Skip to main content Skip to search
15 Dec 2011
9 min 5 sec
Video Overview
Creators: 
Unknown

Tséring Gyelpo and Buchung present a brief history of Lhabap Mountain.

该片主要讲述了,拉波山的得名,相传吐蕃王朝的第一个藏王聂赤赞波是在这座山上被当地游牧人发现而得名。据说在赞塘郭西山间的游牧人发现后,被当时的十二个氏族酋长和苯波教徒共同拥立为王。后来将王宫建在雍布拉山岗上,是西藏历史上第一座宫殿。该片中还讲述了附近一些名胜古迹的历史。 该片讲述了拉波山的传说及吐蕃王朝第一个藏王的产生历史等。

Transcript search
No results found for this search
0 of 0
  • རྒྱལ་པོ
    རྒྱལ་པོ་ལགས།
    rgyal po lags/
  • བུ་ཆུང
    ལགས་འོང་།
    lags 'ong /
  • རྒྱལ་པོ
    ང་ཚོའི་ད་ལྟའི་འདིའི་རྒྱབ་དེའི་ཡ། ལྷ་དམག་དཔོན་ཞུ་གི་འདུག་ག།
    nga tsho'i da lta'i 'di'i rgyab de'i ya/_lha dmag dpon zhu gi 'dug ga/
  • བུ་ཆུང
    ལགས་རེད།
    lags red/
  • རྒྱལ་པོ
    དེ་གནས་བཤད་འདྲ་པོ། ཁྱེད་རང་གིས་གཅིག་བསྐྱོན་རོགས་གནང་། ཨོང་གོའོ།
    de gnas bshad 'dra po/_khyed rang gis gcig bskyon rogs gnang /_ong go'o/
  • བུ་ཆུང
    ལགས་ལགས། དེ་ཨེ། རི་འདི་འདུག་ག།
    lags lags/_de e/_ri 'di 'dug ga/
  • རྒྱལ་པོ
    ལགས་འོང་།
    lags 'ong /
  • བུ་ཆུང
    རི་དེའི་མིང་ལ་ལྷ་བབས་རི་ཡང་ཟེར་གྱི་ཡོའོ་རེད་ལ། ཡང་ཐབ་རྡོ་རི་ཡང་ཟེར་གྱི་ཡོའོ་རེད།
    ri de'i ming la lha babs ri yang zer gyi yo'o red la/_yang thab rdo ri yang zer gyi yo'o red/
  • རྒྱལ་པོ
    ལགས་སོ་ལགས་སོ།
    lags so lags so/
  • བུ་ཆུང
    ཐབ་རྡོ་རི་ཟེར་དགོས་རྒྱུ་མཚན་ག་རེ་རེད།ཟེར་ན། ང་རང་ཚོ་བོད་ཀྱི་སྒྱེད་པུ་ཡོང་ང་།
    thab rdo ri zer dgos rgyu mtshan ga re red/zer na/_nga rang tsho bod kyi sgyed pu yong nga /
  • རྒྱལ་པོ
    འོ་ཡོད་པཱ།
    'o yod pA/
  • བུ་ཆུང
    སྒྱེད་པུ་རྡོ་རྐང་གསུམ་གཅིག དེའི་སྒང་ལ་བསླངས། དེའི་སྒང་ལ་ཧ་ཡང་བསྐྱོན་བྱས་བཞག་གི་རེད་པ།
    sgyed pu rdo rkang gsum gcig_de'i sgang la bslangs/_de'i sgang la ha yang bskyon byas bzhag gi red pa/
  • རྒྱལ་པོ
    འོ་རེད་རེད་རེད།
    'o red red red/
  • བུ་ཆུང
    དེ་ནང་བཞིན་གྱི་དབྱིབས་དེ་འདི་འདྲ་པོ་ཞིག་ཡོད་ཟེར། དེའི་དབྱིབས་དེ་ག་རེ་རེད།ཟེར་ན། རི་ད་ག་རང་གི་དབྱིབས་ཟེར་ད། གཞི་རི་གཞན་དག་ཟེར་གྱི་ཡོའོ་མ་རེད། རི་དེ་གའི་རྩེ་དེ་གའི། རི་ད་ག་རང་གི་རྩེ་དེ། སྒང་དེ་ལ་ཕྱིན་པ་ཡིན་ན། རྩེ་དེ་ཐབ་ཀྱི་རྡོ་འདྲ་པོ་ཞིག་ཡོད་ཙང་། ཨ་ནི་ཡང་མིང་གཞན་དག་ལ་ཐབ་རྡོ་རི་ཡང་ཟེར་གྱི་ཡོད་པ། 
    de nang bzhin gyi dbyibs de 'di 'dra po zhig yod zer/_de'i dbyibs de ga re red/zer na/_ri da ga rang gi dbyibs zer da/_gzhi ri gzhan dag zer gyi yo'o ma red/_ri de ga'i rtse de ga'i/_ri da ga rang gi rtse de/_sgang de la phyin pa yin na/_rtse de thab kyi rdo 'dra po zhig yod tsang /_a ni yang ming gzhan dag la thab rdo ri yang zer gyi yod pa/_
  • རྒྱལ་པོ
    འོ་ལགས་སོ་ལགས་སོ།
    'o lags so lags so/
  • རྒྱལ་པོ
    ད་ལྷ་བབས་རི་ཟེར་དགོས་རྒྱུ་མཚན་ག་རེ་རེད།ཟེར་ན། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་དེ་ཀོང་པོ་ནས་བྱས། རེད་པཱ།
    da lha babs ri zer dgos rgyu mtshan ga re red/zer na/_bod kyi rgyal po thog ma gnya' khri btsan po de kong po nas byas/_red pA/
  • རྒྱལ་པོ
    འོ་རེད།
    'o red/
  • བུ་ཆུང
    དེ་ནས་དྭགས་པོ་ནས་བྱས། ལྷ་རི་རྒྱང་སྟོད་ཁང་ནས་ཡར་འཕུར་བྱས། ཨ་ནི་དེའི་ཡོང་བྱས། འདིའི་སྒང་ལ་བབས་པ་ཡིན།ཟེར་གྱི་ཡོའོ་རེད།
    de nas dwags po nas byas/_lha ri rgyang stod khang nas yar 'phur byas/_a ni de'i yong byas/_'di'i sgang la babs pa yin/zer gyi yo'o red/
  • རྒྱལ་པོ
    ཨོའོ།
    o'o/
  • བུ་ཆུང
    ད་སྐབས་དེ་དུས་ག་རེ་རེད།ཟེར་ན། ས་ཆ་དེ་གས་སྒང་ག་ལོགས་༼ཚང་མ་༽འབྲོག་པ་ཡིན་ཟེར་གྱི་ཡོའོ་རེད། འབྲོག་པ་བྱས་ནས།
    da skabs de dus ga re red/zer na/_sa cha de gas sgang ga logs (tshang ma )'brog pa yin zer gyi yo'o red/_'brog pa byas nas/
  • རྒྱལ་པོ
    ཨཱ་ལས། འོ་བཤད་སོང་ང་། དེའི་མདུན་ལ་རྦད་དེ་ན་ཐང་རེད་ཟེར་རེད་པ། འོང་ཟག་ཟག་ཟག་༼ཟེར་་་་༽།
    A las/_'o bshad song nga /_de'i mdun la rbad de na thang red zer red pa/_'ong zag zag zag (zer )/
  • བུ་ཆུང
    ནག་ཁ་འཇམ་ཐིང་ངེ་བསྡད་པ་ཞིག་དེའི་སྒང་ལ་སེམས་ཅན་སྣ་མིན་སྣ་ཚོགས་བྱས་བྱས། ཨ་ནི་འབྲོག་པ་རྒྱ་ཆེན་པོ་ཞེ་པོ་ཞིག་བྱས་བྱས། འབྲོག། འབྲོག་ས་བྱས་བྱས།
    nag kha 'jam thing nge bsdad pa zhig de'i sgang la sems can sna min sna tshogs byas byas/_a ni 'brog pa rgya chen po zhe po zhig byas byas/_'brog/_'brog sa byas byas/
  • རྒྱལ་པོ
    འོ་རེད་རེད།
    'o red red/
  • བུ་ཆུང
    སྐབས་དེ་དུས་དེ་འདྲས་བྱས་བྱས་བསྡད་ཡོའོ་རེད་ཟེར་གྱི་འདུག་ག
    skabs de dus de 'dras byas byas bsdad yo'o red zer gyi 'dug ga
  • རྒྱལ་པོ
    ཨཱ་ལས།
    A las/
  • བུ་ཆུང
    བྱས་ཙང་ཨ་ནི། ཆོས་ལུགས་དེ་ཡ་བོན་པའི་ཆོས་ལུགས་ཡིན་པ།
    byas tsang a ni/_chos lugs de ya bon pa'i chos lugs yin pa/
  • རྒྱལ་པོ
    སྐབས་དེ་དུས་སངས་རྒྱས་ཆོས་ལུགས་དེ་དར་ཡོའོ་མ་རེད།
    skabs de dus sangs rgyas chos lugs de dar yo'o ma red/
  • རྒྱལ་པོ
    རེད་པཱ།
    red pA/
  • བུ་ཆུང
    བོན་པོའི་ཆོས་ལུགས་རེད། བོན་པོའི་ཆོས་ལུགས་དང་བོན་པོའི་ཚོ་པ་བཅུ་གཉིས་འདྲ་པོ་ཞིག་གི ཨ་ནི་དབུ་འཛིན་འདི་གས་སྒང་ག་ལོགས། ཨ་ནི་ཐབ་རྡོ་རི་ལ་ད་དེའེ་གཉའ་ཁྲི་བཙན་པོ་འབབ་པ་ཡིན་ཙང་། ཨ་ནི་ཁོ་ཚོ་ཡར་སྒང་ལ་ཕྱིན་བྱས་བཀའ་འདྲི་ཞུས་་འདུག་ག
    bon po'i chos lugs red/_bon po'i chos lugs dang bon po'i tsho pa bcu gnyis 'dra po zhig gi_a ni dbu 'dzin 'di gas sgang ga logs/_a ni thab rdo ri la da de'e gnya' khri btsan po 'bab pa yin tsang /_a ni kho tsho yar sgang la phyin byas bka' 'dri zhus 'dug ga
  • རྒྱལ་པོ
    ཨཱ་ལས།
    A las/
  • བུ་ཆུང
    བཀའ་འདྲི་ཞུས་བྱས་ཨ་ནི་ཁྱེད་རང་གང་ནས་ཕེབས་པ་ཟེར་ལབ་འདུག་ག ད་ག་རེ་རད་ཟེར་ན། གཉའ་ཁྲི་བཙན་པོ་དང་ཁོ་རང་ཚོ་སྐད་ཆ་ཤོད་ཐུབ་ཀྱི་ཡོའོ་མ་རེད།
    bka' 'dri zhus byas a ni khyed rang gang nas phebs pa zer lab 'dug ga_da ga re rad zer na/_gnya' khri btsan po dang kho rang tsho skad cha shod thub kyi yo'o ma red/
  • རྒྱལ་པོ
    རེད་པཱ།
    red pA/
  • བུ་ཆུང
    སྐད་ཆ་ཕར་ཚུར་གོ་བརྡ་སྤྲོད་ཀྱི་ཡོའོ་མ་རེད། བྱས་ཙང་གཉའ་ཁྲི་བཙན་པོས་གནམ་ལ་འདུག་བཟོ་བྱས་བྱས། གནམ་ལ་མཛུག་གུ་ཀེར་བྱས་ཙང་། ཨ་ནི་གནམ་ནས་ཨོའོ། ད་ཁོ་ཚོའི་བསམ་པ། ད་གནམ་ནས་མར་འབབ་པ་རེད་བཞག་ཟེར། གནམ་ནས་འབབ་པའི་ལྷ་རེད་བཞག་ཟེར་བྱས་ནས། དེ་མཛུག་གུ་ཀེར་ཡས་ག་རེ་རེད་ཟེར་ན། དཔེར་ན་ཆ་བཞག་ན་ཡུམ་བུ་ལྷ་ཁང་ནང་ལོགས་ན་གཉའ་ཁྲི་བཙན་པོའི་སྐུ་ཡོའོ་རེད་པ།
    skad cha phar tshur go brda sprod kyi yo'o ma red/_byas tsang gnya' khri btsan pos gnam la 'dug bzo byas byas/_gnam la mdzug gu ker byas tsang /_a ni gnam nas o'o/_da kho tsho'i bsam pa/_da gnam nas mar 'bab pa red bzhag zer/_gnam nas 'bab pa'i lha red bzhag zer byas nas/_de mdzug gu ker yas ga re red zer na/_dper na cha bzhag na yum bu lha khang nang logs na gnya' khri btsan po'i sku yo'o red pa/
  • རྒྱལ་པོ
    འོ་རེད་པཱ།
    'o red pA/
  • བུ་ཆུང
    གཉའ་ཁྲི་བཙན་པོའི་སྐུ་དང་ལྡེབས་རིས་ཡིན་ནའི་འདྲ་འཇིམ་སྐུ་གང་འདྲས་ཤིག་ཡིན་ནའི། མཛུག་གུ་སྒང་ག་ལོགས་འདུག་བཟོ་བྱས་བསྡད་ཡོའོ་རེད། དེ་་རྒྱུ་མཚན་ག་རེ་རེད།ཟེར་ན། ཐོག་མ་ཁོ་ཚོ་དེའི་མཇལ་དུས་ཨ་ནི་ཁྱེད་རང་གང་ནས་ཡོང་པཱ།བྱས་ཙང་། མཛུག་གུ་གནམ་ལ་བཙུགས་ཙང་། ཨ་ནི་གནམ་ནས་ཡོང་པ་ཡིན་ཟེར།
    gnya' khri btsan po'i sku dang ldebs ris yin na'i 'dra 'jim sku gang 'dras shig yin na'i/_mdzug gu sgang ga logs 'dug bzo byas bsdad yo'o red/_de rgyu mtshan ga re red/zer na/_thog ma kho tsho de'i mjal dus a ni khyed rang gang nas yong pA/byas tsang /_mdzug gu gnam la btsugs tsang /_a ni gnam nas yong pa yin zer/
  • རྒྱལ་པོ
    འོང་འོང་འོང་།
    'ong 'ong 'ong /
  • བུ་ཆུང
    དེ་བྱས་ཙང་། ཨ་ནི་ཁོང་རྣམ་ཚོས་དེ། བོན་པོའི་མི་བཅུ་གཉིས་ཡོའོ་རེད་པཱ།
    de byas tsang /_a ni khong rnam tshos de/_bon po'i mi bcu gnyis yo'o red pA/
  • རྒྱལ་པོ
    འོ་རེད།
    'o red/
  • བུ་ཆུང
    འོ་དེ་གས་སྒང་གས་༼དེ་རྣམས་ཚང་མས་༽ཨ་ནི་ཁྲིའི་གང་ལ་བཞག ཁྲི་དེ་ག་རེ་རད་ཟེར་ན། དཔུང་པའི་སྒང་ལ་འཁྱེར་བྱས་རེད་པཱ། གཉའ་ཡི་སྒང་ལ་བྱས་གཉའ་བ་རེད་པཱ། གཉའ་བའི་སྒང་ལ་འདུག་བཟོ་འཁྱེར་བྱས། 
    'o de gas sgang gas (de rnams tshang mas )a ni khri'i gang la bzhag_khri de ga re rad zer na/_dpung pa'i sgang la 'khyer byas red pA/_gnya' yi sgang la byas gnya' ba red pA/_gnya' ba'i sgang la 'dug bzo 'khyer byas/_
  • རྒྱལ་པོ
    བྱས་ཙང་གཉའ་ཁྲི་བཙན་པོ་ཟེར་ལབ་དགོས་ཡས་དེ།
    byas tsang gnya' khri btsan po zer lab dgos yas de/
  • བུ་ཆུང
    གཉའ་ཡི་སྒང་ལ་འཁྱེར་བྱས། རི་དེ་ནས་མར་འཁྱེར་བྱས། ཨ་ནི་མ་ནས་མར་ད་ལྟ་བཙན་ཐང་སྒོ་བཞི་ཟེར་ཡས་ཤིག་ཡོའོ་རེད་པཱ། བཙན་ཐང་སྒོ་བཞི་ཟེར་ཡོའོ་རེད། བཙན་ཐང་སྒོ་བཞི་ཟེར་ཡས་དེ་ག་རེ་རད་ཟེར་ན། སྐབས་དེ་དུས་འབྲོག་པ་རེད་པཱ། ཨ་ནི་འབྲོག་པ་འབྲོག་ཐང་ཆེན་པོ་དེ་འདྲས་སྒོ་དེ་འདྲས་བཞི་འདྲ་པོ་བྱས་བྱས། རྒྱ་ཆེན་པོ་ཞེ་པོ་ཞིག་ཆགས་བསྡད་ཡོད་པ་འདྲ་འདུག་ག
    gnya' yi sgang la 'khyer byas/_ri de nas mar 'khyer byas/_a ni ma nas mar da lta btsan thang sgo bzhi zer yas shig yo'o red pA/_btsan thang sgo bzhi zer yo'o red/_btsan thang sgo bzhi zer yas de ga re rad zer na/_skabs de dus 'brog pa red pA/_a ni 'brog pa 'brog thang chen po de 'dras sgo de 'dras bzhi 'dra po byas byas/_rgya chen po zhe po zhig chags bsdad yod pa 'dra 'dug ga
  • རྒྱལ་པོ
    ཨཱ་ལས་ལས།
    A las las/
  • བུ་ཆུང
    ཨ་ནི་དེ་ནས་མར་གདན་འདྲེན་ཞུས། དེ་ནས་མར་གདན་འདྲེན་ཞུས་རྗེས་སྐབས་དེ་དུས་ག་རེ་རེད་ཟེར་ན། བཞུགས་ཁྲི་གཅིག་ལས་ཡོའོ་མ་རེད། བཞུགས་ཁྲི་གཅིག ད་རྒྱལ་པོ་གདན་འདྲེན་ཞུས་ཚར་པོ་རེད་པ།
    a ni de nas mar gdan 'dren zhus/_de nas mar gdan 'dren zhus rjes skabs de dus ga re red zer na/_bzhugs khri gcig las yo'o ma red/_bzhugs khri gcig_da rgyal po gdan 'dren zhus tshar po red pa/
  • རྒྱལ་པོ
    དེ་གཉའ་ཁྲི་བཙན་པོའི་བཞུགས་ཁྲི་རེད་པཱ།
    de gnya' khri btsan po'i bzhugs khri red pA/
  • བུ་ཆུང
    རྒྱལ་པོ་སྒང་ནས་མར་གདན་འདྲེན་ཞུས་ན། ད་ག་ཟེར་བཞག་ན་འགྲིག་གི་ཡོའོ་མ་རེད་པཱ། ཨ་ནི་དེའི་བཞུགས་ཁྲི་སྟབས་བདེ་ཞིག་བཞེངས་། བཞུགས་ཁྲི་སྟབས་བདེ་གང་འདྲས་ཟེར་བཞེངས་པ་རད་ཟེར་ན། ད་ག་ཙམ་འདག་པག་༼འདམ་བག་༽ཅིག་གི། འདག་པག་བྱས། འདག་པག་ཅིག་གི་འདག་པག་འདི་ག་འདྲ་པོ་ཞིག ཀྱོང་ཀྱོང་ཀོང་བཟོས། འདག་པག་ལྡིར་ལྡིར་འདྲ་པོ་ཞིག་བཟོས་དེའི་སྒང་ལ་ད་ལྟ་སླ་ང་ཡོའོ་རེད་པ། སྤང་གི་སླ་ང་།
    rgyal po sgang nas mar gdan 'dren zhus na/_da ga zer bzhag na 'grig gi yo'o ma red pA/_a ni de'i bzhugs khri stabs bde zhig bzhengs /_bzhugs khri stabs bde gang 'dras zer bzhengs pa rad zer na/_da ga tsam 'dag pag ('dam bag )cig gi/_'dag pag byas/_'dag pag cig gi 'dag pag 'di ga 'dra po zhig_kyong kyong kong bzos/_'dag pag ldir ldir 'dra po zhig bzos de'i sgang la da lta sla nga yo'o red pa/_spang gi sla nga /
  • རྒྱལ་པོ
    འོང་འོང་འོང་།
    'ong 'ong 'ong /
  • བུ་ཆུང
    སྤང་གི་སླ་ང་གྲུ་བཞི་ཆེན་པོ་ཞིག་བག་༼བྲེག༽བྱས། འོ་དེ་འཁྱེར་བྱས་དེའི་སྒང་ལ་བཞག ཨ་ནི་དེའི་སྒང་ལ་གཉའ་ཁྲི་་བཙན་པོ་བྱས། ཨ་ནི་བཞུགས་ཁྲི་བཟོས་པ་ཡིན་ཟེར། བྱས་ཙང་ཨ་ནི་བཙན་ཐང་གཡུ་ཡི་ལྷ་ཁང་སྒང་ལ་དེའི་བཞུགས་ཁྲི་ཞིག་བཟོས་པ་རེད། ད་ཡིན་ནའི་ལྷ་ཁང་ད་ག་རང་དངོས་སུ་བཞེངས་ཡས་དེ་ག་དུས་བཞེངས་པ་རད་ཟེར་ན། རྒྱལ་པོ་ཁྲི་སྲོང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་བཞེངས་པ་ཡིན་ཟེར་གྱི་ཡུཨོའོ་རེད། དེའི་སྔོན་ལའི་ལྷ་ཁང་ཞིག་ཡོའོ་རེད། ཆུང་ཆུང་ཞིག་ཡོའོ་རེད། 
    spang gi sla nga gru bzhi chen po zhig bag (breg)byas/_'o de 'khyer byas de'i sgang la bzhag_a ni de'i sgang la gnya' khri btsan po byas/_a ni bzhugs khri bzos pa yin zer/_byas tsang a ni btsan thang g.yu yi lha khang sgang la de'i bzhugs khri zhig bzos pa red/_da yin na'i lha khang da ga rang dngos su bzhengs yas de ga dus bzhengs pa rad zer na/_rgyal po khri srong /_chos rgyal khri srong lde btsan gyi skabs la bzhengs pa yin zer gyi yuo'o red/_de'i sngon la'i lha khang zhig yo'o red/_chung chung zhig yo'o red/_
  • རྒྱལ་པོ
    ཨཱ་ལས། ཡོད་ཡས་ཡོད་པ་རེད།
    A las/_yod yas yod pa red/
  • བུ་ཆུང
    ལྷ་ཁང་དེ་ག་རེ་རེད་ཟེར་ན་མེས་ཨག་ཚོམ། ཆོས་རྒྱལ་སྲོང་བཙན་སྒམ་པའི་སྐབས་ནས་བྱས་བྱས། ལྷ་ཁང་ཡོའོ་རེད། དེ་དཔེར་ན་ཆ་བཞག་ན་འདི་བཙན་ཐང་གཡུ་ཡི་ལྷ་ཁང་བྱས། ཕ་ནས་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་བྱས།
    lha khang de ga re red zer na mes ag tshom/_chos rgyal srong btsan sgam pa'i skabs nas byas byas/_lha khang yo'o red/_de dper na cha bzhag na 'di btsan thang g.yu yi lha khang byas/_pha nas khra 'brug sgrol ma lha khang byas/
  • རྒྱལ་པོ
    འོ་རེད་རེད་རེད།
    'o red red red/
  • བུ་ཆུང
    ཨ་ནི་དེ་ཚོ་སྒང་ག་ལོགས་ལྷ་དེ་ག་རེ་རེད་ཟེར་ན། ད་ལྟ་མདུན་ལ་རྒྱལ་བ་རིགས་ལྔ་བྱས། གཞོགས་གཡོན་ལ་ཉེ་བའི་སྲས་ཆེན་བརྒྱད་བྱས། འོ་དེའི་དབྱིབས་ཡོད་པ་སྒང་ག་ལོགས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ལ་ཡིན་པ་དེ། ད་དེ་ང་ཚོ་དགོན་པའི་ནང་ལོགས་ལ་ཕྱིན་པ་ཡིན་ན་གསལ་པོ་ཞེ་དྲག་ཡོའོ་རེད་ལ། གཉའ་ཁྲི་བཙན་པོ་རང་གི་བཞུགས་ཁྲི་དེའི་ཆ་ཚང་འདིའི་ཡོད་པ།
    a ni de tsho sgang ga logs lha de ga re red zer na/_da lta mdun la rgyal ba rigs lnga byas/_gzhogs g.yon la nye ba'i sras chen brgyad byas/_'o de'i dbyibs yod pa sgang ga logs rgyal po srong btsan sgam po'i skabs la yin pa de/_da de nga tsho dgon pa'i nang logs la phyin pa yin na gsal po zhe drag yo'o red la/_gnya' khri btsan po rang gi bzhugs khri de'i cha tshang 'di'i yod pa/
  • རྒྱལ་པོ
    ད་ལྟ་བསྡད་ཡོའོ་རེད་པཱ།
    da lta bsdad yo'o red pA/
  • བུ་ཆུང
    ཡོའོ་རེད་ཡོའོ་རེད། བྱས་ཙང་་ལྷ་བབས་རི་ཟེར་དགོས་ཡས་རྒྱུ་མཚན་དེ་ད་ག་རེད་ལ། ཨ་ནི་རི་དེའི་མིང་ལ་ལྷ་བབས་རི་ཟེར། ང་ཚོ་བོད་ལ་ད་བོད་ཁ་བ་ཅན་ལུང་པ་ག་པར་ཕྱིན་པ་ཡིན་ནའི། ཨ་ནི་བོད་ཀྱི་རྒྱལ་པོ་ཐོག་མ་དེ་གཉའ་ཁྲི་བཙན་པོ་ཡིན་པ། གཉའ་ཁྲི་བཙན་པོ་དེ་ག་པར་བབས་ས་ལ། ལྷ་བབས་རི་ཟེར་སྐད་གྲགས་ཆེན་པོ་དེ་རི་དེ་ག་གི་རེད་ཟེར་ན། ད་རི་དེ་འདི་ཡིན་པ།
    yo'o red yo'o red/_byas tsang lha babs ri zer dgos yas rgyu mtshan de da ga red la/_a ni ri de'i ming la lha babs ri zer/_nga tsho bod la da bod kha ba can lung pa ga par phyin pa yin na'i/_a ni bod kyi rgyal po thog ma de gnya' khri btsan po yin pa/_gnya' khri btsan po de ga par babs sa la/_lha babs ri zer skad grags chen po de ri de ga gi red zer na/_da ri de 'di yin pa/
  • རྒྱལ་པོ
    འདི་ཡིན་པ། འོང་འོང་། ད་དེའི་ཡ། ཨ་ནི་དེ་ཟེར་གྱི་ཡོའོ་རེད་པ་ལ། དེའི་ལུང་པ་དེའི་མིང་ལ་ད་དེང་སང་བཙན་ཐང་ཟེར་གྱིས། དེ་ད་ག་རེད་པས། ལགས། དེ་ལྷ་ཁང་དེ་ལ་རྟེན་བྱས་ཐོབ་པ་རེད་གང་འདྲས་རད།
    'di yin pa/_'ong 'ong /_da de'i ya/_a ni de zer gyi yo'o red pa la/_de'i lung pa de'i ming la da deng sang btsan thang zer gyis/_de da ga red pas/_lags/_de lha khang de la rten byas thob pa red gang 'dras rad/
  • བུ་ཆུང
    ལགས་རེད། བཙན་ཐང་བཙན་ཐང་ཟེར་ཡས་བཙན་ཞིག་ཡོའོ་རེད་པཱ། 
    lags red/_btsan thang btsan thang zer yas btsan zhig yo'o red pA/_
  • རྒྱལ་པོ
    འོང་འོང་འོང་།
    'ong 'ong 'ong /
  • བུ་ཆུང
    བཙན་དེ་བོན་བོད་རེད་པ། དཔེ་ཆ་བཞག་ན་སྟེང་ལྷ་བྱས། འོག་ཀླུ་བྱས། བར་བཙན་རེད་པ།
    btsan de bon bod red pa/_dpe cha bzhag na steng lha byas/_'og klu byas/_bar btsan red pa/
  • རྒྱལ་པོ
    འོ་རེད་པ།
    'o red pa/
  • བུ་ཆུང
    འོ་ཡག བར་བཙན་གྱི་ད་ཁོང་ཚོ། ཁོང་རྣམ་ཚོ་ཆོས་པ་དང་མཆོད་མེ་འབུལ་ས་གཙོ་ཆེ་ཤོས་བཙན་དེ་ཡིན་པ། ལུང་པ་དེའི་གྱི་བཙན་དེ་གཙོ་ཆེ་ཤོས་དེ་ག་པར་ཆགས་བསྡད་ཡོའོ་རེད་ཟེར་ན། དེའི་ཆགས་ཡོའོ་རེད་པཱ། དེའི་ཆགས་ཙང་ཨ་ནི་དེའི་སྒོ་བཞི་འདྲ་པོ་བྱས་བྱས། བཙན་ཐང་སྒོ་བཞི་ཟེར་ཡས་དེ་རྒྱུ་མཚན་འོ་དེ་འདྲས་ཤིག་ལ་བརྟེན་བྱས།  
    'o yag_bar btsan gyi da khong tsho/_khong rnam tsho chos pa dang mchod me 'bul sa gtso che shos btsan de yin pa/_lung pa de'i gyi btsan de gtso che shos de ga par chags bsdad yo'o red zer na/_de'i chags yo'o red pA/_de'i chags tsang a ni de'i sgo bzhi 'dra po byas byas/_btsan thang sgo bzhi zer yas de rgyu mtshan 'o de 'dras shig la brten byas/__
  • རྒྱལ་པོ
    ད་བྱས་ཙང་། ཨ་ལས་དེང་སང་ང་ཚོས་གོ་ཐོས་ལ་ཡ། བཙན་ཐང་ཟེར་ལུང་པ་དེའི་མིང་ལ་ཡ་གོ་དགོས་ཀྱི་ཡོའོ་རེད། རེད་པཱ།
    da byas tsang /_a las deng sang nga tshos go thos la ya/_btsan thang zer lung pa de'i ming la ya go dgos kyi yo'o red/_red pA/
  • བུ་ཆུང
    ད་ཐོག་མ་ཐོག་མ་བྱས་ན་ག་རེ་རེད་ཟེར་ན། དེ་རེད་པ། བཙན་དེ་བསྡད་ས་བྱས། བཙན་དེ་བཞུགས་ས་བྱས། བཙན་དེ་བཞུགས་ས་དེ་གཞུག་གུ་ལྷ་ཁང་བཞེངས་པ་རེད་པ། བཙན་ཐང་སྒོ་བཞིའི་ལྷ་ཁང་། བཙན་ཐང་གཡུ་ཡི་ལྷ་ཁང་ཟེར་རེད་པ།
    da thog ma thog ma byas na ga re red zer na/_de red pa/_btsan de bsdad sa byas/_btsan de bzhugs sa byas/_btsan de bzhugs sa de gzhug gu lha khang bzhengs pa red pa/_btsan thang sgo bzhi'i lha khang /_btsan thang g.yu yi lha khang zer red pa/
  • རྒྱལ་པོ
    འོ་རེད།
    'o red/
  • བུ་ཆུང
    ཨ་ནི་གཡུ་ཡི་ལྷ་ཁང་འདིའི་མིང་དེའི། དགོན་པ་དེ་ལ་ཆ། དེ་ཆ་ཚང་ཐོབ་འདུག་ག ས་ཆ་དེས་བྱས་ཡོང་དུས་ཙ་ནས། ས་ཆ་དེ་ལའི་བཙན་ཐང་། བཙན་ཐང་ལྷ་ཁང་། བཙན་ཐང་བཙན་ཐང་བཙན་ཐང་ཟེར་ཡས་དེ། འོ་དེ་འདྲས་བྱས་ཐོབ་པ་རེད།
    a ni g.yu yi lha khang 'di'i ming de'i/_dgon pa de la cha/_de cha tshang thob 'dug ga_sa cha des byas yong dus tsa nas/_sa cha de la'i btsan thang /_btsan thang lha khang /_btsan thang btsan thang btsan thang zer yas de/_'o de 'dras byas thob pa red/
  • རྒྱལ་པོ
    ལགས་སོ་ལགས་སོ། ཨ་ནི་དེའི་རྗེས་ལ་ཡ། གཡས་གཡོན་ལ་ད་དུང་དེའི་བཙན་ཐང་མིན་པའི་ད། དཔེ་ཆ་བཞག་ན་གཉའ་ཁྲི་བཙན་པོ་ད་རྗེས་ལ་ཡ་བོད་ཀྱི་རྒྱལ་པོ་གནང་པ་རེད་པཱ། ཨང་དང་པོ་དེ་རེད་པཱ།
    lags so lags so/_a ni de'i rjes la ya/_g.yas g.yon la da dung de'i btsan thang min pa'i da/_dpe cha bzhag na gnya' khri btsan po da rjes la ya bod kyi rgyal po gnang pa red pA/_ang dang po de red pA/
  • བུ་ཆུང
    རེད་རེད་རེད།
    red red red/
  • རྒྱལ་པོ
    བཙན་པོ་ཨང་དང་པོ་སོང་ཙང་།
    btsan po ang dang po song tsang /
  • བུ་ཆུང
    ལགས་རེད།
    lags red/
  • རྒྱལ་པོ
    ཨ་ནི་རྗེས་ལ་ཡ། ཡུམ་བུ་གླ་ཁང་ལ་ཡ་གདན་འདྲེན་གང་འདྲས་ཞུས་པ་རེད།
    a ni rjes la ya/_yum bu gla khang la ya gdan 'dren gang 'dras zhus pa red/
  • བུ་ཆུང
    རེད་རེད། ད་དེ་ནས་བཙན་ཐང་གཡུ་ཡི་ལྷ་ཁང་འདི་ནས་བཞེངས་གནང་པ་རེད་པཱ།
    red red/_da de nas btsan thang g.yu yi lha khang 'di nas bzhengs gnang pa red pA/
  • རྒྱལ་པོ
    འོ་རེད་པཱ།
    'o red pA/
  • བུ་ཆུང
    འདི་ནས་བཞེངས་བྱས་ཨ་ནི་གཞུག་གུར་་ཕ་གའི། ཡུམ་བུ་ལྷ་ཁང་ཡོད་ས་དེ་ལ་ཕོ་བྲང་ཐོག་མ་དེ་བཞེངས་པ་རེད་པ། བོད་ཀྱི་ཕོ་བྲང་ཐོག་མ་དེ་བཞེངས་ཙང་། ཨ་ནི་འདི་ནས་ཕར་གདན་འདྲེན་ཞུས་ཙང་། ཨ་ནི་དེ་ནས་གཞུག་གུར། ཨ་ནི་་གཉའ་ཁྲི་བཙན་པོ་གཏན་བསྡོད་བཞུགས་ས་དེ། ཨ་ནི་ཕ་གའི་ཡུམ་བུ་ལྷ་ཁང་ལ་བཞུགས་པ་ཡིན་ཟེར་ཡས། 
    'di nas bzhengs byas a ni gzhug gur pha ga'i/_yum bu lha khang yod sa de la pho brang thog ma de bzhengs pa red pa/_bod kyi pho brang thog ma de bzhengs tsang /_a ni 'di nas phar gdan 'dren zhus tsang /_a ni de nas gzhug gur/_a ni gnya' khri btsan po gtan bsdod bzhugs sa de/_a ni pha ga'i yum bu lha khang la bzhugs pa yin zer yas/_
  • རྒྱལ་པོ
    ཨོང་འོང་འོང་་་།
    ong 'ong 'ong /
  • བུ་ཆུང
    དང་པོ། ཐོག་མ་དེ་ད་ག་རང་རེད།
    dang po/_thog ma de da ga rang red/
  • རྒྱལ་པོ
    བཙུགས་དེ་༼རྟག་ཏུ་༽ཡ་གའི་བཞུགས་ཀྱི་ཡོའོ་རེད་ཟེར། ལགས་སོ་ལགས་སོ།
    btsugs de (rtag tu )ya ga'i bzhugs kyi yo'o red zer/_lags so lags so/
  • རྒྱལ་པོ
    ཨ་ནི་དེ་མིན་པའི་ང་ཚོ་དེའི་རྒྱ་རྒྱུད་ལ་ལྷ་ཁའི་གནས་ལ་ཡ་ད། ད་ལྟ་ཨ་ནི་ལོ་རྒྱུས་ཐོག་ལ་ཡ། ད་གའི་རྒྱ་རྒྱུད་ས་ཆ་ད་གའི་རྒྱ་རྒྱུད་ལ་ཡ། ཁྱེད་རང་གིས་མཁྱེན་པ་འདྲ་པོ་གནས་བཤད་གནང་ཡས་འདུག་གས།
    a ni de min pa'i nga tsho de'i rgya rgyud la lha kha'i gnas la ya da/_da lta a ni lo rgyus thog la ya/_da ga'i rgya rgyud sa cha da ga'i rgya rgyud la ya/_khyed rang gis mkhyen pa 'dra po gnas bshad gnang yas 'dug gas/
  • བུ་ཆུང
    ད་དེའི་རྒྱུད་ལ་དཔེར་ན་ཆ་བཞག་པ་ཡིན་ན། ཡར་ལུང་རྟེན་གསུམ། གནས་གསུམ། ཕུག་གསུམ།ཟེར། ད་སྐད་སྒྲགས་ཆེན་པོ་ཡོའོ་རེད་པཱ། དཔེར་ན་ཆ་བཞག་ན། རྟེན་གསུམ་ཡོའོ་རེད་པ།
    da de'i rgyud la dper na cha bzhag pa yin na/_yar lung rten gsum/_gnas gsum/_phug gsum/zer/_da skad sgrags chen po yo'o red pA/_dper na cha bzhag na/_rten gsum yo'o red pa/
  • རྒྱལ་པོ
    འོ་རེད།
    'o red/
  • བུ་ཆུང
    རྟེན་གསུམ་གྱི་ནང་གསེས་གཅིག་འདི་རེད། 
    rten gsum gyi nang gses gcig 'di red/_
  • རྒྱལ་པོ
    ཨ་ལས་ལས། ང་ཚོས་ད་ལྟ་འདི་འབུམ་པ་འདི།
    a las las/_nga tshos da lta 'di 'bum pa 'di/
  • བུ་ཆུང
    ལགས་རེད་ལགས་རེད། འབུམ་པ་དེ་རེད།
    lags red lags red/_'bum pa de red/
  • རྒྱལ་པོ
    འབུམ་པ་དེ་ལ་ཡ་ཚེས་བཅུ་འབུམ་པ་ཟེར་གྱི་འདུག་ག།
    'bum pa de la ya tshes bcu 'bum pa zer gyi 'dug ga/
  • བུ་ཆུང
    ཚེས་བཅུ་འབུམ་པ་ཟེར་དགོས་ཡས་རྒྱུ་མཚན་ག་རེ་རད་ཟེར་ན། བོད་ཟླ་དྲུག་པའི་ཚེས་པ་བཅུ་ལ་ཨ་ནི་འདིའི་ཡོད་པའི་མི་སེར་སྒང་ག་ལོགས་ལོ་རེ་ལ། བོད་ཟླ་དྲུག་པའི་ཚེས་པ་བཅུ་ལ་དེའི་ཡོང་བྱས། ཨ་ནི་འདིའི་བསྐོར་ར་བསགས། བསྐོར་ར་བསགས་ཡས་དེའི་དཔེར་ན་ཆ་བཞག་ན་སོ་སོའི་ལོ་གྲངས་ལ་བལྟས་བྱས།
    tshes bcu 'bum pa zer dgos yas rgyu mtshan ga re rad zer na/_bod zla drug pa'i tshes pa bcu la a ni 'di'i yod pa'i mi ser sgang ga logs lo re la/_bod zla drug pa'i tshes pa bcu la de'i yong byas/_a ni 'di'i bskor ra bsags/_bskor ra bsags yas de'i dper na cha bzhag na so so'i lo grangs la bltas byas/
  • རྒྱལ་པོ
    སོ་སོའི་ལོ་གྲངས་ལ་བལྟས་བྱས།
    so so'i lo grangs la bltas byas/
  • བུ་ཆུང
    ལོ་བརྒྱ་ཅུ་གྱ་ལྔ་ཡིན་ན། བསྐོར་ར་བརྒྱ་ཅུ་གྱ་ལྔ་བརྒྱབ་དགོས་ཡོའོ་རེད། ལོ་སུམ་ཅུ་སོ་དྲུག་ཡིན་ན་བསྐོར་ར་སུམ་ཅུ་སོ་དྲུག་བརྒྱབ་ཀྱི་ཡོའོ་རེད།
    lo brgya cu gya lnga yin na/_bskor ra brgya cu gya lnga brgyab dgos yo'o red/_lo sum cu so drug yin na bskor ra sum cu so drug brgyab kyi yo'o red/
  • རྒྱལ་པོ
    ཨ་ལས། སོ་སོའི་ལོ་གྲངས་ལ་བསྐོར་ར་བརྒྱབ་ན་འགྲིག་གི་ཡོའོ་རེད། རེད་པཱ།
    a las/_so so'i lo grangs la bskor ra brgyab na 'grig gi yo'o red/_red pA/
  • བུ་ཆུང
    འོང་། བསྐོར་ར་ཞིག་བརྒྱབ་བྱས་ད་དེ་བཀྲ་ཤིས་པ་དང་། རེད་པཱ། དོན་གྲུབ་པ། ཚེ་རིང་བ། འོ་དེ་འདྲས་ཡོང་ཡས་ཀྱི་ཆེད་དུ། ཨ་ནི་འདི་བཞེངས་པ་ཡིན་ཟེར་གྱི་ཡོའོ་རེད།
    'ong /_bskor ra zhig brgyab byas da de bkra shis pa dang /_red pA/_don grub pa/_tshe ring ba/_'o de 'dras yong yas kyi ched du/_a ni 'di bzhengs pa yin zer gyi yo'o red/
  • བུ་ཆུང
    ཚེས་བཅུ་འབུམ་པ་ཟེར་ཡས་དེ། ཨ་ནི་འདི་མིན་པའི་དེ་ག་རེ་རེད་ཟེར་ན། ད་དུང་རྟག་བརྟན་ཕོ་བྲང་བྱས་རྟག་བརྟན་འབུམ་པ་བྱས། རྟག་བརྟན་འབུམ་པ་དེ་འདི་ནས་ཡར་ཡུམ་བུ་ལྷ་ཁང་ནས་ཡར་ཁ་སྤྲད་བྱས། ལུང་ལ་དེའི་ནང་ལ་འགྲོ་དགོས་རེད་པཱ། ཁྲི་སྲོང་ལྡེ་བཙན་སྐབས་ལ་བཞེངས་པ་རེད་པ། དེ་ནས་རྒོད་ཐང་འབུམ་པ་བྱས། རྒོད་ཐང་འབུམ་པ་དེ་ཡར་ས་དེ། ཁ་ཏོག་དེ་ནས་ཡར་ས་དེའི་འགྲོ་དགོ་རེད་པ། འོ་དེ་རྒོད་ཐང་འབུམ་པ་ཟེར་གྱི་རེད་པཱ།
    tshes bcu 'bum pa zer yas de/_a ni 'di min pa'i de ga re red zer na/_da dung rtag brtan pho brang byas rtag brtan 'bum pa byas/_rtag brtan 'bum pa de 'di nas yar yum bu lha khang nas yar kha sprad byas/_lung la de'i nang la 'gro dgos red pA/_khri srong lde btsan skabs la bzhengs pa red pa/_de nas rgod thang 'bum pa byas/_rgod thang 'bum pa de yar sa de/_kha tog de nas yar sa de'i 'gro dgo red pa/_'o de rgod thang 'bum pa zer gyi red pA/
  • རྒྱལ་པོ
    འོང་། ལགས་སོ།
    'ong /_lags so/
  • བུ་ཆུང
    ད་དེ་ག་རེ་རེད་ཟེར་ན། རྟེན་གསུམ་རེད་པཱ།
    da de ga re red zer na/_rten gsum red pA/
  • རྒྱལ་པོ
    ལགས་རེད།
    lags red/
  • བུ་ཆུང
    ཨ་ནི་ཕུག་གསུམ་ག་རེ་རེད་ཟེར་ན། དེ་ལུང་པ་དེ་འདུག་ག དེའི་ནང་ལོགས་དེའི་ཤེལ་བྲག་ཕུག་ཡོའོ་རེད། གུ་རུ་རིན་པོ་ཆེ་ཡི་གནས་རྟེན་གཙོ་ཆེ་ཤོས་དེ། ཤེལ་བྲག་ཕུ་ལ་ཡོད་པ། ཤེལ་བྲག་ཕུག་ཡི་ནང་ལོགས་ལ། ད་དཔེར་ན་ཆ་བཞག་ན་ད་ལྟ་དགོན་པ་ཞིག་ཡོའོ་རེད། དགོན་པ་དེ་ད་རྟེན། དགོན་པ་དེ་གས་ཕུག་གསུམ་དགོན་པའི་ནང་ལོག་ནས་ཡག་ཤོས་དེ་འདི་བསྡད་བསྡད་ཡོའོ་རེད།
    a ni phug gsum ga re red zer na/_de lung pa de 'dug ga_de'i nang logs de'i shel brag phug yo'o red/_gu ru rin po che yi gnas rten gtso che shos de/_shel brag phu la yod pa/_shel brag phug yi nang logs la/_da dper na cha bzhag na da lta dgon pa zhig yo'o red/_dgon pa de da rten/_dgon pa de gas phug gsum dgon pa'i nang log nas yag shos de 'di bsdad bsdad yo'o red/
  • བུ་ཆུང
    ད་དུང་ལའི་གྲྭ་པའི་མང་པོ་ཡོའོ་རེད་ལ། ཨ་ནི་རྟེན་ཕུན་སུམ་ཚོགས་པོ། ཡག་པོ་ཞེ་དྲག་ཡོའོ་རེད། ཤེལ་བྲག་ཕུག་ལ་ཡོའོ་རེད། ཤེལ་བྲག་ཕུག་ལ་འདི་ནས་ཡར། ཡར་ཕྱིན་བྱས་ཐག་རིང་པོ་ག་རོའོ་༼མང་པོ་༽འགྲོ་རྒྱུ་ཡོའོ་རེད། འདིའི་ནང་ལོགས་ནས་ཡར་འགྲོ་དགོས་རེད། ལུང་པ་འདིའི་ནང་ལོགས་ལ།
    da dung la'i grwa pa'i mang po yo'o red la/_a ni rten phun sum tshogs po/_yag po zhe drag yo'o red/_shel brag phug la yo'o red/_shel brag phug la 'di nas yar/_yar phyin byas thag ring po ga ro'o (mang po )'gro rgyu yo'o red/_'di'i nang logs nas yar 'gro dgos red/_lung pa 'di'i nang logs la/
  • བུ་ཆུང
    ཨ་ནི་རྟེན་གཞན་དག་ཅིག་་ག་རེ་རེད་ཟེར་ན། རས་ཆུང་ཕུག་ཟེར་ཡས་དེ། རི་ཕ་གའི་སྒང་ལ་ཡོའོ་རེད། ཁེ་སྨད་རེད་པཱ། ཁེ་གསུམ་བྱས་ཁེ་སྨད་རི་དེའི་སྒང་ལ། རས་ཆུང་ཕུག་བྱས། དེ་ནས་ཚུར་ཙམ་ཡོང་པ་ཡིན་ན། ཨ་ནི་བཻ་རོ་ཕུག་བྱས། ཕུག་གསུམ་བྱུང་སོང་ང་། 
    a ni rten gzhan dag cig ga re red zer na/_ras chung phug zer yas de/_ri pha ga'i sgang la yo'o red/_khe smad red pA/_khe gsum byas khe smad ri de'i sgang la/_ras chung phug byas/_de nas tshur tsam yong pa yin na/_a ni bai ro phug byas/_phug gsum byung song nga /_
  • རྒྱལ་པོ
    འོང་ལགས་སོ་ལགས་སོ།
    'ong lags so lags so/
  • བུ་ཆུང
    རྟེན་གསུམ་བྱས། ཕུག་གསུམ་བྱས། གནས་གསུམ་བྱས། རེད་པཱ།
    rten gsum byas/_phug gsum byas/_gnas gsum byas/_red pA/
  • རྒྱལ་པོ
    འོང་རེད།
    'ong red/
  • བུ་ཆུང
    གནས་གསུམ་དེ་ག་རེ་རེད་ཟེར། ཨ་ནི་ད་ལྟ་གཅིག་ག་རེ་རེད་ཟེར་ན། བྱ་ས་ལྷ་ཁང་དེ་བྱས།
    gnas gsum de ga re red zer/_a ni da lta gcig ga re red zer na/_bya sa lha khang de byas/
  • རྒྱལ་པོ
    བྱ་ས་ལྷ་ཁང་། ལགས་རེད།
    bya sa lha khang /_lags red/
  • བུ་ཆུང
    ཨ་ནི་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་བྱས། བཙན་ཐང་གཡུ་ཡི་ལྷ་ཁང་བྱས། 
    a ni khra 'brug sgrol ma lha khang byas/_btsan thang g.yu yi lha khang byas/_
  • རྒྱལ་པོ
    ཏག་ཏག་འོ་དེ་གས་གསུམ།
    tag tag 'o de gas gsum/
  • བུ་ཆུང
    འོ་ཡག་རྟེན་གསུམ། གནས་གསུམ། ཕུ་གསུམ། ད་དེ་ཚོ་ག་རེ་རེད་ཟེར་ན། ཡུལ་ཡར་ལུང་ལ་སླེབས་པ་ཡིན་ན། གནས་མཇལ་པ་ཞིག་ཡིན་ནའི་འདྲ། གང་འདྲས་ཤིག་ཡིན་ནའི། དེ་གས་སྒང་ག་ལོགས་ཡིན་གཅིག་མིན་གཅིག་བསྐོར་ར་བརྒྱབ་དགོས་ཀྱི་ཡོའོ་རེད་ལ། བསྐོར་ར་དེ་འདི་ནས་བྱ་ས་ལྷ་ཁང་ནས་འགོ་བཙུགས་བྱས། ཨ་ནི་གོང་པོ་རི་རེད་པཱ། རྩེད་ཐང་གོང་པོ་རི་བྱས། དེ་ནས་བསྐོར་ར་འདུག་བཟོ་བྱས་བྱས། ཁྲ་འབྲུག་སྒྲོལ་མ་ལྷ་ཁང་བྱས། ཆ་ཚང་འདུག་བཟོ་བསྐོར་ར་བརྒྱབ་པ་ཡིན་ན། ཨ་ནི་རྟེན་གསུམ་གནས་གསུམ་ཆ་ཚང་ནང་ལོགས་ལ་ཚུད་ཡོད་ཟེར། ལགས་རེད། དེ་འདྲས་འདྲ་པོ་ཞིག་རེད།
    'o yag rten gsum/_gnas gsum/_phu gsum/_da de tsho ga re red zer na/_yul yar lung la slebs pa yin na/_gnas mjal pa zhig yin na'i 'dra/_gang 'dras shig yin na'i/_de gas sgang ga logs yin gcig min gcig bskor ra brgyab dgos kyi yo'o red la/_bskor ra de 'di nas bya sa lha khang nas 'go btsugs byas/_a ni gong po ri red pA/_rtsed thang gong po ri byas/_de nas bskor ra 'dug bzo byas byas/_khra 'brug sgrol ma lha khang byas/_cha tshang 'dug bzo bskor ra brgyab pa yin na/_a ni rten gsum gnas gsum cha tshang nang logs la tshud yod zer/_lags red/_de 'dras 'dra po zhig red/
  • རྒྱལ་པོ
    ལགས་སོ། དེ་མིན་པའི་ཨ་ནི། ང་ཚོས་ད་ལྟ་དེའི་ཡ་མཇལ་ཡས་དེ། མ་གའི་ཡ་སྣེ་གདོང་། སྔོན་མ་ཡིན་ན་ཕག་མོ་གྲུ་པའི་སྐབས་ལ་ཡ། རྒྱལ་ས་ཆགས་པ་རེད་གསུང་གིས། དེ་རེད་པས་ལ།
    lags so/_de min pa'i a ni/_nga tshos da lta de'i ya mjal yas de/_ma ga'i ya sne gdong /_sngon ma yin na phag mo gru pa'i skabs la ya/_rgyal sa chags pa red gsung gis/_de red pas la/
  • བུ་ཆུང
    ལགས་རེད། ཕག་མོ་གྲུ་པའི་སྐབས་ལ་ག་རེ་རེད་ཟེར་ན། ད་བོད་ཀྱི་ལྟེ་གནས་འདྲ་པོ་དེ། གཙོ་ཆེ་ཤོས་དེ་སྣེ་གདོང་རྒྱལ་པོ་ཟེར་གྱི་ཡོའོ་རེད། འོ་བཞུགས་ས་ཕ་གི
    lags red/_phag mo gru pa'i skabs la ga re red zer na/_da bod kyi lte gnas 'dra po de/_gtso che shos de sne gdong rgyal po zer gyi yo'o red/_'o bzhugs sa pha gi
  • རྒྱལ་པོ
    ད་ལོ་རྒྱུས་སྒང་ལ་འཁོད་པ་བྱས་ན་ལོ་ཉི་བརྒྱ་ལྷག་ཙམ་རེད་པས།
    da lo rgyus sgang la 'khod pa byas na lo nyi brgya lhag tsam red pas/
  • བུ་ཆུང
    ལགས་རེད། ལོ་རྒྱུས་ལ་དེ་བྱས་པ་ཡིན་ན། ལོ་ཕལ་ཆེར་དྲུག་བརྒྱ་བདུན་བརྒྱ་འགྲོ་ཡི་ཡོའོ་རེད་པ། ད་ལྟ་རྒྱལ་བ་ལྔ་པ་ནས་བྱས་བྱས་ལོ་དེ་གས་དེ་འགྲོ་ཡི་ཡོའོ་རེད། དེའི་གོང་གི་ད། ག་རེ་རེད་ཟེར་ན། ཕག་མོ་གྲུ་པའི་སྐབས་ཀྱི་ལྟེ་གནས་དེ་ཆགས་ས་དེ། འོ་ད་སྣེ་གདོང་ཕར་པ་སྣེ་གདོང་བན་ཙང་ཟེར་ཡས་དེ་རི་དེའི་མིང་། འོ་དེ་ཡའི་འགལ་ཆེན་པོ་ཞེ་པོ་ཞིག།
    lags red/_lo rgyus la de byas pa yin na/_lo phal cher drug brgya bdun brgya 'gro yi yo'o red pa/_da lta rgyal ba lnga pa nas byas byas lo de gas de 'gro yi yo'o red/_de'i gong gi da/_ga re red zer na/_phag mo gru pa'i skabs kyi lte gnas de chags sa de/_'o da sne gdong phar pa sne gdong ban tsang zer yas de ri de'i ming /_'o de ya'i 'gal chen po zhe po zhig/
  • རྒྱལ་པོ
    ཨ་ལས། ཕོ་བྲང་གནས་ས་དེ་ཕ་གའི་ཡིན་པ་རེད།
    a las/_pho brang gnas sa de pha ga'i yin pa red/
  • བུ་ཆུང
    འོ་དེ་གལ་ཆེན་པོ་ཞེ་དྲགས་རྩིས་ཀྱི་ཡོའོ་རེད།
    'o de gal chen po zhe drags rtsis kyi yo'o red/
  • རྒྱལ་པོ
    ཨ་ལགས་སོ།
    a lags so/
  • བུ་ཆུང
    བྱས་ཙང་ཨ་ནི་འདི་བྱས། ཨ་ནི་འདི་ནས་ཕ་གའི་ཡ། རི་དེའི་མིང་ལ་གོང་པོ་རི་ཟེར་གྱི་ཡོའོ་རེད་པ། གོང་པོ་རིའི་ནང་ལོགས་ལ་ཨ་ནི། བོད་ཀྱི་དེ་རེད་པཱ། ད་ལྟ་ག་རེ་ཟེར་ན། སྤྲེའུ་དང་བྲག་སྲིན་མོ་སྒང་ག་ལོགས།
    byas tsang a ni 'di byas/_a ni 'di nas pha ga'i ya/_ri de'i ming la gong po ri zer gyi yo'o red pa/_gong po ri'i nang logs la a ni/_bod kyi de red pA/_da lta ga re zer na/_spre'u dang brag srin mo sgang ga logs/
  • རྒྱལ་པོ
    འོ་རེད་རེད། ཐོག་མ་ཨ་ནི་བོད་མི་ཆགས་སའི་་་།
    'o red red/_thog ma a ni bod mi chags sa'i /
  • བུ་ཆུང
    བོད་མི་ཆགས་ས་དེ་དེ་ཡིན་ཟེར་གྱི་ཡོའོ་རེད་ལ། སྤྲེའུ་རྩེད་མོ་རྩེད་བའི་རྩེད་ཐང་ལ་སོགས་པ་དེ་གས་ཀྱི་ལོ་རྒྱུས་ཡང་ཆ་ཚང་ཞིག་དེར་ཡོའོ་རེད།
    bod mi chags sa de de yin zer gyi yo'o red la/_spre'u rtsed mo rtsed ba'i rtsed thang la sogs pa de gas kyi lo rgyus yang cha tshang zhig der yo'o red/
  • རྒྱལ་པོ
    ཨ་ལས་ལས། ཡར་ལུང་དེ་དངོས་གནས་ཕུན་སུམ་ཚོགས་པོ་ཞེ་དྲགས་རེད་བཞག ཆོས་ལུགས་ཡིན་ནའི་རེད། ལོ་རྒྱུས་ཡིན་ནའི་རེད། གང་ཅིའི་ཐད་ལ་ཡ།
    a las las/_yar lung de dngos gnas phun sum tshogs po zhe drags red bzhag_chos lugs yin na'i red/_lo rgyus yin na'i red/_gang ci'i thad la ya/
  • བུ་ཆུང
    རིག་གཞུང་། ཆོས་ལུགས་ག་རེ་ཡིན་ནའི་ད། ཧ་ཅང་དཔེ་མི་སྲིད་པའི་བསམ་གྱི་མི་ཁྱབ་པ། ཕུན་སུམ་ཚོགས་པོ་རྒྱས་པོ་ཞེ་དྲགས། ད་ཞུས་པ་ཡིན་ན་ད་ཞེ་དྲགས་ཞུ་རྒྱུ་ཡོའོ་རེད། སྟབས་བདེ་འདྲ་པོ་བྱས་ན་འོ་དེ་འདྲས་ཤིག་རེད།
    rig gzhung /_chos lugs ga re yin na'i da/_ha cang dpe mi srid pa'i bsam gyi mi khyab pa/_phun sum tshogs po rgyas po zhe drags/_da zhus pa yin na da zhe drags zhu rgyu yo'o red/_stabs bde 'dra po byas na 'o de 'dras shig red/
  • རྒྱལ་པོ
    ལགས། ཐུགས་ཆེ་གནང་། ཐུགས་ཆེ་གནང་། ལགས།
    lags/_thugs che gnang /_thugs che gnang /_lags/