐྱེམས་ཚུ་རྐྱབ་སྟེ་ དེ་ལས་བར་ན་ ཤ་ཝ་དང་རྔ་འཆམ་ཚུ་རྐྱབ་ མཇུག་ལུ་གུ་རུ་མཚན་བརྒྱད་ མཐའ་འཁོར་དཔའ་བོ་དང་དཔའ་མོ་ བཀའ་དྲིན་ཅན་མ་ སྦྱིན་འཕེབས་ཚུ་དང་བཅས་པ་མཇུག་ ཚེས་༡༠་ལུ་གུ་རུ་མཚན་བརྒྱད་གཙོ་ཞུ་སྟེ་གནངམ་ཨིན་ཟེར་ཞུ་ནི་ཨིན།
- རྡོ་རྗེ་འཕྲིན་ལས།/Dorji Thinleyསྐུ་ལུ་ལྷོདཔ་ད་ ང་བཅས་ཚུ་མཉམ་ཆུང་ གཡུས་མཐའ་ཟུར་འབད་ནི་དེ་གིས་ ཞབས་ཏོག་ཆེནམ་གཅིག་ཞུ་མ་ཚུགས་ ཧེ་མ་ག་དེ་སྦེ་ཡོདཔ་ཨིན་ན་ཟེར་བ་ཅིན གཙོ་བོ་འདི་ བསྟན་པ་ཤཀྱཱ་ཐུབ་པ་འདུག་ གཡས་ཕྱོགས་བཅུ་གཅིག་ཞལ་དང་གཡོན་ཕྱོགས་ གུ་རུ་ཁྲུ་གང་ཙམ་ཅིག་ མ་གཏོགས་གཞན་ག་ནི་ཡང་མེད། དམ་འབད་བ་ཅིན་ སངས་རྒྱས་ཀྱི་ གཡོན་ཕྱོགས་ལུ་ ཨ་ཙ་ར་བླམ་གྱིས་ གནང་གནངམ་ཨིན་མས། གཡོས་ཕྱོགས་ལུ་ ཞབས་དྲུང་གིས་བཀའ་གནང་མི་ ཞབས་དྲུང་གི་ཚེ་གཟུང་གཅིག་ཡོད་ཟེར་ཨིན་མས། གཞན་བརྒྱ་ཆེ་དྲག་བརྟེན་འདི་ ད་ལྟོ་ ང་བཅས་ཚུ་གིས་ ག་ནི་ཡང་ བཙུགས་མ་ཚུགས་ ཧེ་མ་ཡང་ ནེ་གཅིག་མིན་འདུག་ ཟེར་ཞུ་ནི་ཨིན།
- རྡོ་རྗེ་འཕྲིན་ལས།/Dorji Thinleyདམ་གནང་པའི་དོན་དག་དྲུག་ དོན་དག་གཙོ་བོ་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ནཱ་གི་ སྦྱིན་བདག་གི་ ད་ལྷ་ཁང་གཅིག་བཞེངས་པ་ཅིན་ དགེ་བ་བསྒྲུབཔ་ཅིན་ སྡིག་པ་ཅིག་དགཔ་ཨིནམ་ལས་ དང་ཕུག་དམར་མཆོད་ ཟེར་ལྷ་སྲོལ་ལོ་རེ་ཚ་རེ་འབདཝ་ད་ ཕགཔ་བསད་གླང་བསད་ མགུ་ཏོག་གཅད་ ཕ༌ཇོ་རིགས་ཚུ་ལུ་ ཐོབ་ལམ་དང་བསྟུན་ཏེ་ དྲངདགོཔ་དང་ཕུལ་དགོཔ་ཡོདཔ་མས།
- རྡོ་རྗེ་འཕྲིན་ལས།/Dorji Thinleyདེ་བཟུམ་འབདཝ་ད་ལུ་ མི་འཚམས་ནི་མས་ཟེར་ ཕམ་བསོད་ནམས་ཅན་ དེ་ཚུ་གིས་ ཞལ་འཛོམས་གནང་སྟེ་ མ་བཏུབ་ནི་མས་ཟེར་ དམར་མཆོད་དེ་ དམ་ཞུ་ཏེ་ སྤངས་དགོ་པས་ ཟེར་རྩ་བ་ལས་མེདཔ་བཟོ་སྟེ་ དཀར་ཆོས་གཅིག་ བཟོ་དགོ་པས་ཟེར་ ཨ་རྒས་ཨང་རྒས་ཚུ་ བསྟུན་གྲོས་གནང་སྟེ་ དམ་གནང་དགོཔ་སྦེ་ ཨ་ཙར་བླམ་གིས་ དམར་མཆོད་སེམས་ཅན་ཚུ་བསད་ནི་མེདཔ་གི་དམ་གནང་སྟེ་
- རྡོ་རྗེ་འཕྲིན་ལས།/Dorji Thinleyདེ་ལས་ཚུར་དམ་གནངམ་དང་བསྟུན་པའི་ང་བཅས་ར་ནཱ གླིང་མཁར་མི་སེར་ བསྡོམས་༧༠་ལྷགཔ་ཅིག་གིས་ ཁས་བླངས་དམ་བཅའ་ འབད་དེ་ད་ལྟོ་ཚུན་ཚད་ ཨ་ཙར་བླམ་གྱིས་བཀའ་བཞིན་དུ་ དམར་ཆོས་འདི་ ལག་ལེན་མ་འཐབ་པར་ བླམ་གྱིས་གསུངས་མི་ བཀའ་བཞིན་དུ་ ད་ལྟོ་ཚུན་དཀར་ཆོས་འདི་ ལྷ་སྲོལ་འབད་རུང་ ལོ་རེ་ནང་ ག་ཅི་རང་འབད་རུང་ བཀའ་བཞིན་དུ་ དམ་འདི་མ་ཉམས་པར་ བླ་མ་གྱིས་གསུངས་པའི་ བཀའ་ལས་མ་འགལ་བར་ཉམས་སྲུང་འབད་དེཞབས་ཏོག་ཏོ་ཞུ་དོ་ཟེར་ཞུ་ནི་ཨིན་ལགས།