Skip to main content Skip to search
15 Feb 2017
1 min 26 sec
Video Overview
Creators: 
Dawa Tshering, Thinley Dorji

People in Soe Geog do not usually grow cereals, depending solely on domestic cattle for their subsistence. The rearing of yaks is the main occupation in the area, where there is a unique tradition of classifying animals in accordance to their age, sex, color, and general appearance. In terms of age, a newborn calf is called bochung; when it reaches one year old, it is called ser ser; when it reaches three it is known as losum. If it is female, when it reaches four years old, it is known as jomo; if it is male, yakto. Five-year-old females are called hampa; five-year-old males are called yak. A female or male animal without horns is called a-yok. The three kinds of yaks are zhoel, zhoel phob and yak. A yak that does not belong to a group and has underwent castration is called zhol phab, while those that are not castrated and are able to produce quality offspring are called zhol. The one that simply underwent castration is called yak. A pregnant animal that will give birth next year is a dram, and animals who have given birth are yam. A barren female animal is a zekam. In terms of hair color, a brown-haired animal is called bamar; a black-haired one, nap; a gray-haired one, chunyel; an animal that has white and brown mixed hair is a bathra; if it has white and black mixed hair, it is a takthra. If a black-haired animal has a white forehead it is called nak dok; if it has a white mouth, chow; if it has a white face, drukar. Finally, black or white animals with a white face and black eyes are called tshomik. 

 

སོས་རྒེད་འོག་གི་ མི་སེར་ཚུ་ སྒོ་ནོར་སེམས་ཅན་བརྟེན་སྡོདཔ་མ་གཏོགས་ འབྲུ་སྣའི་རིགས་ཚུ་ ག་ནི་ཡང་འཛུགས་སྐྱོང་མི་འཐབ་ཨིནམ་ད་ གཡག་གསོ་སྐྱོང་འཐབ་ནི་འདི་ གཡུས་སྒོ་ཆ་མཉམ་ནང་ བརྩོན་ཤུགས་ཅན་གྱི་ ལཱ་ཅིག་ཨིན་པས། སོས་ལུ་འབད་བ་ཅིན་ འབྱོགཔ་ཚུ་གིས་ ནོར་གྱི་མིང་བཏགས་ནིའི་ ལམ་སྲོལ་མ་འདྲཝ་ཅིག་ཡོདཔ་ད་ ལམ་སྲོལ་འདི་ ག་ཏེ་ལས་བརྒྱུད་འོང་བའི་ག་དང་ འབྱུང་ཁུངས་འདི་ གཡུས་འདི་ནའི་ མི་རྒས་ཤོས་ཚུ་གིས་ཡང་ མ་ཤེསཔ་ཨིན་རུང་ གཡག་ཚུའི་ཚོས་གཞི་དང་ ཕོ་མོའི་དབྱེ་བ་ འདི་ལས་ ལོ་དང་ བཟོ་རྣམ་དང་འཁྲིལ་ཏེ་ མིང་བཏགས་ཐངས་ཀྱི་ ཚད་གཞི་ཅིག་ཡོདཔ་ཨིན་པས། ལོ་ཚད་དང་འཁྲིལ་བའི་སྐབས་ གསརཔ་སྐྱེས་མི་ལུ་ བའུ་ཅུང་དང་ ལོ་གཅིག་ལངས་མི་ལུ་སར་ ལོ་གསུམ་ལངས་མི་ལུ་ལོ་གསུམ་དང་ མོ་ཨིན་པ་ཅིན་ ལོ་བཞི་ལངས་པའི་སྐབས་ ཇོ་མོ་དང་ གཡག་ཏོ་ འདི་ལས་ ཕོའི་རིགས་ལུ་འབད་བ་ཅིན་ ཧམ་པ་ཟེར་ སླབ་སྲོལ་འདུག།   ད་རུང་མོ་འབད་བ་ཅིན་ ལོ་ལྔ་ལངསམ་ གཡག་དང་ ཕོ་ལུ་ བཟོ་རྣམ་དང་ ཕ་བརྒྱུད་དང་འཁྲིལ་ཏེ་ ཟོལ་ཟེར་སླབ་ཨིནམ་ད་ ཕོ་ཨིན་རུང་ མོ་ཨིན་རུང་ རྭཝ་མེད་མི་འདི་ལུ་ཡོག་དང་ སྡེ་ཚན་ནང་སྦེ་མ་སྡོད་མི་དང་ བཀོད་སྤྱོད་འབད་མི་འདི་ལུ་ ཟོལ་ཕབ་དང་ཟེར་སླབ་ཨིནམ་ད་ ཕོཝ་ནང་བའུ་ཅུང་ཆགས་ཏེ་ ལོ་ཤུལ་མམ་ནང་ བོའུ་ཅུང་འཚར་ནི་ཨིན་མི་ལུ་བྲམ་དང་ བོའུ་ཅུང་འཚར་ཚར་མི་ལུ་ཡམ་ཟེར་ སླབ་ཨིན་པས། གཡག་བོའུ་ཅུང་འཚར་ནི་མེད་པར་ རབས་ཆད་སྦེ་ལུས་མི་ལུ་ཛེ་སྐམ་དང་ ཚོས་གཞི་དང་འཁྲིལཔ་ད་ གཡག་གི་སྤུ་ཁ་ རྒྱ་སྨུག་སྦེ་ཡོད་མི་ལུ་ བ་དམར་དང་ དཀརཔོ་དང་རྒྱ་སྨུག་སླ་བསྲེ་ཡོད་མི་ལུ་བ་ཁྲ་དང་ མདོག་གནགཔོ་ཚུ་ལུ་གནགཔོ་དང་་ མདོག་ཐལ་ཁ་སྦེ་ཡོད་མི་ལུ་ཆུང་ཉལ་ འདི་ལས་ དཀརཔོ་དང་གནདཔོ་སླ་བསྲེ་ཡོད་མི་ལུ་སྟག་ཁྲ་དང་ མདོག་གནགཔོ་སྦེ་ དཔྱལ་བ་དཀརཔོ་ཡོད་མི་ལུ་ གནགས་མདོག་དང་ གཟུགས་གནགཔོ་སྦེ་ ཁ་དཀརཔོ་སྦེ་ཡོད་མི་ལུ་ཕྱོ་དང་ གཟུགས་གནགཔོ་གུ་ གདོང་དཀརཔོ་འབད་མི་ལུ་ འབྲུག་དཀར་ཟེར་ སླབ་ཨིན་པས། གནགཔོ་ཨིན་རུང་ དཀརམོ་ཨིན་རུང་ གདོང་དཀརཔོ་གུ་མིག་ཏོག་གནགཔོ་འབད་མི་ལུ་ མཚོ་མིག་ཟེར་ སླབ་ཨིན་པས། 

 

Transcript search
No results found for this search
0 of 0
  • ཚེ་རིང་ Tshering
    ཨེ་ཧེ་་་་་ ལགས་སོ། །ཏེ་རྫོང་འདི་ ནཱེམ་འབད་བ་ཅིན་ དང་ཕུ་ གླིང་གཞི་རྫོང་འདི་ ཕར་བྱཱར་ས་ དགུན་ས་སྦེ་ཨིན་ཟེར་ ཨིན་པས་ལགས།
  • ཚེ་རིང་ Tshering
    བྱཱར་ཕར་གླིང་གཞི་ དགུན་ནཱ་སྲོས་ལུ། ཏེ་འ་ནཱི་སྐབས་ལས་ བོད་དམག་ཐོན་ཏེ་ བོད་དམག་གིས་བཅོམ་བཅོམ་ཨིན་ ཟེར་ཨིན་མས་ལགས། ང་བཅས་ དེ་བསྒང་ ནཱ་ལྷོད་པའི་བསྒང་ལས་ ག་ནི་ཡང་མིན་འདུག་ལགས།
  • ཚེ་རིང་ Tshering
    ཧེ་ཧེ་ཧེ་་་་་། ཏེ་ འ་ནཱི་ཁ་ཐུག་ལུ་ ནཱ་བསྡོམས་ཀྱི་ ཁལཔ་ ཁལཔ་ཁལ་བཅོ་བརྒྱད་ཡོད་ཟེར་ དེ་སྦེ་སླབ་ཨིན་པས་ལགས། ཏེ་ཡོད་ག་མེད་ག་ རང་ཡང་ ཞུ་ནི་མེད། ཨེ་ཧེ་ཧེ་ཧེ་་་་་་།
  • ཚེ་རིང་ Tshering
    ཏེ་རྫོང་འདི་ ཡར་ད་རེས་ གྱང་ཁོག་ལུས་དགོ་མི་དོན་དག་འདི་ འ་ནཱིམ་ཅིག་ཨིན་པས་ལགས། ཨ་ནཱི་ བོད་དམག་ཐོན་ཏེ་སྦེ་ ཏེ་དེ་ལས་ ཏེ་ནཱ་གི་ མི་ལ་ལུ་ བྱོག་སྟེ་ ད་རེས་ ཕར་ལ་རྩེ་ལ་འགྱོ་ཡོད་ ཟེར་ཨིན་པས་ལགས། འབྲས་ལྗོངས་ཀྱི་མགུ་ལས་ཡར་ མི་བརྒྱུད་ཕར་ཨིན་ ཟེར་ཨིན་པས།། །།