Video Overview
Tséring Gyelpo and Buchung present a brief history of Lhabap Mountain.
- Ü
- རྒྱལ་པོརྒྱལ་པོ་ལགས།
- བུ་ཆུངལགས་འོང་།
- རྒྱལ་པོང་ཚོའི་ད་ལྟའི་འདིའི་རྒྱབ་དེའི་ཡ། ལྷ་དམག་དཔོན་ཞུ་གི་འདུག་ག།
- བུ་ཆུངལགས་རེད།
- རྒྱལ་པོདེ་གནས་བཤད་འདྲ་པོ། ཁྱེད་རང་གིས་གཅིག་བསྐྱོན་རོགས་གནང་། ཨོང་གོའོ།
- བུ་ཆུངལགས་ལགས། དེ་ཨེ། རི་འདི་འདུག་ག།
- རྒྱལ་པོལགས་འོང་།
- བུ་ཆུངརི་དེའི་མིང་ལ་ལྷ་བབས་རི་ཡང་ཟེར་གྱི་ཡོའོ་རེད་ལ། ཡང་ཐབ་རྡོ་རི་ཡང་ཟེར་གྱི་ཡོའོ་རེད།
- རྒྱལ་པོལགས་སོ་ལགས་སོ།
- བུ་ཆུངཐབ་རྡོ་རི་ཟེར་དགོས་རྒྱུ་མཚན་ག་རེ་རེད།ཟེར་ན། ང་རང་ཚོ་བོད་ཀྱི་སྒྱེད་པུ་ཡོང་ང་།
- རྒྱལ་པོའོ་ཡོད་པཱ།
- བུ་ཆུངསྒྱེད་པུ་རྡོ་རྐང་གསུམ་གཅིག དེའི་སྒང་ལ་བསླངས། དེའི་སྒང་ལ་ཧ་ཡང་བསྐྱོན་བྱས་བཞག་གི་རེད་པ།
- རྒྱལ་པོའོ་རེད་རེད་རེད།
- བུ་ཆུངདེ་ནང་བཞིན་གྱི་དབྱིབས་དེ་འདི་འདྲ་པོ་ཞིག་ཡོད་ཟེར། དེའི་དབྱིབས་དེ་ག་རེ་རེད།ཟེར་ན། རི་ད་ག་རང་གི་དབྱིབས་ཟེར་ད། གཞི་རི་གཞན་དག་ཟེར་གྱི་ཡོའོ་མ་རེད། རི་དེ་གའི་རྩེ་དེ་གའི། རི་ད་ག་རང་གི་རྩེ་དེ། སྒང་དེ་ལ་ཕྱིན་པ་ཡིན་ན། རྩེ་དེ་ཐབ་ཀྱི་རྡོ་འདྲ་པོ་ཞིག་ཡོད་ཙང་། ཨ་ནི་ཡང་མིང་གཞན་དག་ལ་ཐབ་རྡོ་རི་ཡང་ཟེར་གྱི་ཡོད་པ།
- རྒྱལ་པོའོ་ལགས་སོ་ལགས་སོ།
- རྒྱལ་པོད་ལྷ་བབས་རི་ཟེར་དགོས་རྒྱུ་མཚན་ག་རེ་རེད།ཟེར་ན། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་དེ་ཀོང་པོ་ནས་བྱས། རེད་པཱ།
- རྒྱལ་པོའོ་རེད།
- བུ་ཆུངདེ་ནས་དྭགས་པོ་ནས་བྱས། ལྷ་རི་རྒྱང་སྟོད་ཁང་ནས་ཡར་འཕུར་བྱས། ཨ་ནི་དེའི་ཡོང་བྱས། འདིའི་སྒང་ལ་བབས་པ་ཡིན།ཟེར་གྱི་ཡོའོ་རེད།
- རྒྱལ་པོཨོའོ།
- བུ་ཆུངད་སྐབས་དེ་དུས་ག་རེ་རེད།ཟེར་ན། ས་ཆ་དེ་གས་སྒང་ག་ལོགས་༼ཚང་མ་༽འབྲོག་པ་ཡིན་ཟེར་གྱི་ཡོའོ་རེད། འབྲོག་པ་བྱས་ནས།
- རྒྱལ་པོཨཱ་ལས། འོ་བཤད་སོང་ང་། དེའི་མདུན་ལ་རྦད་དེ་ན་ཐང་རེད་ཟེར་རེད་པ། འོང་ཟག་ཟག་ཟག་༼ཟེར་་་་༽།
- བུ་ཆུངནག་ཁ་འཇམ་ཐིང་ངེ་བསྡད་པ་ཞིག་དེའི་སྒང་ལ་སེམས་ཅན་སྣ་མིན་སྣ་ཚོགས་བྱས་བྱས། ཨ་ནི་འབྲོག་པ་རྒྱ་ཆེན་པོ་ཞེ་པོ་ཞིག་བྱས་བྱས། འབྲོག། འབྲོག་ས་བྱས་བྱས།
- རྒྱལ་པོའོ་རེད་རེད།
- བུ་ཆུངསྐབས་དེ་དུས་དེ་འདྲས་བྱས་བྱས་བསྡད་ཡོའོ་རེད་ཟེར་གྱི་འདུག་ག
- རྒྱལ་པོཨཱ་ལས།
- བུ་ཆུངབྱས་ཙང་ཨ་ནི། ཆོས་ལུགས་དེ་ཡ་བོན་པའི་ཆོས་ལུགས་ཡིན་པ།
- རྒྱལ་པོསྐབས་དེ་དུས་སངས་རྒྱས་ཆོས་ལུགས་དེ་དར་ཡོའོ་མ་རེད།
- རྒྱལ་པོརེད་པཱ།
- བུ་ཆུངབོན་པོའི་ཆོས་ལུགས་རེད། བོན་པོའི་ཆོས་ལུགས་དང་བོན་པོའི་ཚོ་པ་བཅུ་གཉིས་འདྲ་པོ་ཞིག་གི ཨ་ནི་དབུ་འཛིན་འདི་གས་སྒང་ག་ལོགས། ཨ་ནི་ཐབ་རྡོ་རི་ལ་ད་དེའེ་གཉའ་ཁྲི་བཙན་པོ་འབབ་པ་ཡིན་ཙང་། ཨ་ནི་ཁོ་ཚོ་ཡར་སྒང་ལ་ཕྱིན་བྱས་བཀའ་འདྲི་ཞུས་་འདུག་ག
- རྒྱལ་པོཨཱ་ལས།
- བུ་ཆུངབཀའ་འདྲི་ཞུས་བྱས་ཨ་ནི་ཁྱེད་རང་གང་ནས་ཕེབས་པ་ཟེར་ལབ་འདུག་ག ད་ག་རེ་རད་ཟེར་ན། གཉའ་ཁྲི་བཙན་པོ་དང་ཁོ་རང་ཚོ་སྐད་ཆ་ཤོད་ཐུབ་ཀྱི་ཡོའོ་མ་རེད།
- རྒྱལ་པོརེད་པཱ།
- བུ་ཆུངསྐད་ཆ་ཕར་ཚུར་གོ་བརྡ་སྤྲོད་ཀྱི་ཡོའོ་མ་རེད། བྱས་ཙང་གཉའ་ཁྲི་བཙན་པོས་གནམ་ལ་འདུག་བཟོ་བྱས་བྱས། གནམ་ལ་མཛུག་གུ་ཀེར་བྱས་ཙང་། ཨ་ནི་གནམ་ནས་ཨོའོ། ད་ཁོ་ཚོའི་བསམ་པ། ད་གནམ་ནས་མར་འབབ་པ་རེད་བཞག་ཟེར། གནམ་ནས་འབབ་པའི་ལྷ་རེད་བཞག་ཟེར་བྱས་ནས། དེ་མཛུག་གུ་ཀེར་ཡས་ག་རེ་རེད་ཟེར་ན། དཔེར་ན་ཆ་བཞག་ན་ཡུམ་བུ་ལྷ་ཁང་ནང་ལོགས་ན་གཉའ་ཁྲི་བཙན་པོའི་སྐུ་ཡོའོ་རེད་པ།
- རྒྱལ་པོའོ་རེད་པཱ།
- བུ་ཆུངགཉའ་ཁྲི་བཙན་པོའི་སྐུ་དང་ལྡེབས་རིས་ཡིན་ནའི་འདྲ་འཇིམ་སྐུ་གང་འདྲས་ཤིག་ཡིན་ནའི། མཛུག་གུ་སྒང་ག་ལོགས་འདུག་བཟོ་བྱས་བསྡད་ཡོའོ་རེད། དེ་་རྒྱུ་མཚན་ག་རེ་རེད།ཟེར་ན། ཐོག་མ་ཁོ་ཚོ་དེའི་མཇལ་དུས་ཨ་ནི་ཁྱེད་རང་གང་ནས་ཡོང་པཱ།བྱས་ཙང་། མཛུག་གུ་གནམ་ལ་བཙུགས་ཙང་། ཨ་ནི་གནམ་ནས་ཡོང་པ་ཡིན་ཟེར།
- རྒྱལ་པོའོང་འོང་འོང་།
- བུ་ཆུངདེ་བྱས་ཙང་། ཨ་ནི་ཁོང་རྣམ་ཚོས་དེ། བོན་པོའི་མི་བཅུ་གཉིས་ཡོའོ་རེད་པཱ།
- རྒྱལ་པོའོ་རེད།
- བུ་ཆུངའོ་དེ་གས་སྒང་གས་༼དེ་རྣམས་ཚང་མས་༽ཨ་ནི་ཁྲིའི་གང་ལ་བཞག ཁྲི་དེ་ག་རེ་རད་ཟེར་ན། དཔུང་པའི་སྒང་ལ་འཁྱེར་བྱས་རེད་པཱ། གཉའ་ཡི་སྒང་ལ་བྱས་གཉའ་བ་རེད་པཱ། གཉའ་བའི་སྒང་ལ་འདུག་བཟོ་འཁྱེར་བྱས།
- རྒྱལ་པོབྱས་ཙང་གཉའ་ཁྲི་བཙན་པོ་ཟེར་ལབ་དགོས་ཡས་དེ།
- བུ་ཆུངགཉའ་ཡི་སྒང་ལ་འཁྱེར་བྱས། རི་དེ་ནས་མར་འཁྱེར་བྱས། ཨ་ནི་མ་ནས་མར་ད་ལྟ་བཙན་ཐང་སྒོ་བཞི་ཟེར་ཡས་ཤིག་ཡོའོ་རེད་པཱ། བཙན་ཐང་སྒོ་བཞི་ཟེར་ཡོའོ་རེད། བཙན་ཐང་སྒོ་བཞི་ཟེར་ཡས་དེ་ག་རེ་རད་ཟེར་ན། སྐབས་དེ་དུས་འབྲོག་པ་རེད་པཱ། ཨ་ནི་འབྲོག་པ་འབྲོག་ཐང་ཆེན་པོ་དེ་འདྲས་སྒོ་དེ་འདྲས་བཞི་འདྲ་པོ་བྱས་བྱས། རྒྱ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཡོད་པ་འདྲ་འདུག་ག
- རྒྱལ་པོཨཱ་ལས་ལས།
- བུ་ཆུངཨ་ནི་དེ་ནས་མར་གདན་འདྲེན་ཞུས། དེ་ནས་མར་གདན་འདྲེན་ཞུས་རྗེས་སྐབས་དེ་དུས་ག་རེ་རེད་ཟེར་ན། བཞུགས་ཁྲི་གཅིག་ལས་ཡོའོ་མ་རེད། བཞུགས་ཁྲི་གཅིག ད་རྒྱལ་པོ་གདན་འདྲེན་ཞུས་ཚར་པོ་རེད་པ།
- རྒྱལ་པོདེ་གཉའ་ཁྲི་བཙན་པོའི་བཞུགས་ཁྲི་རེད་པཱ།
- བུ་ཆུངརྒྱལ་པོ་སྒང་ནས་མར་གདན་འདྲེན་ཞུས་ན། ད་ག་ཟེར་བཞག་ན་འགྲིག་གི་ཡོའོ་མ་རེད་པཱ། ཨ་ནི་དེའི་བཞུགས་ཁྲི་སྟབས་བདེ་ཞིག་བཞེངས་། བཞུགས་ཁྲི་སྟབས་བདེ་གང་འདྲས་ཟེར་བཞེངས་པ་རད་ཟེར་ན། ད་ག་ཙམ་འདག་པག་༼འདམ་བག་༽ཅིག་གི། འདག་པག་བྱས། འདག་པག་ཅིག་གི་འདག་པག་འདི་ག་འདྲ་པོ་ཞིག ཀྱོང་ཀྱོང་ཀོང་བཟོས། འདག་པག་ལྡིར་ལྡིར་འདྲ་པོ་ཞིག་བཟོས་དེའི་སྒང་ལ་ད་ལྟ་སླ་ང་ཡོའོ་རེད་པ། སྤང་གི་སླ་ང་།
- རྒྱལ་པོའོང་འོང་འོང་།
- བུ་ཆུངསྤང་གི་སླ་ང་གྲུ་བཞི་ཆེན་པོ་ཞིག་བག་༼བྲེག༽བྱས། འོ་དེ་འཁྱེར་བྱས་དེའི་སྒང་ལ་བཞག ཨ་ནི་དེའི་སྒང་ལ་གཉའ་ཁྲི་་བཙན་པོ་བྱས། ཨ་ནི་བཞུགས་ཁྲི་བཟོས་པ་ཡིན་ཟེར། བྱས་ཙང་ཨ་ནི་བཙན་ཐང་གཡུ་ཡི་ལྷ་ཁང་སྒང་ལ་དེའི་བཞུགས་ཁྲི་ཞིག་བཟོས་པ་རེད། ད་ཡིན་ནའི་ལྷ་ཁང་ད་ག་རང་དངོས་སུ་བཞེངས་ཡས་དེ་ག་དུས་བཞེངས་པ་རད་ཟེར་ན། རྒྱལ་པོ་ཁྲི་སྲོང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་བཞེངས་པ་ཡིན་ཟེར་གྱི་ཡུཨོའོ་རེད། དེའི་སྔོན་ལའི་ལྷ་ཁང་ཞིག་ཡོའོ་རེད། ཆུང་ཆུང་ཞིག་ཡོའོ་རེད།
- རྒྱལ་པོཨཱ་ལས། ཡོད་ཡས་ཡོད་པ་རེད།
- བུ་ཆུངལྷ་ཁང་དེ་ག་རེ་རེད་ཟེར་ན་མེས་ཨག་ཚོམ། ཆོས་རྒྱལ་སྲོང་བཙན་སྒམ་པའི་སྐབས་ནས་བྱས་བྱས། ལྷ་ཁང་ཡོའོ་རེད། དེ་དཔེར་ན་ཆ་བཞག་ན་འདི་བཙན་ཐང་གཡུ་ཡི་ལྷ་ཁང་བྱས། ཕ་ནས་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་བྱས།
- རྒྱལ་པོའོ་རེད་རེད་རེད།
- བུ་ཆུངཨ་ནི་དེ་ཚོ་སྒང་ག་ལོགས་ལྷ་དེ་ག་རེ་རེད་ཟེར་ན། ད་ལྟ་མདུན་ལ་རྒྱལ་བ་རིགས་ལྔ་བྱས། གཞོགས་གཡོན་ལ་ཉེ་བའི་སྲས་ཆེན་བརྒྱད་བྱས། འོ་དེའི་དབྱིབས་ཡོད་པ་སྒང་ག་ལོགས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ལ་ཡིན་པ་དེ། ད་དེ་ང་ཚོ་དགོན་པའི་ནང་ལོགས་ལ་ཕྱིན་པ་ཡིན་ན་གསལ་པོ་ཞེ་དྲག་ཡོའོ་རེད་ལ། གཉའ་ཁྲི་བཙན་པོ་རང་གི་བཞུགས་ཁྲི་དེའི་ཆ་ཚང་འདིའི་ཡོད་པ།
- རྒྱལ་པོད་ལྟ་བསྡད་ཡོའོ་རེད་པཱ།
- བུ་ཆུངཡོའོ་རེད་ཡོའོ་རེད། བྱས་ཙང་་ལྷ་བབས་རི་ཟེར་དགོས་ཡས་རྒྱུ་མཚན་དེ་ད་ག་རེད་ལ། ཨ་ནི་རི་དེའི་མིང་ལ་ལྷ་བབས་རི་ཟེར། ང་ཚོ་བོད་ལ་ད་བོད་ཁ་བ་ཅན་ལུང་པ་ག་པར་ཕྱིན་པ་ཡིན་ནའི། ཨ་ནི་བོད་ཀྱི་རྒྱལ་པོ་ཐོག་མ་དེ་གཉའ་ཁྲི་བཙན་པོ་ཡིན་པ། གཉའ་ཁྲི་བཙན་པོ་དེ་ག་པར་བབས་ས་ལ། ལྷ་བབས་རི་ཟེར་སྐད་གྲགས་ཆེན་པོ་དེ་རི་དེ་ག་གི་རེད་ཟེར་ན། ད་རི་དེ་འདི་ཡིན་པ།
- རྒྱལ་པོའདི་ཡིན་པ། འོང་འོང་། ད་དེའི་ཡ། ཨ་ནི་དེ་ཟེར་གྱི་ཡོའོ་རེད་པ་ལ། དེའི་ལུང་པ་དེའི་མིང་ལ་ད་དེང་སང་བཙན་ཐང་ཟེར་གྱིས། དེ་ད་ག་རེད་པས། ལགས། དེ་ལྷ་ཁང་དེ་ལ་རྟེན་བྱས་ཐོབ་པ་རེད་གང་འདྲས་རད།
- བུ་ཆུངལགས་རེད། བཙན་ཐང་བཙན་ཐང་ཟེར་ཡས་བཙན་ཞིག་ཡོའོ་རེད་པཱ།
- རྒྱལ་པོའོང་འོང་འོང་།
- བུ་ཆུངབཙན་དེ་བོན་བོད་རེད་པ། དཔེ་ཆ་བཞག་ན་སྟེང་ལྷ་བྱས། འོག་ཀླུ་བྱས། བར་བཙན་རེད་པ།
- རྒྱལ་པོའོ་རེད་པ།
- བུ་ཆུངའོ་ཡག བར་བཙན་གྱི་ད་ཁོང་ཚོ། ཁོང་རྣམ་ཚོ་ཆོས་པ་དང་མཆོད་མེ་འབུལ་ས་གཙོ་ཆེ་ཤོས་བཙན་དེ་ཡིན་པ། ལུང་པ་དེའི་གྱི་བཙན་དེ་གཙོ་ཆེ་ཤོས་དེ་ག་པར་ཆགས་བསྡད་ཡོའོ་རེད་ཟེར་ན། དེའི་ཆགས་ཡོའོ་རེད་པཱ། དེའི་ཆགས་ཙང་ཨ་ནི་དེའི་སྒོ་བཞི་འདྲ་པོ་བྱས་བྱས། བཙན་ཐང་སྒོ་བཞི་ཟེར་ཡས་དེ་རྒྱུ་མཚན་འོ་དེ་འདྲས་ཤིག་ལ་བརྟེན་བྱས།
- རྒྱལ་པོད་བྱས་ཙང་། ཨ་ལས་དེང་སང་ང་ཚོས་གོ་ཐོས་ལ་ཡ། བཙན་ཐང་ཟེར་ལུང་པ་དེའི་མིང་ལ་ཡ་གོ་དགོས་ཀྱི་ཡོའོ་རེད། རེད་པཱ།
- བུ་ཆུངད་ཐོག་མ་ཐོག་མ་བྱས་ན་ག་རེ་རེད་ཟེར་ན། དེ་རེད་པ། བཙན་དེ་བསྡད་ས་བྱས། བཙན་དེ་བཞུགས་ས་བྱས། བཙན་དེ་བཞུགས་ས་དེ་གཞུག་གུ་ལྷ་ཁང་བཞེངས་པ་རེད་པ། བཙན་ཐང་སྒོ་བཞིའི་ལྷ་ཁང་། བཙན་ཐང་གཡུ་ཡི་ལྷ་ཁང་ཟེར་རེད་པ།
- རྒྱལ་པོའོ་རེད།
- བུ་ཆུངཨ་ནི་གཡུ་ཡི་ལྷ་ཁང་འདིའི་མིང་དེའི། དགོན་པ་དེ་ལ་ཆ། དེ་ཆ་ཚང་ཐོབ་འདུག་ག ས་ཆ་དེས་བྱས་ཡོང་དུས་ཙ་ནས། ས་ཆ་དེ་ལའི་བཙན་ཐང་། བཙན་ཐང་ལྷ་ཁང་། བཙན་ཐང་བཙན་ཐང་བཙན་ཐང་ཟེར་ཡས་དེ། འོ་དེ་འདྲས་བྱས་ཐོབ་པ་རེད།
- རྒྱལ་པོལགས་སོ་ལགས་སོ། ཨ་ནི་དེའི་རྗེས་ལ་ཡ། གཡས་གཡོན་ལ་ད་དུང་དེའི་བཙན་ཐང་མིན་པའི་ད། དཔེ་ཆ་བཞག་ན་གཉའ་ཁྲི་བཙན་པོ་ད་རྗེས་ལ་ཡ་བོད་ཀྱི་རྒྱལ་པོ་གནང་པ་རེད་པཱ། ཨང་དང་པོ་དེ་རེད་པཱ།
- བུ་ཆུངརེད་རེད་རེད།
- རྒྱལ་པོབཙན་པོ་ཨང་དང་པོ་སོང་ཙང་།
- བུ་ཆུངལགས་རེད།
- རྒྱལ་པོཨ་ནི་རྗེས་ལ་ཡ། ཡུམ་བུ་གླ་ཁང་ལ་ཡ་གདན་འདྲེན་གང་འདྲས་ཞུས་པ་རེད།
- བུ་ཆུངརེད་རེད། ད་དེ་ནས་བཙན་ཐང་གཡུ་ཡི་ལྷ་ཁང་འདི་ནས་བཞེངས་གནང་པ་རེད་པཱ།
- རྒྱལ་པོའོ་རེད་པཱ།
- བུ་ཆུངའདི་ནས་བཞེངས་བྱས་ཨ་ནི་གཞུག་གུར་་ཕ་གའི། ཡུམ་བུ་ལྷ་ཁང་ཡོད་ས་དེ་ལ་ཕོ་བྲང་ཐོག་མ་དེ་བཞེངས་པ་རེད་པ། བོད་ཀྱི་ཕོ་བྲང་ཐོག་མ་དེ་བཞེངས་ཙང་། ཨ་ནི་འདི་ནས་ཕར་གདན་འདྲེན་ཞུས་ཙང་། ཨ་ནི་དེ་ནས་གཞུག་གུར། ཨ་ནི་་གཉའ་ཁྲི་བཙན་པོ་གཏན་བསྡོད་བཞུགས་ས་དེ། ཨ་ནི་ཕ་གའི་ཡུམ་བུ་ལྷ་ཁང་ལ་བཞུགས་པ་ཡིན་ཟེར་ཡས།
- རྒྱལ་པོཨོང་འོང་འོང་་་།
- བུ་ཆུངདང་པོ། ཐོག་མ་དེ་ད་ག་རང་རེད།
- རྒྱལ་པོབཙུགས་དེ་༼རྟག་ཏུ་༽ཡ་གའི་བཞུགས་ཀྱི་ཡོའོ་རེད་ཟེར། ལགས་སོ་ལགས་སོ།
- རྒྱལ་པོཨ་ནི་དེ་མིན་པའི་ང་ཚོ་དེའི་རྒྱ་རྒྱུད་ལ་ལྷ་ཁའི་གནས་ལ་ཡ་ད། ད་ལྟ་ཨ་ནི་ལོ་རྒྱུས་ཐོག་ལ་ཡ། ད་གའི་རྒྱ་རྒྱུད་ས་ཆ་ད་གའི་རྒྱ་རྒྱུད་ལ་ཡ། ཁྱེད་རང་གིས་མཁྱེན་པ་འདྲ་པོ་གནས་བཤད་གནང་ཡས་འདུག་གས།
- བུ་ཆུངད་དེའི་རྒྱུད་ལ་དཔེར་ན་ཆ་བཞག་པ་ཡིན་ན། ཡར་ལུང་རྟེན་གསུམ། གནས་གསུམ། ཕུག་གསུམ།ཟེར། ད་སྐད་སྒྲགས་ཆེན་པོ་ཡོའོ་རེད་པཱ། དཔེར་ན་ཆ་བཞག་ན། རྟེན་གསུམ་ཡོའོ་རེད་པ།
- རྒྱལ་པོའོ་རེད།
- བུ་ཆུངརྟེན་གསུམ་གྱི་ནང་གསེས་གཅིག་འདི་རེད།
- རྒྱལ་པོཨ་ལས་ལས། ང་ཚོས་ད་ལྟ་འདི་འབུམ་པ་འདི།
- བུ་ཆུངལགས་རེད་ལགས་རེད། འབུམ་པ་དེ་རེད།
- རྒྱལ་པོའབུམ་པ་དེ་ལ་ཡ་ཚེས་བཅུ་འབུམ་པ་ཟེར་གྱི་འདུག་ག།
- བུ་ཆུངཚེས་བཅུ་འབུམ་པ་ཟེར་དགོས་ཡས་རྒྱུ་མཚན་ག་རེ་རད་ཟེར་ན། བོད་ཟླ་དྲུག་པའི་ཚེས་པ་བཅུ་ལ་ཨ་ནི་འདིའི་ཡོད་པའི་མི་སེར་སྒང་ག་ལོགས་ལོ་རེ་ལ། བོད་ཟླ་དྲུག་པའི་ཚེས་པ་བཅུ་ལ་དེའི་ཡོང་བྱས། ཨ་ནི་འདིའི་བསྐོར་ར་བསགས། བསྐོར་ར་བསགས་ཡས་དེའི་དཔེར་ན་ཆ་བཞག་ན་སོ་སོའི་ལོ་གྲངས་ལ་བལྟས་བྱས།
- རྒྱལ་པོསོ་སོའི་ལོ་གྲངས་ལ་བལྟས་བྱས།
- བུ་ཆུངལོ་བརྒྱ་ཅུ་གྱ་ལྔ་ཡིན་ན། བསྐོར་ར་བརྒྱ་ཅུ་གྱ་ལྔ་བརྒྱབ་དགོས་ཡོའོ་རེད། ལོ་སུམ་ཅུ་སོ་དྲུག་ཡིན་ན་བསྐོར་ར་སུམ་ཅུ་སོ་དྲུག་བརྒྱབ་ཀྱི་ཡོའོ་རེད།
- རྒྱལ་པོཨ་ལས། སོ་སོའི་ལོ་གྲངས་ལ་བསྐོར་ར་བརྒྱབ་ན་འགྲིག་གི་ཡོའོ་རེད། རེད་པཱ།
- བུ་ཆུངའོང་། བསྐོར་ར་ཞིག་བརྒྱབ་བྱས་ད་དེ་བཀྲ་ཤིས་པ་དང་། རེད་པཱ། དོན་གྲུབ་པ། ཚེ་རིང་བ། འོ་དེ་འདྲས་ཡོང་ཡས་ཀྱི་ཆེད་དུ། ཨ་ནི་འདི་བཞེངས་པ་ཡིན་ཟེར་གྱི་ཡོའོ་རེད།
- བུ་ཆུངཚེས་བཅུ་འབུམ་པ་ཟེར་ཡས་དེ། ཨ་ནི་འདི་མིན་པའི་དེ་ག་རེ་རེད་ཟེར་ན། ད་དུང་རྟག་བརྟན་ཕོ་བྲང་བྱས་རྟག་བརྟན་འབུམ་པ་བྱས། རྟག་བརྟན་འབུམ་པ་དེ་འདི་ནས་ཡར་ཡུམ་བུ་ལྷ་ཁང་ནས་ཡར་ཁ་སྤྲད་བྱས། ལུང་ལ་དེའི་ནང་ལ་འགྲོ་དགོས་རེད་པཱ། ཁྲི་སྲོང་ལྡེ་བཙན་སྐབས་ལ་བཞེངས་པ་རེད་པ། དེ་ནས་རྒོད་ཐང་འབུམ་པ་བྱས། རྒོད་ཐང་འབུམ་པ་དེ་ཡར་ས་དེ། ཁ་ཏོག་དེ་ནས་ཡར་ས་དེའི་འགྲོ་དགོ་རེད་པ། འོ་དེ་རྒོད་ཐང་འབུམ་པ་ཟེར་གྱི་རེད་པཱ།
- རྒྱལ་པོའོང་། ལགས་སོ།
- བུ་ཆུངད་དེ་ག་རེ་རེད་ཟེར་ན། རྟེན་གསུམ་རེད་པཱ།
- རྒྱལ་པོལགས་རེད།
- བུ་ཆུངཨ་ནི་ཕུག་གསུམ་ག་རེ་རེད་ཟེར་ན། དེ་ལུང་པ་དེ་འདུག་ག དེའི་ནང་ལོགས་དེའི་ཤེལ་བྲག་ཕུག་ཡོའོ་རེད། གུ་རུ་རིན་པོ་ཆེ་ཡི་གནས་རྟེན་གཙོ་ཆེ་ཤོས་དེ། ཤེལ་བྲག་ཕུ་ལ་ཡོད་པ། ཤེལ་བྲག་ཕུག་ཡི་ནང་ལོགས་ལ། ད་དཔེར་ན་ཆ་བཞག་ན་ད་ལྟ་དགོན་པ་ཞིག་ཡོའོ་རེད། དགོན་པ་དེ་ད་རྟེན། དགོན་པ་དེ་གས་ཕུག་གསུམ་དགོན་པའི་ནང་ལོག་ནས་ཡག་ཤོས་དེ་འདི་བསྡད་བསྡད་ཡོའོ་རེད།
- བུ་ཆུངད་དུང་ལའི་གྲྭ་པའི་མང་པོ་ཡོའོ་རེད་ལ། ཨ་ནི་རྟེན་ཕུན་སུམ་ཚོགས་པོ། ཡག་པོ་ཞེ་དྲག་ཡོའོ་རེད། ཤེལ་བྲག་ཕུག་ལ་ཡོའོ་རེད། ཤེལ་བྲག་ཕུག་ལ་འདི་ནས་ཡར། ཡར་ཕྱིན་བྱས་ཐག་རིང་པོ་ག་རོའོ་༼མང་པོ་༽འགྲོ་རྒྱུ་ཡོའོ་རེད། འདིའི་ནང་ལོགས་ནས་ཡར་འགྲོ་དགོས་རེད། ལུང་པ་འདིའི་ནང་ལོགས་ལ།
- བུ་ཆུངཨ་ནི་རྟེན་གཞན་དག་ཅིག་་ག་རེ་རེད་ཟེར་ན། རས་ཆུང་ཕུག་ཟེར་ཡས་དེ། རི་ཕ་གའི་སྒང་ལ་ཡོའོ་རེད། ཁེ་སྨད་རེད་པཱ། ཁེ་གསུམ་བྱས་ཁེ་སྨད་རི་དེའི་སྒང་ལ། རས་ཆུང་ཕུག་བྱས། དེ་ནས་ཚུར་ཙམ་ཡོང་པ་ཡིན་ན། ཨ་ནི་བཻ་རོ་ཕུག་བྱས། ཕུག་གསུམ་བྱུང་སོང་ང་།
- རྒྱལ་པོའོང་ལགས་སོ་ལགས་སོ།
- བུ་ཆུངརྟེན་གསུམ་བྱས། ཕུག་གསུམ་བྱས། གནས་གསུམ་བྱས། རེད་པཱ།
- རྒྱལ་པོའོང་རེད།
- བུ་ཆུངགནས་གསུམ་དེ་ག་རེ་རེད་ཟེར། ཨ་ནི་ད་ལྟ་གཅིག་ག་རེ་རེད་ཟེར་ན། བྱ་ས་ལྷ་ཁང་དེ་བྱས།
- རྒྱལ་པོབྱ་ས་ལྷ་ཁང་། ལགས་རེད།
- བུ་ཆུངཨ་ནི་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་བྱས། བཙན་ཐང་གཡུ་ཡི་ལྷ་ཁང་བྱས།
- རྒྱལ་པོཏག་ཏག་འོ་དེ་གས་གསུམ།
- བུ་ཆུངའོ་ཡག་རྟེན་གསུམ། གནས་གསུམ། ཕུ་གསུམ། ད་དེ་ཚོ་ག་རེ་རེད་ཟེར་ན། ཡུལ་ཡར་ལུང་ལ་སླེབས་པ་ཡིན་ན། གནས་མཇལ་པ་ཞིག་ཡིན་ནའི་འདྲ། གང་འདྲས་ཤིག་ཡིན་ནའི། དེ་གས་སྒང་ག་ལོགས་ཡིན་གཅིག་མིན་གཅིག་བསྐོར་ར་བརྒྱབ་དགོས་ཀྱི་ཡོའོ་རེད་ལ། བསྐོར་ར་དེ་འདི་ནས་བྱ་ས་ལྷ་ཁང་ནས་འགོ་བཙུགས་བྱས། ཨ་ནི་གོང་པོ་རི་རེད་པཱ། རྩེད་ཐང་གོང་པོ་རི་བྱས། དེ་ནས་བསྐོར་ར་འདུག་བཟོ་བྱས་བྱས། ཁྲ་འབྲུག་སྒྲོལ་མ་ལྷ་ཁང་བྱས། ཆ་ཚང་འདུག་བཟོ་བསྐོར་ར་བརྒྱབ་པ་ཡིན་ན། ཨ་ནི་རྟེན་གསུམ་གནས་གསུམ་ཆ་ཚང་ནང་ལོགས་ལ་ཚུད་ཡོད་ཟེར། ལགས་རེད། དེ་འདྲས་འདྲ་པོ་ཞིག་རེད།
- རྒྱལ་པོལགས་སོ། དེ་མིན་པའི་ཨ་ནི། ང་ཚོས་ད་ལྟ་དེའི་ཡ་མཇལ་ཡས་དེ། མ་གའི་ཡ་སྣེ་གདོང་། སྔོན་མ་ཡིན་ན་ཕག་མོ་གྲུ་པའི་སྐབས་ལ་ཡ། རྒྱལ་ས་ཆགས་པ་རེད་གསུང་གིས། དེ་རེད་པས་ལ།
- བུ་ཆུངལགས་རེད། ཕག་མོ་གྲུ་པའི་སྐབས་ལ་ག་རེ་རེད་ཟེར་ན། ད་བོད་ཀྱི་ལྟེ་གནས་འདྲ་པོ་དེ། གཙོ་ཆེ་ཤོས་དེ་སྣེ་གདོང་རྒྱལ་པོ་ཟེར་གྱི་ཡོའོ་རེད། འོ་བཞུགས་ས་ཕ་གི
- རྒྱལ་པོད་ལོ་རྒྱུས་སྒང་ལ་འཁོད་པ་བྱས་ན་ལོ་ཉི་བརྒྱ་ལྷག་ཙམ་རེད་པས།
- བུ་ཆུངལགས་རེད། ལོ་རྒྱུས་ལ་དེ་བྱས་པ་ཡིན་ན། ལོ་ཕལ་ཆེར་དྲུག་བརྒྱ་བདུན་བརྒྱ་འགྲོ་ཡི་ཡོའོ་རེད་པ། ད་ལྟ་རྒྱལ་བ་ལྔ་པ་ནས་བྱས་བྱས་ལོ་དེ་གས་དེ་འགྲོ་ཡི་ཡོའོ་རེད། དེའི་གོང་གི་ད། ག་རེ་རེད་ཟེར་ན། ཕག་མོ་གྲུ་པའི་སྐབས་ཀྱི་ལྟེ་གནས་དེ་ཆགས་ས་དེ། འོ་ད་སྣེ་གདོང་ཕར་པ་སྣེ་གདོང་བན་ཙང་ཟེར་ཡས་དེ་རི་དེའི་མིང་། འོ་དེ་ཡའི་འགལ་ཆེན་པོ་ཞེ་པོ་ཞིག།
- རྒྱལ་པོཨ་ལས། ཕོ་བྲང་གནས་ས་དེ་ཕ་གའི་ཡིན་པ་རེད།
- བུ་ཆུངའོ་དེ་གལ་ཆེན་པོ་ཞེ་དྲགས་རྩིས་ཀྱི་ཡོའོ་རེད།
- རྒྱལ་པོཨ་ལགས་སོ།
- བུ་ཆུངབྱས་ཙང་ཨ་ནི་འདི་བྱས། ཨ་ནི་འདི་ནས་ཕ་གའི་ཡ། རི་དེའི་མིང་ལ་གོང་པོ་རི་ཟེར་གྱི་ཡོའོ་རེད་པ། གོང་པོ་རིའི་ནང་ལོགས་ལ་ཨ་ནི། བོད་ཀྱི་དེ་རེད་པཱ། ད་ལྟ་ག་རེ་ཟེར་ན། སྤྲེའུ་དང་བྲག་སྲིན་མོ་སྒང་ག་ལོགས།
- རྒྱལ་པོའོ་རེད་རེད། ཐོག་མ་ཨ་ནི་བོད་མི་ཆགས་སའི་་་།
- བུ་ཆུངབོད་མི་ཆགས་ས་དེ་དེ་ཡིན་ཟེར་གྱི་ཡོའོ་རེད་ལ། སྤྲེའུ་རྩེད་མོ་རྩེད་བའི་རྩེད་ཐང་ལ་སོགས་པ་དེ་གས་ཀྱི་ལོ་རྒྱུས་ཡང་ཆ་ཚང་ཞིག་དེར་ཡོའོ་རེད།
- རྒྱལ་པོཨ་ལས་ལས། ཡར་ལུང་དེ་དངོས་གནས་ཕུན་སུམ་ཚོགས་པོ་ཞེ་དྲགས་རེད་བཞག ཆོས་ལུགས་ཡིན་ནའི་རེད། ལོ་རྒྱུས་ཡིན་ནའི་རེད། གང་ཅིའི་ཐད་ལ་ཡ།
- བུ་ཆུངརིག་གཞུང་། ཆོས་ལུགས་ག་རེ་ཡིན་ནའི་ད། ཧ་ཅང་དཔེ་མི་སྲིད་པའི་བསམ་གྱི་མི་ཁྱབ་པ། ཕུན་སུམ་ཚོགས་པོ་རྒྱས་པོ་ཞེ་དྲགས། ད་ཞུས་པ་ཡིན་ན་ད་ཞེ་དྲགས་ཞུ་རྒྱུ་ཡོའོ་རེད། སྟབས་བདེ་འདྲ་པོ་བྱས་ན་འོ་དེ་འདྲས་ཤིག་རེད།
- རྒྱལ་པོལགས། ཐུགས་ཆེ་གནང་། ཐུགས་ཆེ་གནང་། ལགས།