Skip to main content Skip to search
15 Dec 2011
29 min 42 sec
Rating
0
No votes yet
Video Overview
Creators: 
Unknown

In a series of over 20 videos, scholars read from and provide oral commentaries on the historical annals written by the Fifth Dalai Lama.

Show More

  • ནོར་བྲང་ཨོ་རྒྱན།
    ངས་ཟེར་ན། བྱས་ནས་དཱ། ད་ལྟ་དེ་རེད་གང་ཟར༼ཟེར༽། གོང་དུ་ཞུས་པ་དེ་ནི་བོད་ཀྱི་མིའི་ཐོག་མ་དེ་གང་འདྲས་བྱུང་པ་ཡིན་པ་དེ། 
  • ནོར་བྲང་ཨོ་རྒྱན།
    ལྔ་པ་ཆེན་པོའི་དགོངས་པ་དེ་ཡིན་ན་ད་གཙོ་བོ་དེ་རྦད་དེ་མི་ཡིན་ན།དཔེར་ན་གཅིག་གི་ཐོག་མའི་ཡོང་ཡས་དེ་གནས་པའི་བསྐལ་བ་ལ་ཡོད་པ། 
  • ནོར་བྲང་ཨོ་རྒྱན།
    དེ་ནས་གཅིག་གི་ད་དེ་ཡང་གནས་པའི་བསྐལ་བ་ནས་ཡོང་ཡས་དེ་ཡང་། གཅིག་གི་འཇིག་རྟེན་ན་ཚད་འཛིན་ན། བསྐལ་བ་བྱས་ན་ཆགས་པའི་བསྐལ་བ། གནས་པའི་བསྐལ་བ། འཇིག་པའི་བསྐལ་བ། སྟོངས་བའི་བསྐལ་བ།བྱས་ནས་བཞི་ཡོད་པ་ལས།
  • ནོར་བྲང་ཨོ་རྒྱན།
    རྦད་དེ་དེ་ནི་བོད་ཀྱི་མི་དེ་ཡང་གནས་པའི་བསྐལ་བའི་དུས་ནས་བྱུང་བ་དེ་ཁྱོན་བསྡོམས་ནས་བྱས་ན། ཨ་ནི་རྦད་དེ་རྒྱ་གར་ལ་སོགས་པའི་དེ་ནི་འཛམ་བུ་གླིང་སྤྱི་ཁྱབ་ནང་ལྟར་གྱི་ཐོག་ནས་དཔེ་ཆའི་ཐོག་ནས་མཚུངས་པ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    ད་ག་ནང་ལྟར་ཨ་ནི་ཡོང་ཡས་དེ་ཡང་དེ་ནི་དཔའ་བོ། དེ་ལ་ཆ་བཞག་ན་གང་ཟེར་དགོས་རེད།ཕ་སྤྲེའུ་རྒན་བྱང་ཆུབ་སེམས་པ་དང་། མ་སྲིན་མོ་བྲག་སྲིན་གཉིས་ལ་འདུས་པ་ལས་ཐོག་ནས། དེ་ནི་ཐོག་མའི་མི་ཡོང་སྟངས་དེ་འདྲས་རེད། རེད་ཟེར་བྱས་ནས་གསུངས་བ་དེ་འདྲས་གཅིག་རེད་ཤག
  • ནོར་བྲང་ཨོ་རྒྱན།
    ད་དེ་ནས་མིའི་འགྲོ་བ་བྱུང་ནས་མཇུག་གུ་ལ་ཆ་བཞག་ན། དེ་ནི་ད་བོད་རང་ལ་ཆ་བཞག་ན་རྒྱལ་ཕྲན་གྱི་རིམ་པ་འདྲ་པོ་ཁོ་ཨེ་དེ་འདྲས་མང་པོ་ཆགས་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་དེ་ལ་ད་རྒྱལ་ཕྲན་ནང་ལ་ཆ་བཞག་ན་ད་ཐོག་མར་ཆ་བཞག་ན་བོད་ལ་ཨ་ནི་ད་རྒྱལ་ཕྲན་ནི་དེ་ནི་སིལ་མ་བཅུ་གཉིས་ཟེར་ཡས། རྒྱལ་ཕྲན་བཞི་བཅུ་ལ་ཟེར་ལ་སོགས་པ། 
  • ནོར་བྲང་ཨོ་རྒྱན།
    འོ་དེ་འདྲས་ཡིན་ན་ཡོའོ་རེད། ད་དེའི་སྐོར་ལ་ད་ལྟ་ལྔ་བ་ཆེན་པོས་འདི་རུ་གསུངས་ཡས་ལ་ཆ་བཞག་ན་རྒྱལ་ཕྲན་གྱི་རིམ་པ་དེ། དེ་འདྲས་བྱུང་ཡོའོ་རེད་ཟེར་ཡས་གཅིག་མ་གཏོགས།  ཞིབ་ཕྲའི་གལ་གསུང་མི་འདུག
  • ནོར་བྲང་ཨོ་རྒྱན།
    ཡིན་ན་ཡང་ད་དེ་མཁས་པའི་དགའ་སྟོན་ལ་སོགས་པ་དེའི་ཚོའི་ནང་ནས་བྱེད་དུས་ཙམ་པ་ད་རྒྱལ་ཕྲན་དེ་ཚོའི་མིང་ཡིན་ན་ཡང་གསལ་པོ་ཡོད་པ།
  • ནོར་བྲང་ཨོ་རྒྱན།
    ཨ་ནི་དེ་འདྲས་རེད་ཤག བྱས་ནས་ཐོག་ནས་བོད་ལ་ཆ་བཞག་ནའི་གཅིག་བསྒྱུར་མིན་པ་དེ་ནི་བོད་དེ་གཅིག་བསྒྱུར་མིན་པའི་ཨ་ནི་རྒྱལ་ཕྲན་དེ་འདྲས་སིལ་མ་དེ་འདྲས་མང་པོ་བྱུང་ཡོའོ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    མང་པོ་བྱུང་ཡོའོ་རེད་དེ་ཡང་ད། ཞིབ་པར་བྲིས་པ་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ནང་ལ་ཆ་བཞག་ན། 
  • ནོར་བྲང་ཨོ་རྒྱན།
    མཁས་པའི་དགའ་སྟོན་ནང་ནས་གསུང་པ་ལ་ཆ་བཞག་ན། དེ་ནི་མཁས་པའི་དགའ་སྟོན་ཟེར་ན། དཔའ་བོ་གཙུག་ལག་འཕྲེང་བས་བརྩམས་པར་གནང་བ། ད་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ལ་བྱེད་དུས་ཙམ་པ་དེ་ཡང་གལ་ཆེན་པོ་གཅིག་ཡིན་པ།
  • ནོར་བྲང་ཨོ་རྒྱན།
    དེའི་ནང་ལ་གསུངས་པ་ལ་ཆ་བཞག་ན། ཐོག་མར་དང་པོ་རྒྱལ་ཕྲན་སིམ་མ་བཅུ་གཉིས་ཟེར་ཡས་དེ་ལ་ཆ་བཞག་ན། དེ་ནི། དང་པོ་མཆིམས་ཡུལ་གྲུ་ཤུལ་ན། མཆིམས་རྗེ་ནི་གུ་དང་། བློན་པོ་སྣང་དང་། དེང་གཉིས། ཟེར།
  • ནོར་བྲང་ཨོ་རྒྱན།
    མཆིམས་ཀྱི་ཡུལ་ན་དེ་ནི་གྲུ་ཤུལ་ན། དེ་ནི་མཆིམས་ཀྱི་རྗེ་ནི་གུ་དང་ བློན་པོ་སྣང་དང་དེང་གཉིས། ཟེར། 
  • ནོར་བྲང་ཨོ་རྒྱན།
    གཉིས་པ་དེ་ཞང་ཞུང་གི་ཡུལ་ན། དེ་ནི་རྒྱལ་པོ་ལེགས་སྙ་ཤུར་དང་། བློན་པོ་རྨ་དང་། ར་སངས་གཉིས།ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོ་དེ་ནི་ལེགས་སྙ་ཤུར་དང་། བློན་པོ་རྨ་དང་། ར་སངས་གཉིས། ཟེར།
  • ནོར་བྲང་ཨོ་རྒྱན།
    གསུམ་པ་དེ་ནི་མྱང་རོ་ཕྱོང་དཀར་ན། གཙང་རྗེ་ཐོང་དཀར་དང་། བློན་པོ་གནང་།ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་བཞི་པ། གནུབས་ཡུལ་གླིང་དགུ་ན། གནུབས་རྗེ་དམིགས་པ་དང་། བློན་པོ་རྨེའུ་དང་། འབྲོ་གཉིས།ཟེར།
  • ནོར་བྲང་ཨོ་རྒྱན།
    ལྔ་པ། ཉང་རོ་ཤམ་པོ་ན། ལོ་ངམ་རྗེ་འབྲོམ་ཚ་དང་། བློན་པོ་ཤེ་དང་། སུང་གཉིས། ཟེར།
  • ནོར་བྲང་ཨོ་རྒྱན།
    ཨ་ནི་དྲུག་པ་དེ་ལ་ཆ་བཞག་ན། ཀྱི་རི་ལྗོན་སྔོན་ན། ཀྱི་རྗེ་རྨད་པོ་དང་། བློན་པོ་ངམ་དང་། འབྲི་གཉིས།ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་བདུན་པ་དེ་ནི་ངམ་ཤོད་ཁྲ་སྣར། ཟིང་རྗེ་འཕྲང་གསུམ་དང་། བློན་པོ་མགར་དང་གཉན། དེ་འདྲ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    འོལ་ཕུ་སྤང་མཁར་དུ། ཟིང་རྗེ་དང་ཐོན་ཕྲེང་་དང་། བློན་པོ་རྔོག་དང་། འབས་གཉིས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    དགུ་པ། སྲིབས་ཡུལ་གྱི་རལ་གོང་དུ། བྲང་རྗེ་གོང་ནམ་དང་། བློན་པོ་སྦྲད་དང་། ཞུགས་གཉིས།ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་བཅུ་པ་དེ། ཀོང་ཡུལ་བྲེ་སྣ་ན། ཀོང་རྗེ་ཀར་པོ་རུག་དང་། བློན་མཁར་པ།ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    བཅུ་གཅིག་པ། ཉང་ཡུལ་རྣམ་གསུམ་ན། ཉང་བཙུན་གླང་རྒྱལ་དང་བློན་པོ་ཕུག་དང་། ངོ་རྗེ་གཉིས། ཟེར།
  • ནོར་བྲང་ཨོ་རྒྱན།
    བཅུ་གཉིས་པ། དྭགས་ཡུལ་གྲུ་བཞི་ན། དྭགས་རྗེ་མང་་རྒྱལ་དང་། བློན་པོ་རླངས་དང་སྐམ་གཉིས་ཡིན་ཟེར་བྱས་ནས་ད་དེ་འདྲས་ཀྱི་རྒྱལ་ཕྲན་ཡིན་ན་བཅུ་གཉིས། རྒྱལ་ཕྲན་སིམ་མ་བཅུ་གཉིས་བྱུང་ཡས་ལ་ཆ་བཞག་ན།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཡིན་ན་བྱུང་ཡོའོ་རེད་ཟེར། རྒྱལ་ཕྲན་དེ་ཚོའི་ནང་ལ་ཆ་བཞག་ན་ད་རྗེ་བོ་རེ་རེ་ལ་བློན་པོ་གཉིས་ད་ལྟ་ཁ་གསལ་ཡས་ལ་ཆ་བཞག་ན་མང་ཆེ་བ་ལ་བློན་པོ་གཉིས་དང་།
  • ནོར་བྲང་ཨོ་རྒྱན།
    འགའ་ཤས་ལ་དེ་ནི་བློན་པོ་གཅིག་ཡོད་པ་དེ་འདྲས་རེད་ཟེར།  དེ་འདྲས་ད་ནི། ད་དེ་འདྲས་དཔེར་ན། ད་ཡུལ་དང་རྒྱལ་ཕྲན་རྣམས་ཀྱི་དེ་ནི་མིང་གསལ་པོ་གསུངས་ཤིང་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་བཞིན་སིལ་མ་བཞི་བཅུ་ཐམས་པ་ཡང་དེ་དེ་མིན་པའི་ཡང་རྒྱལ་ཕྲན་ཟེར་ཡས་ཁོ་བཅུ་གཉིས་དེ་འདྲས་གཅིག་བྱུང་ཡོའོ་རེད། འགའ་ཤས་ཡང་རྒྱལ་ཕྲན་སིལ་མ་བཞི་བཅུ་ཟེར་ཡས་དེ་འདྲས་ཡིན་ནའི་མང་པོ་དེ་འདྲས་བྱུང་ཡོའོ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ཡིན་ན་ཡང་དེ་དེ་གྱད་དེའི་ནང་ལ་ཆ་བཞག་ན། དེ་ནི་འཕགས་པ་མཆོག་གིས་རྦད་དེ་སྤྱན་རས་གཟིགས་མཆོག་གི་བྱིན་གྱི་བརླབས་པ་བཞིན་མ་བྱུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་གྱད་དེའི་ནང་ལ་ཆ་བཞག་ན་སྐབས་དེ་དུས་རྒྱལ་ཕྲན་གང་ཟེར་དགོས་རེད་པས།བོད་ཀྱི་ཡུལ་འོང་། ཡུལ་ཆགས་པ་དེ་འདྲས་ཀྱི་དེ་འདྲས་ཀྱི་་རྒྱལ་ཕྲན་ཆགས་པ་རེད་དའི་ཡིན་ནའི་ད་སྤྱན་རས་གཟིགས་ཀྱི་དེ་ནི་གདུལ་ཞིང་དུ་འགྱུར་བའི་ཨ་ན་ཨིབྱིན་གྱི་བརླབས་དེ་འདྲས་བྱུང་མི་འདུག་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁྱད་པར་ཨ་ནི། དེ་འདྲས་ཡིན་དུས་ཙམ་པ་ད་དེ་ཁྱད་པར་དུ་དེ་ནི་བོད་ཀྱི་ལྗོངས་དེ་རུ་དེ་ལ་རང་ཉིད་གནས་པའི་ལྗོངས་འདི་ལ་གནས་ཤིང་རྒྱུ་བའི་འགྲོ་བ་ཡོངས་ལ་མངའ་དབང་སྒྱུར་བའི་དེ་ནི་རྒྱལ་པོ་ཞིག་བྱེད་པ་བཟང་པོའི་རྐྱེན་མེད་ན་རྒྱལ་བའི་བསྟན་པ་འབྱུང་དཀའ་བར་དགོངས་ནས། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ད་དེ་འདྲས་ཀྱི་རྦད་དེ་གང་ཟེར་དགོས་རེད། གཅིག་གུ་གཅིག་གི་ལྗོངས་འདིའི་ནང་ལ་འགྲོ་བ་ཡོངས་ལ་མངའ་སྒྱུར་བའི་རྒྱལ་པོ་ཞིག་མ་བྱུང་ན། དེ་ནི་སངས་རྒྱས་བསྟན་པ་དེ་ནས་སྤེལ་ཐུབ་ཡས་མེད་པ་ལ་སོགས་པ།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཡིན་དུས་ཙམ་པ་རྒྱལ་བའི་བསྟན་པ་འབྱུང་དཀའ་བར་དགོངས་ནས། མང་པོས་བཀུར་བའི་རྒྱལ་པོའི་གདུང་རྒྱུད་ལས་བྱུང་བའི་རྒྱལ་པོ་དམག་བརྒྱ་པ་ཞེས་པ་ཞིག་བྱུང་བ་དེ་ལས།ཟེར། 
  • ནོར་བྲང་ཨོ་རྒྱན།
    སྐབས་དེ་དུས་ད་མང་པོས་བཀུར་བའི་རྒྱལ་ཁབ་ཟེར་ཡས་དེ་ཟེར་དུས་ཙམ་ནས་འཛམ་བུ་གླིང་གི་ནང་ནས། མཇུག་ལ་སངས་རྒྱས་ཆོས་ལུགས་ནང་ལ་ཆ་བཞག་ན་ད། ད་འཛམ་བུ་གླིང་གི་འཇིག་རྟེན་ནང་ལ་ད་ཐོག་མའི་རྒྱལ་པོ་དེ་ལ་མང་པོས་བཀུར་བའི་རྒྱལ་རབས་ཡིན་ཟེར་ཡས་གཅིག
  • ནོར་བྲང་ཨོ་རྒྱན།
    གཅིག་བྱས་ན་ད་དེ་རྒྱ་གར་རྒྱལ་རབས་མང་པོ་གཅིག་གི་ད་མཐར་ཐུག་ས་དེ་རྦད་དེ་མང་པོས་བཀུར་བའི་རྒྱལ་རབས་ཟེར་མཁན་དེ་ལ་ཡིན་ནཨ་ནི་མཐར་ཐུག་གི་ཡོའོ་རེད།
  • ནོར་བྲང་ཨོ་རྒྱན།
    ད་དེའི་མང་པོས་བཀུར་བའི་རྒྱལ་རབས་ཟེར་ཡས་དེ་གིའི་ནང་ལ་ཆ་བཞག་ན། དེ་ནི་རྦད་དེ་ལོ་གྲངས་ལ་བྱས་པ་ཡིན་ན། ད་དུང་འགྱུར་མང་པོ་སྐད་ཆ་བཤད་རྒྱུ་ཡོད་པ་དེ་འདྲ་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་དེ་ནི་རྒྱལ་པོའི་གདུང་རྒྱུད་ལས་བྱུང་བའི་དེ་ནི་རྒྱལ་པོ་དམག་བརྒྱ་པ་ཟེར་ཡས་གཅིག་བྱུང་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་། དམག་བརྒྱ་པ་ཞེས་བྱ་བ་དེ་བྱུང་བ་དེ་ལས་སྲས་འཕགས་པས་བྱིན་བརླབས་ཀྱི་བྱེད་པོས་སྤྱིར་བཏང་གི་རྣམ་པ་ལས་འདས་པ་ཞིག་བལྟམས་ཏེ། ད་དེ།
  • ནོར་བྲང་ཨོ་རྒྱན།
    དེ་དམག་བརྒྱ་པ་ཟེར་མཁན་དེ་ལ་སྲས་དེ་ནི་སྤྱིར་བཏང་གི་འཕགས་པས་ཟེར་ན། འཕགས་པ་སྤྱན་རས་གཟིགས་ཀྱི་དེ་ནི་བྱིན་གྱི་བརླབས་པའི་དེ་ནི་སྤྱིར་བཏང་གི་གནས། འོང་རྣམ་པ་ལས་འདས་པའི་སྤྱིར་བཏང་གི་མི་ལས་འདས་པའི་ཨ་ནི། མིག་མས་འགྲིབས་སུ་ཡོད་པ། གཡུའི་སྨིན་མ་ཅན།
  • ནོར་བྲང་ཨོ་རྒྱན།
    སོ་དུང་སོ་འཁོར་མར་ཡོད་པ། ལག་པ་ཡི་སོར་མོའི་དབར་སྦྲེལ་བ་ངང་པའི་སྡེ་མོ་དང་མཚུངས་པ་འཁོར་ལོའི་ཡན་ལག་ལྟ་བུ་ཡོད་པའི་མཚན་དཔེ་དང་ལྡན་པ་ཞིག
  • ནོར་བྲང་ཨོ་རྒྱན།
    མཚན་དང་ལྡན་པ་ཞིག་བྱུང་བ་རེད་ཟེར། ད་དེ་རྦད་དེ་སྲས་དེ་ཡིན་ན་དེ་ནི་དམག་བརྒྱ་པའི་སྲས་དེ་ཡིན་ན། གཞན་དང་མི་འདྲ་བའི་ཐོག་ནས་རྦད་དེ་དེ་འདྲས་ཀྱི་དཔེར་ན། མཚན་བཟང་པོ་དང་ལྡན་པ་དེ་འདྲས་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་དེ་འདྲས་ཀྱི་གསུངས་དུས་ཙམ་ནས། དེ་ཡབ་ཀྱི་ཐུགས་པ་གང་འདྲས་དགོངས་པ་ཟེར་ན། དེ་རྦད་དེ་སྤྱིར་བཏང་གི་མི་གཅིག་ཁྱོན་ནས་རེད་མི་འདུག་ཟེར།
  • ནོར་བྲང་ཨོ་རྒྱན།
    མིའི་རྣམ་པ་ལས་མ་ཡིན་པའི་ཐོག་ནས་ཨ་ནི། དེ་ཡང་གཅིག་མིན་ན་དེ་ལྷའི་སྤྲུལ་པ་རེད། ཡང་གཅིག་མིན་ན་དེ་འདྲེའི་སྤྲུལ་པ་རེད། 
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་གང་ལྟར་གང་ཡིན་ནའི་མིན་ནའི་ད་དེ་རྦད་དེ་མཐའ་མཚམས་ལ་ཕར་པུད་ན། མཐའ་ལ་སྤྱུགས་པ་ཟེར་ན་མཐའ་མཚམས་ལ་ཕར་ཨ་ནི་རྒྱང་འབུད་བཏང་ཡས་ཀྱིས་དགོངས་བཞེད་འདྲ་པོ་བཞེས་བྱས། ཨ་ནི་བཞེད་པ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    མཐའ་ལ་སྤྱུགས་པ་མཐའ་མཚམས་ལ་རྒྱང་འབུད་བཏང་བྱས། མཐའ་མཚམས་ལ་བཏང་དུས་ཙམ་པ་དེ་ནི་ཁོང་ག་དུ་ཕེབས་ཡས་ཐོག་ལ་ཆ་མེད་པ་གཅིག་བྱེད་དུས་ཙམ་པ། སྐབས་དེ་དུས།
  • ནོར་བྲང་ཨོ་རྒྱན།
    ཁོང་ད་ག་ཟེར་ཐ་མེ་འཐོམ་ལ་བཞུགས་ཁ་ཐུག་ལ་བྱས་བྱས། དེ་ནི་སྤྱན་རས་གཟིགས་ཀྱིས་རྦད་དེ་བྱས་བྱས། པད་དཀར་འཛིན་པའི་ཡེ་ཤེས་མཆོག་གི་ཟེར་ན། ད་རྦད་དེ་པད་དཀར་འཛིན་པ་ཟེར་ན་སྤྱན་རས་གཟིགས་ཀྱི་ཕྱག་ལ་པད་དཀར་འཛིན་པ། ཟིན་བཞུགས་ཀྱི་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ། འདི་དེ་དེ་འདྲས་ཀྱི་སྤྱན་རས་གཟིགས་ཀྱིས་དེ་ནི་རྦད་དེ་ཐུགས་ཆེའི་འོད་ཟེར་དེ་ཁོང་གི་སྙིང་ལ་འཕོག་ནས་དེ་ནི་རང་གི་སྣང་བ་བསྒྱུར་ནས་ད་གང་འདྲས་ཅིག་བྱས་པ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྐབས་དེ་དུས་ཙམ་པ་ག་འགྲོ་འདི་འགྲོ་མེད་པ་ལ། སྤྱན་རས་གཟིགས་ཀྱིས་ཐུགས་རྗེའི་འོད་ཟེར་ལ་བརྟེན་ནས། འདི་ནི་རང་ཉིད་ཡར་ཀླུངས་ཕྱོགས་ལ་ཕེབས་ཡས་ཀྱི་དགོངས་པ་དེ་འདྲས་ཡིན་ན་ཆགས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡར་ཀླུངས་ཐོག་ལ་ལྷོ་ཁ་ཡར་ཀླུངས་ཕྱོགས་ལ། ཡར་ཆབ་གཙང་པོའི་རྒྱུད་ལ་ཡོད་པའི་ལྷ་རི་གྱང་མཐོའི་རྩེ་ལ་བྱོན་ནས་དེ་ནི། དེ་ནི་ལྷ་རི་གྱང་མཐོ་ཟེར་ཡས་དེ་ནི་དེ་རུ་ཡོད་པ་ཅིག་རེད་པ།
  • ནོར་བྲང་ཨོ་རྒྱན།
    ལྷོ་ཁའི་གྱང་མཐོར་ཕྱིན་ནས་ལྷ་རིའི་གྱང་མཐོའི་རྩེ་ནས་གཟིགས་དུས་ཙམ་པ་དེ་ནི། ལྷོ་ཁའི་ཡུལ་དེ་ལ་གཟིགས་དུས་ཙམ་པ་དེ་ནི་ལྷོ་ཁའི་ཡུལ་དེར་ཆ་བཞག་ན། ཡར་ཀླུངས་ཀྱི་ཡུལ་ནི་མཐོ་རིས་ཀྱི་ཡོན་ཏན་བདུན་ལས་ས་ལ་འཕོས་པ་དང་། 
  • ནོར་བྲང་ཨོ་རྒྱན།
    མཐོ་རིས་ཡོན་ཏན་བདུན་ལྡན་པ་དེ་ནི་དགེ་མཚན་ཡིན་ན་ཆེན་པོ་ཡོད་པ་ལ་སོགས་པ། དེ་འདྲས་ཀྱི་དཔེར་ན་མཐོ་རིས་ཀྱི་ཡོན་ཏན་ཐམས་ཅད་ས་འཕོས་པ་ནང་ལྟར། བཟང་པོ་ཡོད་པ་དང་། ད་ག་ནང་ལྟར་ཡར་ལྷ་ཤམ་པོ་ཟེར་མཁན་དེ།ཡར་ལྷ་ཤམ་པོ་ཟེར་མཁན་དེ།
  • ནོར་བྲང་ཨོ་རྒྱན།
    དེ་ཡིན་ན་རྦད་དེ་གངས་རི་དེ་ཡིན་ན་རི་དབང་ལྷུན་པོའི་དེ་ནི་རིའི་དབང་པོའི་དེ་ནི་རི་དབང་ལྷུན་པོའི་མཛེས་སྡུག་མཐོ་ལ། བརྗིད་ཆགས་པའི་ངོ་མཚར་ཀུན་ནས་ཆགས་པའི་ཟེར་ནའི་ད་དེ་འདྲས་ཀྱི་རྦད་དེ། ཨེ། ཡར་ལྷ་ཤམ་པོའི་གངས་རི་དེ་ཡང་ཨ་ནི་རི་དབང་ནང་ལྟར་གྱི་མཛེས་སྡུག
  • ནོར་བྲང་ཨོ་རྒྱན།
    མཛེས་ལ་མཐོ་ཞིང་བརྗིད་པའི་ངོ་མཚར་ལ་ཀུན་ནས་ཆགས་པའི་ཆུ་ཤེལ་གྱི་དབང་པོ་ཉ་གང་བས། དེ་རྦད་དེ་ཆུ་ཤེལ་དབང་པོའི་དེ་ནི་རི་དེ་ཡི་ཡིན་ན་དཔེར་ན་ཟླ་བ་དབང་པོ། ཟླ་བའི་དེ་ནི་གཟུགས་བརྙན་འཕོས་པ་ནང་ལྟར་གྱི་སྐྱ་ཐེང་ངེར་བསྡད་པ་དེ།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་མཁྱེན་དུས་ཙམ་པ་དེ་ནི་ལྷ་རི་ཡར་ཀླུངས་ལྷ་རི་རོལ་པོའི་རྩེ་ལ་དེ་ནི་ག་ལེར་གཤེགས་པ་ཟེར། དེ་འདྲས་ཀྱི་དེ་ནི་དཔེར་ན་གཞི་ནས་དེ་ནི་ཡར་ཀླུངས་ཀྱི་ལྷ་རིའི་རོལ་པའི་རྩེ་ལ་ག་ལེར་ཕེབས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ག་ལེར་ཕེབས་ནས་ག་རེ་བྱས་ཡོའོ་རེད་ཟེར་ན། ག་ལེར་ཕེབས་ནས་དེ་ནི་ཡར་ནས་མར་ལྷ་སྐས་ལ་བབས་བྱས་རེད་པ།
  • ནོར་བྲང་ཨོ་རྒྱན།
    ལྷའི་སྐས་ལ་བབས་ནས་དེ་ནི་བཙན་ཐང་ཟེར་ཡས་ཀྱི་བཙན་ཐང་སྒོ་བཞིར་ཟེར་ཡས་དེ་འདྲས་ཀྱི་གཅིག་ཡོའོ་རེད། བཙན་ཐང་སྒོ་བཞི་ཟེར་ཡས་དེ་གང་འདྲས་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    བཙན་ཐང་ཟེར་ཡས་དེའི་ཐོག་ལ་གཅིག་ཡིན་ན་ལུང་ཤུར་ཡིན་ན་བཞི་ཡོད་པ་དེ་འདྲས་ཀྱི་བཙན་ཐང་སྒོ་བཞིར། དེ་ལ་ཡིན་ན་བཙན་ཐང་སྒོ་བཞི་ཟེར་གྱི་ཡོའོ་རེད། བྱས་ཙང་། དེའི་ནང་ལ་ཡིན་ན་ཞབས་ཟུང་འཁོར་ལོ་བསྐྱོད་པས། ཞབས་ཨ་ནི་ག་ལེར་ག་ལེར་གོམ་པ་བརྒྱབ་ནས་ཕེབས།
  • ནོར་བྲང་ཨོ་རྒྱན།
    ཕེབས་ནས་རེད་པ། ཕེབས་དུས་ཙམ་པ་སྐབས་དེ་དུས་ད་བོད་འདི་ལ་ཆ་བཞག་པ་ཡིན་ན། ད་མིའི་འགྲོ་བ་ཡོངས་སུ་ཆགས་ཚར་ར་ད་ག ད་ག་ནང་ལྟར་དཔེར་ན་བོན་པོ་ལ་སོགས་པ། དེ་འདྲས་ཡིན་ནའི་སྐབས་དེ་དུས་བོན་པོའི་ལུགས་ལ་སོགས་པ་དེ་ཚོ་ཡིན་ནའི་ཞེ་དྲག་དར་ཚར་བྱས་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་འདྲས་ཡིན་དུས་ཙམ་པ། བོན་པོའི་ལུགས་ལ་སོགས་པ་དེ་འདྲས་ཡོན་ཏན་ཅན་ནི་ཨ་ནི་མི་བཅུ་གཉིས་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་བཙུན་པ་ལྷོ་དང་གཉགས། འོང་། བཙུན་པ་ཁྱུང་དང་སྣུབས། མཉན་པ་སེ་དང་སྡོང་སྟེ། ཡབ་འབངས་ཀྱི་རིགས་དྲུག་དང་། ལྷ་བོ་ལྷ་སྲས། སེ་བོན། སྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་བཅས་ཟེར་ཡས་ད།
  • ནོར་བྲང་ཨོ་རྒྱན།
    ད་དེ་འདྲས་ཀྱི་མཁས་པ་མི་བཅུ་གཉིས་ཀྱི་མཐོང་ནས། ད་ཁོང་ཚོ་རྦད་དེ་སེམས་ཅན་འཚོ་གི་ཡོའོ་རེད་པ། སེམས་ཅན་འཚོ་བ་ཚོས་མཐོང་ནས་དེ་ནི་ཁྱེད་རང་ཉིད་ག་ནས་ཕེབས་པ།ཟེར་བྱས་ནས་དེ་ལ་དྲིས་པ་རེད་བྱས་པ།
  • ནོར་བྲང་ཨོ་རྒྱན།
    འོང་ཁོང་ལ་རྦད་དེ་རུ་པ་སྡེ་བཀའ་དྲི་ཞུ་དུས་ཙམ་པ། ཁོང་གིས་དཔེར་ན།དེ་ལ་བཀའ་དྲི་གནང་དུས་ཙམ་པ། ད་རྦད་དེ་ཁོང་ཚོ་ནི། གཅིག་གུ་དེ་ནི་རྒྱ་གར་ནས་ཚུར་ཡོང་པ་གཅིག་རེད། ཁོང་ཚོ་ནི་བོད་ལ་ཡོད་པ་དེ་འདྲས་ཀྱི་རེད། བྱས་ཙང་དེ་འདྲས་ཀྱི་དཔེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཀྱི་སྐད་ཆ་མ་འཕྲོད་་ཚུལ་དུ། ཚིག་བརྡ་མ་འཕྲོད་ཙམ་པ་དེ་ནི་གང་འདྲས་ཟེར་ན། རྦད་དེ་ནམ་མཁའ་ལ་ཡ་མཛུབ་མོ་ཀེར་འདུག་བཟོ་བྱས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ནམ་མཁའ་ལ་མཛུབ་མོ་ཀེར་དུས་ཙམ་པ་ག་རེ་བྱས་པ་རེད་ཟེར་ན། ད་རྦད་དེ་ཁོང་ཚོས་ཟེར་ན་དེ་ཕལ་ཆེར་གནམ་ནས་ལྷ་ལས་མར་འབབ་ཡོང་ང་གཅིག་ལ། རེད་དགོངས་བའི་ཐོག་ནས་དེ་ཕལ་ཆེར།
  • ནོར་བྲང་ཨོ་རྒྱན།
    དེ་རྦད་དེ་ང་རང་བོད་ཀྱི་རྦད་དེ་བོད་ཁམས་ཡོངས་ཀྱི་རྒྱལ་པོ་ལ་འོས་ཀྱི་་དུག་བྱས་ནས། རྦད་དེ་གཉའ་བར་ཁྲི་བཏེགས་བྱས། ཨ་ནི་མི་དེ་གྱད་དེ་རྦད་དེ། ད་རྦད་དེ་རྒྱལ་པོ་ལ་འོས་སུ་ད་ག་རང་འདུག་བྱས། གཉའ་བར་ཁྲི་བཏེགས་བྱས་དེ་ནི་ཕེབས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་དེ་ནི་དེའི་མཚན་ལ་གཉའ་ཁྲི་བཙན་པོ་ཟེར་ན། གཉའ་བ་ལ་ཁྲི་བྱས་ནས་བཏེགས་པ་ལ་བརྟེན་པས། དེ་ནི་གཉའ་ཁྲི་བཙན་པོ་བྱས་ནས་དེ་འདྲས་གྲགས་པ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་དེའི་སྔོན་ལ་ཆ་བཞག་ན། དེ་ནི་དེ་ལ་ཡིན་ན་ནི་ཁྲི་བཙན་པོ་འོང་ལྡེ།ཡིན་ནའི་ཞུ་གྱི་ཡོའོ་རེད་ཟེར། དེ་དོན་དག་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ད་དེ་རྗེས་དེར་ཡིན་ན། གཉའ་ཁྲི་བཙན་པོས་ཡིན་ན་གང་འདྲས་གནང་པ་རེད་ཟེར་ན། དེ་ནི་ཨེ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ལ་ཕེབས། རྒྱལ་པོ་ལ་ཕེབས་ནས་ཐོག་མ་ལ་ག་རེ་གནང་པ་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་བཙན་པོའི་མཁར་ལ་སྔ་བ་ཕོ་བྲང་ཡུམ་བུ་གླ་སྒང་གཅིག དེ་ནི། བཙན་པོའི་སྐུ་མཁར་རེད་པ། ད་དེ་ནི་རྒྱལ་པོའི་ཕོ་བྲང་ལ་སྔ་ཤོས་དེ་ཡིན་ན་ཡུམ་བུ་གླ་སྒང་ཟེར་ཡས་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་ལ་རེས་ཡིན་ན། མཁར་ལ་སྔ་བ་ཡུམ་བུ་གླ་སྒང་ཟེར་ན། བོད་ལ་མཁར་ཐོག་མ་ཆགས་པ་དེ་འདྲས་མ་རེད།
  • ནོར་བྲང་ཨོ་རྒྱན།
    བཙན་པོའི་མཁར་ལ་སྔ་བ་ཡུམ་བུ་གླ་སྒང་དེ་འདྲས་ཡིན་ཟེར་ད་། ཡུམ་བུ་གླ་སྒང་། ཡུམ་བུ་གླ་སྒང་ཟེར་ཡས་དེ་དེང་རིང་ཁ་སང་ཡིན་ནའི་ལྷོ་ཁ་ལ་བཞུགས་ཡོད་པ་དེ་འདྲས་གཅིག་རེད་པ་ལ། བྱས་ཙང་ད།
  • ནོར་བྲང་ཨོ་རྒྱན།
    དེ་རིང་ཁ་སང་བྱེད་དུས་ཙམ་པ། ཞེ་དྲག་གི་རྒྱ་ཆེན་པོ་དེ་འདྲས་ཡིན་གྱི་མ་རེད་དའི། དུས་སྐབས་ད་ག་ཙམ་ཅིག་བྱེད་དུས་ཙམ་པ་ད་གང་ཟེར་དགོས་རེད། 
  • ནོར་བྲང་ཨོ་རྒྱན།
    གཅིག་གི་ལག་རྩལ་དང་གང་ཅིའི་ཐད་ནས་ཡིན་ནའི་སྐབས་དེ་དུས་བོད་ཀྱི་ཡུལ་ཁམས་དེ་ག་རང་ལ་གཅིག་གི། གཅིག་གི་ལག་རྩལ་དང་། གཅིག་གི་ཤེས་རིག་དང་ཡིན་ན་ག་ལ་གང་འཚམས་སླེབས་པའི་མཚོན་རྟགས་འདྲས་པོ་དེ་འདྲ་ཅིག་རེད་པ། བྱས་ཙང་ཡུམ་བུ་གླ་སྒང་ལ་ཕེབས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡུམ་བུ་གླ་སྒང་ནས་བརྩིགས་པ་རེད་ཟེར། དེ་ནི་ཚེ་མི་གཤེན་གྱིས་རྨུ་རྒྱལ་གྱི་བོན་བསྒྱུར། ཟེར་ན་སྐབས་དེ་དུས་ཨ་ནི། སྐབས་དེ་དུས་ཙམ་ནས་ཨ་ནི། རྒྱལ་པོ་རེ་རེ་ལ་རྦད་དེ་སྐུ་བོན་ཟེར་དེ་འདྲས་རེ་རེ་ཡོད་དུས་ཙམ་པ། དེ་ནི་ཚེ་མི་གཤེན་ཟེར་ཡས་དེ་ནི་ཨེ་རྨུ་རྒྱལ་གྱི་བོན་དེ་འདྲས་བསྒྱུར་ར་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བོན་གྱི་དེ་ནི་ལུགས་དེ་འདྲས་ལུགས་སྲོལ་དེ་འདྲས་ཡིན་ན་བསྒྱུར་ར་རེད་ཟེར། བསྒྱུར་ར་རེད་ཟེར་ནའི་ད་ཅིག་གི་བོན་གྱི་ཆོས་ལུགས་བཟོ་འདྲ་ཨོ་དེ་ཚོ་བསྒྱུར་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་དང་དེ། བཙུན་མོ་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། དེ་ནི་དེ་དང་གཉའ་ཁྲི་བཙན་པོ། གཉའ་ཁྲི་བཙན་པོ་དེ་དང་དེའི་བཙུན་མོ་གནམ་མུག་མུག་གི་སྲས། མུ་ཁྲི་བཙན་པོ། ཟེར་ཡས་དེ།
  • ནོར་བྲང་ཨོ་རྒྱན།
    དེ་ནི་གཉིས་པ་དེ་ནི་མུ་ཁྲིའི་བཙན་པོའི་སྲས། དེ་དང་བཙུན་མོ་ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ་སྲས། ཨེ་དེའི། དེ་དང་བཙུན་མོ་སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། དེ་དང་བཙུན་མོ་དོག་མེར་མེར་གྱི་སྲས་ནི་མེར་ཁྲི་བཙན་པོ་སྲས། དེ་དང་བཙུན་མོ་གདགས་ཀྱི་ལྷ་མོའི་སྲས་གདགས་ཁྲི་བཙན་པོ། དེ་དང་བཙུན་མོ་སྲིབ་ཀྱི་ལྷ་མོའི་སྲས་སྲིབ་ཁྲི་བཙན་པོའི་སྲས་བྱས་ཙང་ད་འདི།
  • ནོར་བྲང་ཨོ་རྒྱན།
    འདི་གྱད་དེ་ཡིན་ན། ཚངས་མ་རྦད་དེ་གཉའ་ཁྲི་བཙན་པོ་ནས་བྱེད་དུས་ཙམ་པ་འདི་གྱད་དེ་གང་ག་ལྷ་ནས། དེ་ནི་ལྷའི་རྒྱུད་པ་རྐྱང་བྱས་ལྷ་ནས་མར་ཆད་པ་ཡིན་ཟེར། 
  • ནོར་བྲང་ཨོ་རྒྱན།
    འདི་རྣམས་ལྷ་ལས་ཆད་པའི་རྒྱལ་པོ་ཡིན་ཟེར། ལྷ་ལས་ཆད་པའི་རྒྱལ་པོ་ཡིན་དུས་ཙམ་པ་དེ་ནི། འདི་གྱད་དེ་དཔེར་ན་གཤེགས་པའི་སྐབས་ལ་ཡིན་ནའི་དཔེར་ཆ་བཞག་པ་ཡིན་ནའི་ གཤེགས་དུས་ཙམ་པ་ཨ་ནི་ལྷ་ཡུལ་ལ་ཕེབས་བྱས་ནས། དེ་ནི་དེ་གཅིག་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ། ལྷ་ལས་བབས། ནམ་མཁའ་ལས་རྨུ་་་རྨུ་ཐག་ལ་འཆང་སྟེ་ཕེབས་པ་རེད་ཟེར། བྱས་ནས་རྨུ་ཐག་ཟེར་ཡས་དེ་ནི་བོན་པོའི་བཤད་སྲོལ་བྱེད་དུས་དེ་ནི་སྐབས་དེ་དུས་བོན་པོ་ཚོ་ལ་གང་ཡོའོ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་རྦད་དེ་བོན་པོའི་དད་པའི་དབུ་གཙུག་ནས་དེ་ནི་ནམ་མཁའ་བར་དུ་ཡར་ཨ་ནི་འོད་ཟེར་གྱི་ཐག་པ་གཅིག་ཡོའོ་རེད་ཟེར་གྱི་ཡོའོ་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་ད་གྲོངས་དུས་ཙམ་པ་འོད་ཟེར་ཐག་པ་དེ་རྒྱུད་བྱས། ནམ་མཁའ་ལ་ཐད་དུས། ནམ་མཁའ་ལ་ཕེབས་འགྲོ་དུས་ཙམ་པ་ནམ་མཁའ་ལ་ཡར་འཕུར་ནས་འགྲོ་དུས་ཙམ་པ། དེ་ནི་སྐབས་དེ་དུས་དེ་ནི།
  • ནོར་བྲང་ཨོ་རྒྱན།
    དེས་ཟེར། བོད་ལ་དེ་ནི་བང་སོ་དེ་འདྲས་མེད་ཟེར་དེ་ནི་གནམ་གྱི་ཁྲི་བདུན་དེ་ལ་བང་སོ་ཆགས་ཡོའོ་མ་རེད་ཟེར། བང་སོ་མེད་པའི་རྒྱུ་མཚན་དེ་དེ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ། དེ་རྣམས་བོད་ཀྱི་ལོ་རྒྱུས་དེ་ཡིན་ན་དེ་བོད་ཀྱི་གནམ་གྱི་ཁྲི་བདུན་ཟེར་ཡས་དེ་ཡིན་ཟེར་བྱས་ནས། ཨེ། ལྔ་བ་ཆེན་པོའི་དགོངས་གཞི་དེ་ལ་ཆ་བཞག་ན། འང་ད་དེ་འདྲས་གཅིག་རེད།
  • ནོར་བྲང་ཨོ་རྒྱན།
    ད་དེ་རིང་ཁ་སང་དེ་ཅིག་བྱེད་དུས་ཙམ་པ་ད་དེ་འདྲས་གཅིག་གི་དེ་མིན་པའི་དེ་ནི་བོད་ཀྱི་ལོ་རྒྱུས་བྱས་ན། ལོ་རྒྱུས་གཞན་དག་ལ་བྱེད་དུས་ཙམ་པ་གཉའ་ཁྲི་བཙན་པོ་ཟེར་དེ། དེ་ནི་བོད་ཀྱི་སྤུ་མི་སྤུ་བོའི་ཡུལ་ནས་བྱུང་བ་ཡིན་ཟེར་སྤོའོ། སྤུ་མི་ཟེར་ཡས་དེ་ནས་བྱུང་བ་ཡིན་ཟེར། 
  • ནོར་བྲང་ཨོ་རྒྱན།
    སྤུ་མི་རུ་ཨ་ནི་རྦད་དེ། ཨ་ནི་སྤུ་བོའི་ཡུལ་ནས་དེ་ནི་བྱ་མོ་བཙུན་བྱ་བ་དེ་ནི་མངལ་ནས་འཁྲུངས་པ་ན་བུ་དབུ་པད་ར་ཟེར་མཁན་གཅིག་དེ་ནི་དེ་ད་རྦད་དེ་ལྷོ་ཀ་ལ་རིམ་པས་རིམ་པས་དེ་ནི་ད་ཀོང་པོ་ནས་ཡར་ལྷོ་ཁ་ལ་ཡ་དེ་ནི་དེ་འདྲས་ཀྱི་རྦད་དེ་ད། ལྷོ་ཁ་ལ་ཕྱིན་དེ་ནི་གཉའ་ཁྲི་བཙན་པོ་ཡིན་ཟེར་ཡས་ཀྱི། འོང་དེ་རིང་ཁ་སང་ཡིན་ན།གསུང་རྒྱུན།  གསུང་རྒྱུན་ད་དེ་རིང་ཁ་སང་ཙམ་མ་ཟད། སྔོན་མའི་ཆོས་འབྱུང་ལ་རེས།
  • ནོར་བྲང་ཨོ་རྒྱན།
    ཡིན་ན་གསུང་ཚུལ་དེ་ཡོའོ་རེད་ཟེར། བྱས་ཙང་དེ་བྱས་ན་ད། གཙོ་བོ་དེ་བོད་ཀྱི་རྒྱལ་པོ་དེ་ད་ཡིན་ན་དེ་མིན་ཟེར། གང་ཟེར་དགོས་རེད། བོད་རང་ནས་བྱུང་བ་དེ་འདྲས་ཡིན་ཟེར། 
  • ནོར་བྲང་ཨོ་རྒྱན།
    ད་འོང་དེ་འདྲས་ཀྱི་ལོ་རྒྱུས་ནང་ལའི་གསུངས་ཚུལ་གཞན་དག་གཅིག་ཡོའོ་རེད། ལྔ་པ་ཆེན་པོའི་དགོངས་ཚོ་ཁོ་དེ་འདྲས་གཅིག་རེད།  
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་ད་དེའི་ཐོད་ཀྱི་དུམ་བུ་དེ། དེ་བྱེད་མཚམས་དེ་འདྲས་གཅིག་ཡིན།
  • ནོར་བྲང་ཨོ་རྒྱན།
    ད་དེ་གཉའ་ཁྲི་བཙན་པོའི་སྐོར་དེ། ཞུས་ན་དེ་འདྲས་ཞུས་ན་འགྲིག་གི་འདུག་ག
  • ནོར་བྲང་ཨོ་རྒྱན།
    ལགས་སོ། ཨ་ནི། ད་གཉིས་པ་དེ། དུ་རུ་གྲི་གུམ་བཙན་པོའི་ལོ་རྒྱུས་དེ། ད་གྲི་གུམ་བཙན་པོའི་ལོ་རྒྱུས་དེ།
  • ནོར་བྲང་ཨོ་རྒྱན།
    དེ་ལ་ཆ་བཞག་ན་ད་དེ་གཅིག་དེ་ནི་གནམ་གྱི་ཁྲི་བདུན་ཅིག་ཨ་ནི་མཐའ་མ་དེ་སྲིབ་ཁྲི་བཙན་པོ་དང་བཙུན་མོ་ས་བཙུན་རླུང་རྗེའི་སྲས་གྲི་གུམ་བཙན་པོ་ཟེར་ཞུ་ཡས་གཅིག་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་གྲི་གུམ་བཙན་པོ་ཞེ་བྱ་བ་དང་། བཙུན་མོ་ཀླུ་བཙན་མེར་ལྕམ་ལ་ཤ་ཁྲི་དང་། ཉ་ཁྲི་བཅས་བྱ་ཁྲི་སྲས་གསུམ་དང་ལྕམ་གཅིག་བྱུང་ཡང་། བློན་པོ་ལོ་ངམ་དང་འཐབ་པས་རྒྱལ་པོ་བཀྲོངས་ཞེས་མདོར་བསྡུས་ཤིག་ལས་གསུངས་མེད་པས། ཟེར་ན་ད་འདི།
  • ནོར་བྲང་ཨོ་རྒྱན།
    ད་ལྟ་ལྔ་པ་ཆེན་པོའི་བཀའ་གནང་ཡས་དེ་ལ་བྱས་པ་དེ་ལ་ཆ་བཞག་པ་ཡིན་ན། དེའི་ནང་ལ་ཨེ་གྲི་གུམ་བཙན་པོ་དང་པོ་ད་ག་ནང་བཞིན་པའི། ད་ག་ནང་ལྟར་གྱི་ད་ཨེ་བློན་པོ་ལོ་ངམ་དང་འཐབ་པས་ལོ་རྒྱུས་ཨ་ནི་སྟབས་བདེ་གཅིག་མ་གཏོགས་གསུངས་ཡོའོ་མ་རེད། ཟེར།  
  • ནོར་བྲང་ཨོ་རྒྱན།
    ཨེ་ད་དེ་གང་འདྲས་རེད་ཟེར་ན། གྲི་གུམ་བཙན་པོ་ཟེར་ཡས་དེ་ལ་ཆ་བཞག་པ་ཡིན་ན། བཙུན་པོ་ཀླུ་བཙན་མེར་ལྕམ་ལ་སྲས་ཤ་ཁྲི་དང་ཉ་ཁྲི། བྱ་ཁྲི་གསུམ་བྱུང་བ་དེ་ལ་ད་དུང་དེ་ནི་སྲས་མོ་གཅིག་ཡའི་བྱུང་ཡོད་པ། 
  • ནོར་བྲང་ཨོ་རྒྱན།
    ཡོའོ་རེད་ཟེར། བླུན་པོ་ལོ་ངམ་དང་འཐབ་པས་དེ་ནི་རྒྱལ་པོ་ཀྲོངས་ཞེས་བྱ་བ་མདོར་བསྡུས་ཤིག་ལས་གསུངས་ཡོའོ་མ་རེད་བྱས་ནས་་དེ་འདྲས་གསུངས་ཡོའོ་རེད། ད་དེའི་སྐོར་ལ་ཆ་བཞག་ན། གྲི་གུམ་བཙན་པོ་ཟེར་ཡས་དེའི་མཚན་ཐོག་སྟངས་སྐོར་གྱི་ལོ་རྒྱུས་ཀྱི་ཡིག་ཆ་མང་པོའི་ཐོག་ནས་ཡིན་ན་དེ་་ཏིག་ཙ་མང་པོ་གཅིག་རེད། 
  • ནོར་བྲང་ཨོ་རྒྱན།
    ཡིན་ནའི་སྒྲུང་འདྲ་པོ་ཏིག་ཙམ་བཤད་རྒྱུ་ཡོད་པ་དེ་འདྲས་གཅིག་རེད། དེ་ལ་ཆ་བཞག་ན་གྲི་གུམ་བཙན་པོ་འཁྲུངས་པའི་ཚེ་ཨ་ནི་ཁོང་གི་ཨ་ཕྱི་དེ་ནི་ཁོང་གི་ཨ་ཕྱི་ཨ་ནི་གདགས་ལྷ་དཀར་མོ་ཞུ་ཡས་དེ་ལ། དེ་ནི་གྲི་གུམ་བཙན་པོ་ལ་མཚན་གང་འདྲས་བྱས་ནས་གསོལ་དགོས་རེད་བྱས་ནས་སྐད་ཆ་དྲིས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་དུས་ཙམ་པ་དེ་ནི། ཨེ་ཨ་ཕྱི་ག་རེ་གསུངས་པ་གདགས་ལྷ་དཀར་མོས་ག་རེ་གསུངས་ཡོའོ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    བླ་སྤང་དང་མ་དི་མེས་མ་ཚིས་སམ། བླ་སྤང་དང་སྤང་རི་དང་མ་དི་གཉིས་མེས་འཚིག་འདུག་གམ་མི་འདུག་གམ།ཟེར།
  • ནོར་བྲང་ཨོ་རྒྱན།
    བླ་མཚོ་སྔོན་མོ་དེ་སྐམ་འདུག་གམ་མི་འདུག་གམ།ཟེར། ཨ་ནི་བླ་བྲག་དཀར་པོ་མ་ཉིལ་འདུག་གམ་མི་འདུག་གམ། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་འདྲ་བྱས་ནས་གདགས་ལྷ་ལ་་དཀར་མོ་ལ་དྲིས་དུས་ཙམ་པར་དེ་ནི་ཡིན་ན་ད་གཞན་དག་གི་དེའི་ལན་དེ་ལ་དེ་ཚོ་རྦད་དེ་གང་ཟེར་དགོས་རེད། ཨེ།
  • ནོར་བྲང་ཨོ་རྒྱན།
    སྤང་ཡའི་མ་འཚིག ད་ག་ནང་བཞིན་བླ་མཚོ་ཡང་མ་སྐམས། བྲག་རི་དཀར་པོ་ཡང་མ་ཉིལ་ཨེ་ཟེར་བ་དེ་གྱད་ཀྱི་རྦད་དེ་ཞུ་དུས་ཙམ་པ།ད་ཨེ། རྒན་མོ་ཨ་ཕྱི་ད་ནི་གདགས་ལྷ་དཀར་མོ་ནས་དེ་ནི་དགུང་ལོ་ཞེ་དྲག་གི་མཐོ་པོ་ཡིན་དུས་ཙམ་ནས། དེ་ནི་དབང་པོ་ཉམས་ནས་དེ་གྱད་དེ་དཔེར་ན་མ་འཚིག་ཟེར་མཁན་དང་། འཚིག་སོང་ཟེར་མཁན་དང་། བྱས་སོང་ཟེར་ཡས་གཅིག་དེ་འདྲས་ཀྱི་ད་ལོག་པ་གོ་ནས་དེ་ནི།
  • ནོར་བྲང་ཨོ་རྒྱན།
    ད་འོ་ན་དེ་འདྲས་ཡིན་ན། འོ་ན་རྒྱལ་ས་ཟིན་གྱི་མ་རེད་ཟེར། རྒྱལ་ས་ཟིན་གྱི་མ་རེད་བྱས་ཙང་ད་དེ་ལ་ཆ་བཞག་ན། ད་དེ་ལ་མཚན་དེ་ག་རེ་འདོགས་དགོས་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཨ་ནི་དེ་ནི་གྲི་གུམ་མཚན་ལ་ག་རེ་བཏགས་པ་རེད་ཟེར་ན། མཚན་ལོག་པར་བཏགས་ནས་གྲི་གུམ་ཟེར་ཡས་བྱས་ནས་གྲི་གུམ་ཟེར་ཡས་དེ་གང་ཡིན་ཟེར་ན་གྲིའི་འོག་ལ་ཤི་གི་རེད་ཟེར་ཡས་ཀྱི་དེ་འདྲས་མཚན་བཏགས་པའི་དོན་དག་རེད་གསུངས་ཀྱི་་ཡོའོ་རེད།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་བྱས་ནས་ད་མཇུག་མ་བྱེད་དུས་ཙམ་པ་གཅིག་དེ་ནི་ད་གྲི་གུམ་ཡར་དགུང་ལོ་ཡར་ནར་སོན་ནས་དེ་ནི་ངའི་མིང་ལ་གྲི་གུམ་བྱས་ནས་འདོགས་དགོས་ཡས་རྒྱུ་མཚན་གང་འདྲས་རེད་ཟེར་དུས་ཙམ་པ།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྔ་མའི་གདགས་ལྷ་དཀར་པོ་གཅིག་གི་བཀའ་མོལ་བཀའ་དྲི་གནང་བ་ལ་སོགས་པ་དེ་གྱད་དེའི་ལོ་རྒྱུས་ཆ་ཚང་བྱས་ནས་དེ་ནི། ཁྱེད་རང་བདག་ལ་རྡོག་རྡོག་འདྲ་པོ་ཆ་བཞག་ན། གྲི་གུམ་ཟེར་ཡས་དེ་ནི་གྲའི་འོག་ལ་མཚོན་འོག་ལ་འགྲོ་ཡས་ཀྱི་དོན་དག་དེ་འདྲས་གཅིག་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་བཤད་ཀྱི་ཡོའོ་རེད། བྱས་ཙང་། འོ་ན་དེ་འདྲ་ཡིན་ན་སྐབས་དེ་དུས་ཁོང་རང་གིས་འབངས་ལོ་ངམ་རྟ་རྫི་ལ་འབངས་དེ་ནི་རྟ་རྫི་དེ་ནི་ལོ་ངམ་རྟ་རྫི་ལ་འཐབ་ཟླ་བཅོལ་དེ་ནས་དེ་ནི་ཁོང་གཉིས་ཀྱི་འཐབ་ཟླ་བཅོལ་ཡང་ཟེར། ཟེར།
  • ནོར་བྲང་ཨོ་རྒྱན།
    ཡང་ལོ་རྒྱུས་འགའ་ཤས་ལ་བྱས་པ་ཡིན་ན་ལོ་ངམ་རྟ་རྫིར་འཐབ་ཟླ་བཅོལ་ཡང་ཟེར། ཟེར། ཡང་བཀའ་ཆེམས་ཀ་འཁོལ་མ་ནང་ལ་ག་རེ་ཟེར་ཡོའོ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་ཁ་ཆེའི་རྒྱལ་པོ་དང་གཡུལ་སྤྲད་ནས་ཟེར། ཁ་ཆེའི་རྒྱལ་པོ་དང་བོད་ཀྱི་རྒྱལ་པོ་གཉིས་གཡུལ་སྤྲད་ནས་དེ་ནི་བོད་ཀྱི་རྒྱལ་པོ་ལ། བོད་དེ་ནི་རྒྱལ་པོ་ལ་རྒྱལ་ཁ་འཐོབ་ནས་དེ་ནི་ལོག་པའི་ལམ་བར་དུ་ཁ་ཆེའི་མི་ལུས་པ་ཁ་ཅིག་ན་རེ། ད་ཁ་ཆེའི་མི་གཅིག་གི་ད་གང་ཟེར་དགོས་རེད་པས།
  • ནོར་བྲང་ཨོ་རྒྱན།
    ཁ་ཆེའི་དམག་ལུས་པ་ཁ་ཅིག་གིས་འདུག་བཟོ་བྱས་ནས་གང་འདྲས་ཟེར་ན། དེ་ནི་བོད་ཀྱི་དཔའ་བོས་དེ་ནི་གཞུ་ཀ་བ་ཙམ་ལ་མདའ་ཕྱ་མ་ཙམ་འཕེན་པའི་དེ་འདྲ་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ཕ་གི་ནི་བརྟུལ་ཟེར་བྱས་ནས་དེ་ནི་ལག་པ་བཙུགས་དུས་ཙམ་པ་ཕ་གིའི་ཨ་ནི་མདའ་དེ་ཡིན་ནའི་དཔེར་ན། ཕ་བོང་གི་ནང་ལ་ལྡེམ་མེ་ཟུག་པ་ལྟ་བུ་དེ་འདྲས་མཐོང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    མཐོང་དུས་ཙམ་པ་དེ་ནི་ལ་རེས་ཟེར་ན། ད་དེ་རྒྱལ་པོས་འཕངས་པ་རེད་ཟེར། མདའ་དེ་རྒྱལ་པོས་འཕངས་པ་རེད་ཟེར། ལ་རེས་ཟེར་ན། དེ་འདྲས་མ་རེད། མདའ་དེ་དེ་ནི་ཨེ་འབངས་ལོ་ངམ་རྟ་རྫིས་དེ་ནི་འཕངས་པ་རེད་ཟེར་བྱས་ནས་དེ་འདྲས་ཟེར་གྱི་ཡོའོ་རེད། བྱས་ཙང་དེ་ཡིན་དུས་ཙམ་པ།
  • ནོར་བྲང་ཨོ་རྒྱན།
    ད་དེ་གཉིས་་གང་ཡིན་པ་བརྟག་པའི་སླད་དུ་དེ་ནི་རྒྱལ་པོ་ལ་སྙན་ཕྲ་བཅུག་ནས་ད་དེ་རྦད་དེ། ལ་རེས་ཟེར་ན་རྒྱལ་པོས་འཕངས་པ་ཡིན་ཟེར་ཡས་འདྲ་པོ། ལ་རེས་ཟེར་བློན་པོས་འཕངས་པ་ཡིན་ཟེར་ཡས་འདྲ་པོ་བྱས་དེ་འདྲས་དཔེར་ན།
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོ་ལ་སྙན་ཕྲ་བཅུག་བྱས་དེ་འདྲས་རེད་ཟེར། བྱེད་དུས་ཙམ་པ་དེ་ནི་རྒྱལ་པོས། དེ་ལ་གཅིག་གི་མ་བཟོད་པ་བྱུང་ནས་ད་དེ་འདྲས་ཡིན་ན་ང་ཚོ་རྦད་དེ། རྩལ་འགྲན་གྱི་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    ང་ཚོ་དེ་ནི་ལོ་ངམ་དང་ང་གཉིས་ད་ཨེ་ནི་འགྲན་བསྡུར་བྱེད་ཀྱི་ཡིན་བྱས་ནས་དེ་འདྲས་གསུང་བ་རེད། ཟེར།
  • ནོར་བྲང་ཨོ་རྒྱན།
    ལོ་ངམ་གྱིས་ངས་ཟེར། དེ་ནི་བློན་པོ་ལོ་ངམ་གྱིས་ད་དེ་ནི་ངས་རྒྱལ་པོ་དང་ང་འཐབ་རྩ་འདྲ་པོ་བྱས་པ་ཡིན་ན་ངས་ཁྱོན་ནས་རང་ཁྱེད་རང་ཐུབ་ཀྱི་མ་རེད་ཟེར་བྱས་ནས།འོང་དེ་འདྲས་ཞུས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཞུས་ནའི་ཡིན་ན་ཡང་། དེ་ནི་སྙམས་ནས་ཨེ་ཞུས་ནའི་དེ་ནི་རྒྱལ་པོས་མ་གསན་པ་བྱས་ནས།མ་གསན་པ་གྱ་ལོག་སྨྲས་པས། དེ་ནི་ང་ལ་རྒྱལ་པོའི་བཀའ་ལ་དེ་ནི་གྱན་ལོག་བྱས་སོང་། ཨ་ནི་དེ་འདྲས་གསུངས་ཡོང་བསམས་ནས་དེ་ནི་གང་ཟེར་དགོས་ཟེར་ན། 
  • ནོར་བྲང་ཨོ་རྒྱན།
    ད་ཐབས་ཤེས་མེད་པ་བྱས་ནས་དེ་ནི་དེ་བྱས་པ་རེད་ཟེར། ད་མཇུག་མ་ཁོ་རང་གཉིས་འཐབ་ཡས་ཀྱི་ཨ་ནི་དུས་ཚོད་དེ་རྦད་དེ། གཏན་འཁེལ་བཟོས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དུས་ཚོད་གཏན་འཁེལ་བཟོས། ད་དེ་དུས་ཚོད་དེ་གཏན་འཁེལ་བཟོ་ཡས་དེ་གང་འདྲས་རེད་ཟེར་ན། ད་འོང་གྲི་གུམ་དང་ཨ་ནི་དེ་གཉིས་ག་རེ་ཟེར། ཨེ་འབངས་ལོ་ངམ་རྟ་རྫི་གཉིས་དེ་ནི་གཏན་འཁེལ་བཟོ་ཡས་དེ་ག་རེ་ཟེར། ཉང་རི་རྩིབས་ཀྱི་ཐལ་བ་ཚལ་དུ་དེ་ནི་སྐར་མ་ས་རི་ས་ག་ལ་འཐབ་དུས་བཏབ་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་འཐོབ་ཡས་དུས་ཚོད་དེ་ནི་ཉང་རོ་རྩིབས་ཀྱི་ཐལ་བ་ཚལ་དུ་སྐར་མ་ས་རི་དང་ས་ག་འདི་གཉིས་ཀྱི་དུས་ཚོད་ཐོག་ལ་དེ་འདྲས་ཡིན་བཏབ་ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོས། དུས་ཚོད་ཁོ་བཏབ་པ་རེད་ཟེར། བཏབ་དུས་ཙམ་པ་རྒྱལ་པོས་རྒྱལ་མོས་རྒྱལ་པོ་ཡིན་ན་ལོ་ངམ་རྟ་རྫི་ལ་འཐབ་དགོས་དུས་ཙམ་པ། ད་ཨ་ལས་དེ་འཐབ་ཡས་ཐོག་ལ་སོ་སོ་རྦད་དེ་རྣམ་པར་རྒྱལ་གྱི་ཆེད་དུ་ཨ་ནི་གང་འདྲས་བྱེད་ཀྱི་རེད། དགོངས་ནས།
  • ནོར་བྲང་ཨོ་རྒྱན།
    དེ་ནས་གྲི་གུམ་གྱི་གང་དགོངས་པ་ཟེར་ན། ཁོང་རང་ལ་ཆ་བཞག་ན། ཁྱི་མོ་དེ་འདྲས་གཅིག་ཡོའོ་རེད་ཉན་གྱི་གསང་རྣ་ཟེར་ཡས་གཅིག་གི་གསང་མྱུལ་འདྲ་པོ་བྱེད་ཐུབ་མཁན། ཁྱི་ག་པར་བཏང་པ་ཡིན་ནའི་དེ་ནི་གནས་ད་གྱད་ཚུར་རུབ་རུབ་བསྡུ་ཐུབ་མཁན་བཟོ་འདྲ་གཅིག གསང་མྱུལ་བཟོ་འདྲ་གཅིག་དེ་འདྲས་གཅིག་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁྱི་མོ་ཉན་གྱི་རྣ་གསང་བྱ་བ་ཉན་པོ་བྱེད་དུ་བཏང་བ་ཟེར་ན། ད་གསང་མྱུལ་བྱེད་ག་བཏང་བ་རེད་ཟེར། གསང་རྣ། གསང་མྱུལ་བྱེད་ག་བཏང་པ་ཡིན་དུས་ཙམ་པ་ལོ་ངམ་གྱི་ཡིན་ན་ད་དེ། གཅིག་གི་ཁྱི་མོ་དེ་ཡོང་བ་དེ་ཡིན་ན་རྦད་དེ་་ཨ་ནི་རྒྱལ་པོའི་ཆེད་དུ་བཏང་ང་དེ་དེ་ནི་ཤེས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོས་ཤེས་དུས་ཙམ་པ་ད་ལོ་ངམ་ཆེད་མངགས་ད་ཤེས་བཞིན་དུ་གང་ཟེར་དགོས་རེད་པས། ཨེ་མི་བྱེད་གོ་ལོག་ལབ་ནས་རེད་པ།
  • ནོར་བྲང་ཨོ་རྒྱན།
    རྒྱལ་པོའི་དབུ་ལ་རྦད་དེ་རྒྱལ་པོའི་དབུ་ལ་དར་ནག་གིས་ཐོད་བཅིངས། ད་དར་ནག་གི་དར་ནག་པོས་རྒྱལ་པོའི་དབུ་ལ་དར་ནག་གི་ཐོད་པ་བཅིངས་ད་ག་ནང་ལྟར། དཔྲབ་ལ་མེ་ལོང་བཏགས། ཕྲག་པ་གཡོན་ལ་ཝ་རོ་དང་། ཕྲག་པ་གཡས་ལ་དེ་ནི་ཝ་རོ་དང་། དེ་ནི་གཡོན་ལ་ཁྱི་རོ་བཏགས། 
  • ནོར་བྲང་ཨོ་རྒྱན།
    ད་ག་ནང་ལྟར་བ་དམར་གླང་དམར་བརྒྱ་ལ་དེ་ནི་ཐལ་སྒྲོ་སུམ་པ་བཀལ། རལ་གྲི་ཀླད་ལ་སྐོར་ཞིང་བྱུང་ན། རལ་གྲིས་ཀླད་ལ་སྐོར་ཞིང་ཡོང་ན། དེ་ནི་ངས་རྒྱལ་པོ་འཐབ་ཀྱི་མ་རེད། བྱས་ནས་དེ་འདྲས་གཅིག་བཤད་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་གཅིག་ལབ་བཟོ་འདྲ་གཅིག་བརྒྱབ་པ་རེད་ཟེར། བརྒྱབ་དུས་ཙམ་པ་དེ་ནི་ཁྱི་མོ་ཉན་གྱི་རྣ་གསང་དེ་གང་ཟེར་ན་དེ་ནི། ད་ལོ་ངམ་ག་རེ་བྱེད་ཀྱི་བཤད་ཀྱི་འདུག་ཟེར་ན། 
  • ནོར་བྲང་ཨོ་རྒྱན།
    ཨ་ནི་དེ་འདྲས་དེ་འདྲས་བཤད་ཀྱི་འདུག་ཟེར་ཅེས་བཤད་དུས་ཙམ་པ་ཨ་ནི་རྒྱལ་པོས། ད་དེ་དངོས་གནས་ཡིན་གྱི་རེད་བསམ། དེ་ནི་རྒྱལ་པོས་དེ་གྱད་དེ། བདེན་པ་ལ་བཟུང་བྱས་རེད་པ། 
  • ནོར་བྲང་ཨོ་རྒྱན།
    དེ་ནི་དེ་འདྲས་ད་ལྟའི་ཐམས་ཅད་བྱས་པ་རེད་ཟེར། བྱས་ནས་དེ་ནི་གང་ཟེར་དགོས་རེད་པས།
  • ནོར་བྲང་ཨོ་རྒྱན།
    འོང་། རྒྱལ་པོའི་དབུ་ལ་དར་ནག་ཅན། དཔྲལ་བ་ལ་མེ་ལོང་བཏགས་རྒྱུ། ཕྲག་པ་གཡས་ལ་ཝ་རོ་དང་། གཡོན་ལ་ཁྱི་རོ་བཀལ། བ་གླང་དམར་པོ་དེ་ནི་ཐལ་བ་སུམ་པ་བཀལ། རལ་གྲི་ཀླད་ལ་སྐོར་ནས་དེ་འདྲས་ཡོང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཡོང་དུས་ཙམ་པ་སྐབས་དེ་དུས་ད་ལྟ་འཐབ་ཡས་ཀྱི་དུས་ཚོད་དེ་ནི་ས་རི་ས་ག་དེ་ནི་རླུང་སྐར་རེ་ཟེར༎ རླུང་གི་སྐར་མ་ད། སྐར་མ་ཟེར་ཡས་དེ་ལ་ད་རླུང་སྐར་བཅུ་པ་ཟེར་ཡས་ལ་སོགས་པ།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཀྱི་སྐར་མ་ཡིན་ན་བྱུང་བ་སོ་སོ་ཐོག་ལ་སྐར་མ་ཡོའོ་རེད་པ། ཤིང་སྐར་ལ་སོགས་པ་དེ་འདྲས་ཡོད་དུས་ཙམ་ནས། ས་རི་ས་ག་ནི་རླུང་སྐར་རེད་པ། བྱས་ཙང་། རླུང་སྐར་ཡིན་དུས་ཙམ་པ་སྐབས་དེ་དུས་འཐབ་པའི་སྐབས་སུ་རླུང་དམར་ཡིན་ན་ཆེན་པོ་གཅིག་བྱུང་བ་རེད། ཟེར
  • ནོར་བྲང་ཨོ་རྒྱན།
    རླུང་དམར་ཆེན་པོ་ཡོང་དུས་ཙམ་པ་འདུག་བཟོ་བལྟ་དུས་ཙམ་པ་དེ་བ་ལང་དེ་གྱད་དེ་བ་དམར་པོ་དང་གླང་དམར་པོ་ལ་སོགས་པ་དེ་གྱད་དེ་འདྲོགས་ནས་གང་རེད་བྱས་ན། ཐལ་བའི་སྒྲོ། སྒྲོའི་ནང་ལ་ག་རེ་ཟར༼ཟེར༽། སྒྲོའི་ནང་ལ་ཐལ་བ་བླུགས་པ་འོ་དེ་གྱད་དེ་དཔེར་ན།རལ་ནས་ལུང་པ་ཁོ་ར་ཐལ་ཚུགས་ཀྱིས་གང་བ་རེད། 
  • ནོར་བྲང་ཨོ་རྒྱན།
    ཐལ་ཚུགས་ཀྱིས་ཁངས་༼ཁེངས་༽དུས་ཙམ་པ་ཨ་ནི་མིག་འགྲིབས་པ་རེད། ཟེར། དར་ནག་གི་ཐོད་དང་ཝ་རོ་དང་ཁྱི་རོ།དེ་ནི་རྗེའི་དར་ནག་གི་ཐོད་པ་བཅས་པ། དར་ནག་དང་ཝ་རོ། ཁྱི་རོས་བྱེད་དུས་ཙམ་པ་རྗེའི་མགུར་ལྷ་དང་དགྲ་ལྷ་ཟེར་ཡས་དགྲ་ལྷ་ཕོ་ལྷ་ཟེར་ཡས།གསུམ་པོ་དེ་ནི་ཡལ་ནས།  
  • ནོར་བྲང་ཨོ་རྒྱན།
    ཞིང་ནི་རྒྱལ་པོ་ལ་དེ་ནི་དགྲ་བ་མེད་པ་རྒྱལ་པོ་ལ་རྒོལ་བས་དེ་ནི་དགྲ་ལྷ་དང་། ཨེ་དགྲ་ལྷ་དང་མགུར་ལྷ་དང་ཕོ་ལྷ་ཡིན་ན་དེ་འདྲས་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་དེ་ནི་དེ་གྱད་དེ་དཔེར་ན། དར་ནག་གི་ཐོད་དང་ཝ་རོ། ཁྱི་རོ་དེའི་དེ་བྱེད་དུས་ཙམ་པ་རྒྱལ་པོ་ལ་རྒོལ་བའི་ལྷ་དེ་གྱད་དེ་ཡིན་ནའི་ཙམ་ཕེབས་བྱས་ཡལ་པ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    ཡལ་ནས་ཡལ་ལ་འགྲོ་དུས་ཙམ་པ་དེ་ནི་རལ་གྲི་ཀླད་ལ་བསྐོར་ནས་བསྐོར་དུས་ཙམ་པ་དེ་ནི་རྒྱལ་པོའི་དབུ་ལ་དེ་ཡོད་པ་དེ་རྨུ་ཐག་ཡོད་པ་དེ་ནས་བྱས་ཆད་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྨུ་སྐས་དེ་ཡར་སྟེང་ལ་ལྷ་ཡུལ་འགྲོ་ཡས་ཀྱི་རྨུ་ཐག་ཡིན་ནའི་རྨུ་སྐས་དེ་ཆད་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཆད་དུས་ཙམ་པ་དེ་ནི་རྒྱལ་པོས། སྐབས་དེ་ལ་ལོ་ངམ་རྟ་རྫིས་དེ་ནི་རྒྱལ་པོའི་དཔྲལ་བ་ལ་མེ་ལོང་བཏགས་པ་དེ་ལ་མདའ་བཞུས་ནས་དེ་ནི་རྒྱལ་པོ་བཀྲོངས་པ་ཡིན་ཟེར་བྱས་ནས་དེ་འདྲས་ཟེར་གྱི་ཡོའོ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    བཀྲོངས་པ་ཡིན་ཟེར་བྱས་ནས་དེ་འདྲས་ཟེར་གྱི་ཡོའོ་རེད་ཟེར། བྱས་ཙང་ད་དེ། ད་ལྟ་དེའི་ཐོག་ལ་ལོ་རྒྱུས་ཀྱི་ཨེ་གཏམ་རྒྱུད་འདྲ་པོ་དེ་འདྲས་གཅིག་ཡོའོ་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་ད་དེའིཁ་གཏུག་ལ་ལྔ་བ་ཆེན་པོས་འདིའི་་དེ་འདྲས་གཅིག་གི་ལོ་རྒྱུས་ཡོའོ་རེད་གསུངས་ཡས་གཅིག་གི་ཞིབ་ཆ་འདྲ་པོ་གསུངས་ཡོའོ་མེད།
  • ནོར་བྲང་ཨོ་རྒྱན།
    ཡིན་ནའི་དེ་ཁ་སྐོང་ཞུས་ན་དེ་འདྲས་ཅིག་རེད། ད་སྐབས་དེ་དུས་ལོ་ངམ་གྱི་སྐབས་ལ་གང་འདྲས་གཅིག་བྱུང་བ་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    བོད་ཀྱི་ཨེ་དེ་ཨེ་གྲི་གུམ་བཙན་པོའི་དུས་ལ་ཡིན་ན་བོད་ལ་ཁྲབ་ཀྱི་ཐོག་མ་དེ་གྲི་གུམ་བཙན་པོའི་དུས་སུ་ཨ་ནི་སྨར་ཁམས་ནས་ཡར་བླངས་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    སྲས་རྣམས་ཀྱིས། བྱས་ནས་སྨར་ཁམས་ནས་དེ་ནི་བླངས་ཡིན་ཟེར། ད་སྲས་རྣམས་ཀྱི་ཡབ་མེས་ཀྱི་དཀོར་མཛོད་ནས་ད་དེ་ནས་གྲི་གུམ་བཙན་པོ་དེ་བྱས་ནས་ག་རེ་ཟེར་དགོས་རེད།
  • ནོར་བྲང་ཨོ་རྒྱན།
    འོང་བཀྲོངས་ཚར་རའི་མཇུག་གུ་ལ་ད་རང་རྒྱལ་པོ་དེ་འོ་རྒྱལ་ས་དེ་དེས་བཟུང་བ་ཡོའོ་རེད་ཟེར། ད་ལྟ་དེ་གཅིག་གུ་དེ་གང་ཟེར་དགོས་རེད་པས། འོང་ལོ་ངམ་རྟ་རྫིས་བཟུང་བྱས། ལོ་ངམ་རྟ་རྫིས་གསུང་དུས་ཙམ་པ་དེ་ནི། སྲས་རྣམས་ཀྱི་རྒྱལ་པོའི་སྲས་རྣམས་ཀྱི་དེ་ནི་ཨེ།
  • ནོར་བྲང་ཨོ་རྒྱན།
    གྲི་གུམ་ལ་སྲས་གསུམ་ཡོའོ་རེད་པ། སྲས་གསུམ་དང་སྲས་མོ་གཅིག་ཡོའོ་རེད་པ་བྱས་ཙང་ཁོང་ཚོས་ད། དེ་ནི་རྒྱལ་པོའི་དཀོར་མཛོད་ཟེར་ན་ད། རྒྱལ་པོའི་དེ་ནི་བང་མཛོད་ཀྱི་ནང་ནས་དེ་ནི་རྡེའི་གླང་རུ་དཀར་ཞེས་པའི་གླང་འཕུར་ཤེས་ཅན་གླང་འཕུར་ཤེས་བཞོན་ནས་དེ་ནི་ཀོང་པོའི་ཕྱོགས་ལ་ཕེབས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    འོང་ཀོང་པོ་ལ་བོས་༼བྲོས་༽ཕྱིན། བོས་༼བྲོས་༽ཕེབས་པ་རེད། ཟེར། ཨེ་དེའི་ལོ་ངམ་གྱིས་རྒྱལ་སྲིད་སྐྱོངས་བའི་སྐབས་སུ་ཆ་བཞག་ན་དེ་ནི་སྲས་ཚོ་ནི་ཀོང་པོ་ལ་བོས་༼བྲོས་༽། བོས་༼བྲོས་༽ཕེབས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་སྐབས་དེ་དུས་ཆ་བཞག་པ་ཡིན་ན། ཡུག་ཅིག་བློན་པོས། བློན་པོ་ལོ་ངམ་གྱིས་རྒྱལ་སྲིད་བཟུང་བསྡད་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱལ་སྲིད་བཟུང་རྒྱལ་སྲིད་བཟུང་བས་མ་ཚད། དེ་ནི་ཨེ། དེ་ལ་གྲི་གུམ་ལ་སྲས་མོ་གཅིག་ཡོའོ་རེད་ཟེར། སྲས་མོ་དེ་ནི་ཨ་ནི་ཁོང་རང་གི་ཆུང་མ་བྱས། བྱས་པ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    བྱས་ནས་ད་དེའི་ཁ་གཏུག་ལ་ཆ་བཞག་ན། ད་སྲས་གསུམ་དང་ད་སྲས་མོའི་དེའི་ཡུམ་གླུ་བཙན་མེར་ལྕམ་ལ་ཆ་བཞག་ནའི་རྟ་རྫི་བྱེད་རུ་བཅུག རྟ་རྫི་བྱེད་དུ་བཅུག་ད་དབང་ཆ་ཁྱོན་ནས་མེད་པ་རྟ་རྫི་དེ་འདྲས་བྱེད་དུ་བཅུག
  • ནོར་བྲང་ཨོ་རྒྱན།
    དེ་ནས་དུས་མི་རིང་བར། རྒྱལ་པོའི་བཙུན་མོ་ཀླུ་བཙན་མེར་ལྕམ་ལ་རྟ་འཚོས་ནས་དུས་ཚོད་འདྲ་པོ་དེ་འདྲས། རྒྱུན་རིང་པོ་འདྲ་པོ་ག་ལ་ག་ཚམས་འདྲ་པོ་སོང་བའི་རྗེས་ལ་དེ་ནི་རྒྱལ་པོའི་བཙུན་མོ་ཀླུ་བཙན་མེར་ལྕམ་དེ་ནི་རྟ་འཚོ་བཞིན་ཁ་གཏུག་ལ་ད་ཁོང་དེ་ནི་རྦད་དེ་ཉལ། རྟ་འཚོ་ས་དེ་རུ་གཉིད་ཤོར་ར་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    གཉིད་ཤོར་དུས་ཙམ་པ་གང་འདྲ་ཅིག་བྱུང་བ་རེད་ཟེར་དུས་ཙམ་པ། ཨ་ནི་ཁོང་གིས་གཉིད་ལམ་ལ་ཆ་བཞག་ན། དེ་ནི་ཡར་ལྷ་ཤམ་པོ་ཡར་ལྷ་ཤམ་པོའི་སྤྲུལ་པ་མི་དཀར་པོ་མཛེས་པ་ཞིག་དང་ཨ་ནི་ཁོ་རང་དེ་ནི། ཨེ་དེ་གཉིད་གང་ཟར༼ཟེར༽མེར་ལྷ་ལྷ་ལྕམ་གཉིས་འདུས་པའི་དེ་འདྲས་གཅིག་གི་རྨིས་ལམ་བྱུང་བྱས། རྨིས་ལམ་བྱུང་བ་བྱེད་དུས་ཙམ་པ་དེ་ནི་དེ་ལ་མངལ་འཁོར་བྱས་དེ་ནི།
  • ནོར་བྲང་ཨོ་རྒྱན།
    ཁྲག་གི་རླངས་པ་གཅིག་སྐྱེས་པ་རེད་ཟེར། ཁྲག་གི་རླངས་པ་དྲོན་མོ་གཅིག་སྐྱེས་པ་རེད་ཟེར། དེ་ཁྲག་གི་རླངས་པ་དྲོན་པོ་དེ་ཨ་ནི་འབྲོང་གི་རྭ་ཁོག་ནང་ལོགས་ལ་བཅུག་ནས་དེ་ནི་དྲོན་མོར་བཅུག་ནས། དེ་ནི་འོ་མས་གསོས་བྱས་བྱེད་དུས་ཙམ་པ་མཐའ་མ་དེ་ལ་ཨ་ནི་དེ་ལ་ཆ་བཞག་ན་དེ་ལ་ཁྱིའུ་དེ་ནི་ཤིན་ཏུ་མཛེས་པ་གཅིག་བྱུང་བ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཁྱིའུ་དེའི་མིང་ལ་བྱས་ན་དེ་ནི་། བློན་པོ་རུ་ལས་སྐྱེས་ཟེར་བྱས་ནས་བཏགས་པ་རེད་ཟེར། བྱས་ཙང་དེ་སྐབས་དེ་དུས་བློན་པོ་རུ་ལས་སྐྱེས་ཟེར་མཁན་གཅིག འོང་བློན་པོ་རུ་ལས་སྐྱེས་ཟེར་མཁན་གཅིག་འོང་ཁྱིའི་དེ་ལ།
  • ནོར་བྲང་ཨོ་རྒྱན།
    ཨེ་འབྲོང་གི་ནང་ནས། ཨེ་གསོས་པ་དེ་ནི་བློན་པོ་བུ་གཅིག་སྐྱེས། བུ་དེའི་མིང་ལ་བློན་པོ་རུ་ལས་སྐྱེས་ཟེར་བློན་པོ་རུ་ལས་སྐྱེས་བྱས་ནས་ རུ་ལས་སྐྱེས་ཟེར་ན། རུའི་ནང་ནས། རྭ་གོག་ནང་ནས་སྐྱེས་པ་ཡིན་ན་ཟེར་གྱི་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    བྱས་ནས་དེ་ནི་བློན་པོ། ད་དེ་ནས་བྱས་ནས་རུ་ལས་སྐྱེས། ལོ་གང་ཙམ་སོང་རྗེས་ནས་ད་དངོས་གནས་དྲང་གནས་ཀྱི་གནས་ཚུལ་དེ་གྱད་དེ་དེ་ནི་རྒྱལ་པོ་སོ་སོའི་དེ། སྔ་མའི་དེ་ནི་རྒྱལ་པོ་གྲི་གུམ་དེ་ནི་བློན་པོས་བཀྲོངས་པ་དང་ད་ག་ནང་ལྟར་དེ་ནི་རྦད་དེ། ཨེ་ཡུམ་ལ་དེ་བྱས་པ་ད་ག་གང་ཟེར་རྟ་རྫི་བཅོལ་པ་ལ་སོགས་པ་དེ་འདྲས་ཀྱི་གནས་ཚུལ་ཐོས་དུས་ཙམ་པ། དེ་ནི་བློས་གང་ཟེར་དགོས་རེད་པས།
  • ནོར་བྲང་ཨོ་རྒྱན།
    རྦད་དེ་འཚིག་པ་ཟ་ཐག་ཆོད་བྱས་གང་འདྲས་བྱས་པ་རེད་ཟེར་ན། ཨ་ནི་ལོ་ངམ་རྟ་རྫི་ཡིན་ན་དེ་ཡིས་བསད་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    ཨེ་རུ་ལས་སྐྱེས་ཀྱི་དེ་ནི་ལོ་ངམ་བསད་ནས་ཨེ་སྐབས་དེ་དུས་ཨ་ནི་གྲི་གུམ་ལ་མར། གྲི་གུམ་གྱི་སྲས་ཀོང་པོ་ལ་བོས་༼བྲོས༽པའི་དེ་བྱ་ཁྲི་དེ་དེ་ཡར་རྒྱལ་ས་ལ་བསྐོས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱལ་སར་བསྐོས་པ་རེད་ཟེར། བྱ་ཁྲི་དེ་ཡ་རྒྱལ་ས་ལ་བསྐོས་བྱས་དེ་ནི་རྒྱལ་པོ་བྱས་པ་རེད་ཟེར། རྗེ་གྲི་གུམ་ནས་རྨུ་ཐག་ཆད་པའིཔུར་བྱུང་བ་ཟངས་ཀྱི་གའུར་བཅུག་སྟེ་ཕྱི་ལ་ལྕགས་གཟེར་བཏབ། ལྕི་མདའ་ཟམ་ཁ་ནས་ཉང་ཆུ་ལ་བསྐྱུར་བ་རྒྱང་མཁར་བྱས་ནས་ད་དེ་ན་བཟུང་།
  • ནོར་བྲང་ཨོ་རྒྱན།
    ད་རྗེ་གྲི་གུམ་ནས་བཟུང་སྟེ། རྦད་དེ་གནམ་གྱི་ཁྲི་བདུན་ཁ་གཏུག་ལ་ཆ་བཞག་ན། གནམ་གྱི་ཁྲི་བདུན་དེ་ལ་གཅིག་གི་བཤགས་པའི་ཁ་ཐུག་ལ་ཆ་བཞག་ནའི་གཅིག་གི་སོ་སོ་ལ་རྨུ་སྐས་རྨུ་ཐག་ཡོད་དུས་ཙམ་པ་དེ་ནི་གཤེགས་པའི་མཇུག་གུ་ལ་ཡིན་ནའི་དཔེར་ན་གནམ་ལ་ཡར་འོད་དང་བཅས་པ་བྱས་ནས།
  • ནོར་བྲང་ཨོ་རྒྱན།
    ཡར་འགྲོ་བ་མ་གཏོགས་ཨ་ནི་དེ་འདྲས་ཀྱི་ཕུང་པོ་བསྡད་པ་དེ་འདྲས་བྱུང་ཡོའོ་མ་རེད། ཕུང་པོ་གནམ་ལ་ཕྱིན་པ་དེ་འདྲས་རེད།
  • ནོར་བྲང་ཨོ་རྒྱན།
    བྱས་ཙང་ད་དེ་ནས་བཟུང་དེ་ད་ཨེནི་གྲི་གུམ་ནས་ད་ཨེནི་རྦད་དེ། གཅིག་གི་རྨུ་ཐག་དེ་ཆད་ནས་ཨ་ནི་གང་འདྲས་བྱུང་བ་རེད་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ད་དེ་ནི་དེ་ལ་གང་ཟེར་དགོས་རེད་པས། འོང་། ཨེ། གྲི་གུམ་ཨེ་གྲི་གུམ་གྱི་ཨ་ནི་དེ་ལ་དེ་པུར་དེ་གང་འདྲས་བྱུང་བ་ཟེར་ན།
  • ནོར་བྲང་ཨོ་རྒྱན།
    ཟངས་ཀྱི་གའུ་བཅུག་ནས་ཕྱི་ལ་ལྕགས་གཟེར་བཏབ། བཏབ་ནས་ལྕགས་ཀྱི་གཟེར་བརྒྱབ་དེ་ནས་དེ་ནི་ལྕི་མདའ་ཟམ་ཁ་ནས་ཉང་ཆུར་བསྐྱུར་བ་རྒྱང་མཁར་མཚོ་ཁུག་ཏུ་དེ་ནི་ཉིན་མ་བདུན་ཡིན་ནའི་སླེབས་པ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    རྒྱང་མཁར་མཚོ་ཁུག་ཏུ་ཉིན་མ་བདུན་ལས་ནས་དེ་ནི་འཛིན་མཁན་དེ་འདྲས་བྱུང་ཡོའོ་མ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་ཚོང་འདུས་འགུར་མོའི་ཐད་དུ་དགུང་ཞག་བཅུ་གསུམ་དེ་འདྲས་ཆགས་ཡས་དེ་ནི་འཛིན་མཁན་དེ་འདྲས་བྱུང་ཡོའོ་མ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནས་ཀོང་བྱེ་མ་ཆུ་རླག་ཏུ་ཁྱེར་ནས་རེད་པ། རྡོ་རྗེ། ཆུ་སྲིན་རྡོ་རྗེ་རི་མོ་བྲན་མོ་བྱེ་མ་ལག་རིང་གིས་ཟེར་ཡས་གཅིག དེ་རྦད་དེ་བྱེ་མ་ལག་རིང་ཟེར་མཁན་རྡོ་རྗེ་མོས། བྲན་མོ། གཡོག་མོ་བྲན་མོ་ལག་རིང་ཟེར་ཡས་དེ་ཡིན་ན་ཆུ་ལ། ཉ་ཟིན་ག་འགྲོ་དུས་ཙམ་ནས་དེ་ནི་བརྙེད་ནས་འོང་། གྲི་གུམ་སྐུ་ཕུང་དེ་བརྙེད་ནས་དེ་ནི་རང་གི་ཇོ་མོར་ཕུལ་བས། ཟེར།
  • ནོར་བྲང་ཨོ་རྒྱན།
    དེ་ནི་རང་གི་ཇོ་མོ་དེ་ནི་ཆུ་སྲིན་རྡ་རྗེ་ལ་སྤྲད་ནས་ཕུལ་བྱས་དེ་ནི་གང་བྱས་པ་རེད། དེས་ཡིན་ན་རྦད་དེ་བང་མཛོད་ནང་ལ་བཞག་ཡོའོ་རེད་ཟེར།
  • ནོར་བྲང་ཨོ་རྒྱན།
    བང་མཛོད་ནང་ལ་བཞག་བྱས་དེ་འདྲས་རེད། ཟེར། ད་དེ་ནས་རུ་ལས་སྐྱེས་ལོ་གསུམ་སྐབས་ཡོལ་དུས་ཙམ་པ། ད་རུ་ལས་སྐྱེས་ལོ་བཅུ་སོན་པའི་ཁ་གཏུག་ལ་ཆ་བཞག་ན། དེ་ནི་ཁོ་བོའི་ཕ་དང་ནོར་ལ་སོགས་པ་ག་པར་ཡོའོ་རེད་བྱས་ན།
  • ནོར་བྲང་ཨོ་རྒྱན།
    ཨ་མ་ལ་སྐད་ཆ་བཀའ་དྲི་ཞུ་དུས་ཙམ་པ་ཨ་མ་དེ་ནི་ཨ་མས་ཡིན་ན་དེ་ན་སྔར་གྱི་རྒྱུ་མཚན་དེ་གྱད་དེ་བཤད་ནས། ད་ཁྱེད་རའི་དེ་ནི་རྦད་དེ། ཕ་དང་ནོར་ལ་སོགས་པ། དེ་ནི་གང་འདྲས་གང་འདྲས་གང་བྱུང་དེ་གྱད་དེ་གོང་དུ་གང་ཞུས་པ་ནང་ལྟར་གྱི་དེ་ནི་སྔར་གྱི་རྒྱུ་མཚན་དེ་གྱད་དེ་ཚང་མ་བཤད་པ་རེད་ཟེར། 
  • ནོར་བྲང་ཨོ་རྒྱན།
    བཤད་དུས་ཙམ་པ་དེ་ནི་རྦད་དེ་ད་སོ་སོའི་ཡབ་ཀྱི་པུར་དང་དེ་ནི་སྤུན་ཟླ་ཚོལ་དུ་འགྲོ་གི་ཡིན་ཟེར། དེ་ནི་ཀོང་པོ་ལ་ཕེབས་ནས་དཀའ་བ་སྤྱད་ནས་དེ་ནི་གྲི་གུམ་ཁོའི་པུར་དེ་བཏོན་ནས། ཨེ། པུར་དེ་དེ་ནས་བྱེ་མ་ལག་རིང་ནས་བླུས་ནས་དེ་ནི་པུར་དེ་བླུས་པ་ཚུར་སླེབས་པ་ཡུལ།
  • ནོར་བྲང་ཨོ་རྒྱན།
    འཕྱིང་ཡུལ་དར་ཐང་དུ་གདན་འདྲེན་ཞུས་ནས་ཨེ་འཕྱིང་ཡུལ་དར་ཐང་དུ་གདན་འདྲེན་ཞུས་ནས། གདན་འདྲེན་ཞུས་ནས་དེ་ནི་དེ་ནས་བཟུང་སྟེ། སྤྱན་དྲངས་པས་བང་སོ་བརྩིགས་པ་དེ་ནི་བཙན་པོའི་བང་སོའི་ཐོག་མ་ཡིན་ཟེར་བྱས་ནས།
  • ནོར་བྲང་ཨོ་རྒྱན།
    དེ་ནས། ད་དེ་དེ་རེད་གང་ཟེར་དགོས་རེད་པས། བཙན་པོའི་བང་སོ་ལ་ཆ་བཞག་ནའི་གྲི་གུམ་ནས་གཙོས་བཙན་པོའི་བང་སོའི་ཐོག་མ་དེ་བྱུང་བ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    དུས་དེའི་ཚེ་ན་དུས་དེའི་ཟེར་ན་ཡུམ་གྱིས་སྲས་བྱ་ཁྲིར་བུ་ཁྱོད་རྒྱལ་རྒྱུད་མ་ཉམས་པ་ཡིན་ངེས་ན་རྒྱལ་སྲིད་བརྟན་པར་ཤོག་ཅིག་ཅེས་པ་སྨོན་ལམ་བཏབ་པས། ལྷ་ལ་དམོད་བོར་བས་ནམ་མཁའ་ནས་ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས།
  • ནོར་བྲང་ཨོ་རྒྱན།
    བྱུང་བས་ཟེར།བྱས་ནས།  ད་དེ་ནས་སྐབས་དེ་དུས་ཡུམ་དེ་ནི། ཡུམ་གྱི་ནི་ཡུམ་དེ་རེད་པ། འོང་ཀླུ་བཙན་མེར་ལྕམ་གྱིས་དེ་ནི་ཀླུ་བཙན་མེར་ལྕམ་གྱི་ཐོག་ནས་དེ་ནི། ལྷ་ལ་དམོད་པ་བོར་ཅེས་པ་དེ་ནི་ཁྱོད་ཀྱི་རྦད་དེ་ཨེ། དེ་ནི་ཡུམ་གྱིས་བྱ་ཁྲིའི་བུ་ཁྱོད་དེ་ནི་རྒྱལ་རྒྱུད་རྒྱལ་པོའི་རྒྱུད་པ་མ་ཉམས་པ་དངོས་གནས་དྲང་གནས་ཡིན་ངེས་པ་ཡིན།
  • ནོར་བྲང་ཨོ་རྒྱན།
    དེ་ནི་རྒྱལ་སྲིད་བརྟན་པར་ཤོག་ཅེས་ཟེར། དེ་འདྲས་ཀྱི་སྨོན་ལམ་བརྒྱབ་བྱས་བྱེད་དུས། དེ་ནི་སྨོན་ལམ་བརྒྱབ་དུས་ཙམ་པ་ལྷ་ལ་དམོད་བོརྡུས་ཙམ་པ་སྨོན་ལམ་བརྒྱབ་དུས་ཙམ་པ་ནམ་མཁའ་ནས་དེ་ནི་རྦད་དེ་བུ་ཁྱོད་ཀྱི། ཁྱོད་ཀྱི་བུ་དེ་ཀུན་ལས་རྣམ་པར་རྒྱལ་བར་འགྱུར་རོ་ཟེ་བྱས་ནས།
  • ནོར་བྲང་ཨོ་རྒྱན།
    དེ་འདྲས་ཀྱི་སྒྲ་བྱུང་བ་རེད་ཟེར། དེ་འདྲས་ཀྱི་སྒྲ་བྱུང་བ་ཡིན་འགྲོ་དུས་ཙམ་ནས། དེ་ནི་བྱ་་ཁྲིའི་མཚན་ལ་ཡིན་ནའི་ཡང་འབངས་ཀྱིས་སྒྲ་མ་ཉམས་པར་འབོད་པས་སྤུ་དེ་གུང་རྒྱལ་ཟེར། ཟེར་བ་ཡིན་འདུག་ཟེར།
  • ནོར་བྲང་ཨོ་རྒྱན།
    གཞི་ནི་དངོས་གནས་བྱས་ན་ད་དེ་གང་ཟེར་དགོས་རེད་པས། ཨེ། དམོད་བོར་ནས། བུ་དེ་ཀུན་ལས་རྒྱལ་བ་ཟེར་གྱི་ཡོའོ་རེད་པ།
  • ནོར་བྲང་ཨོ་རྒྱན།
    སྤུ་དེ་གུང་རྒྱལ་ཟེར་ཡས་དེ་འདྲས་བྱུང་བ་ཡིན་འདུག་ཟེར། དེ་ནི་ཡབ་ཀྱི་ད་དེ་ནས་ཡབ་ཀྱི་གྲི་གུང་འཚོ་གཞེས་ཀྱི་རིང་ལ་ཡིན་ན། ཞང་ཞུང་དང་། བྲུ་ཤའི་གཤེན་གྱི་དུར་བོན་བྱུང་། བྲུ་ཤའི་གཤེན་གྱི་དུར་བོན་དེ་འདྲ་ཡིན་ན་བྱུང་བ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    སྲས་སྤུ་དེ་གུང་རྒྱལ་འཚོ་གཞེས་ཀྱི་རིང་ལ་སྐུ་མཁར་འཕྱིང་བ་སྟག་རྩེ་བརྩིགས། ད་ནང་བཞིན་ད་གང་ལྟར་སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང་། དེ་ནི་ད་བོན་པོའི་ནང་ལ་སྒྲུང་དང་ལྡེའི་ཟེར་ཡས་དེ་ཡོའོ་རེད་པ། བྱས་ཙང་གནམ་བོན་གཤེན་པོ་ཆེ་བྱུང་ཟེར།
  • ནོར་བྲང་ཨོ་རྒྱན།
    རུ་ལས་སྐྱེས་དང་དེའི་སྲས་ལྷ་བུ་མགོ་དཀར་ཏེ་བློན་པོ་གཉིས་ཀྱི་རིང་ལ་ཆུ་ལ་ཡུར་བ་དྲངས།ཟེར།
  • ནོར་བྲང་ཨོ་རྒྱན།
    རུ་ལས་སྐྱེས་དེ་ནི་ཨེ། རྭ་གོག་ནང་ནས་སྐྱེས་པའི་རུ་ལས་སྐྱེས་བློན་པོ་རུ་ལས་སྐྱེས་དང་དེའི་སྲས་དེ་ནི་ལྷ་བུ་མགོ་དཀར་གཉིས་ཟེར་ཡས་དེ། བློན་པོ་གཉིས་ཀྱི་རིང་ལ་ཆུ་ཡུར་བ་ལ་དྲངས། སྤང་ཞིང་དུ་རྨོས།
  • ནོར་བྲང་ཨོ་རྒྱན།
    རྡོ་མེ་ལབ་ཞུས་པའི་དངུལ་ཟངས་ལྕགས་གསུམ་བཏོན། ཆུ་ལ་ཟམ་པ་བཙུགས་པ་བཅས་ཀྱིས་དེ་ནི་བོད་ཀྱི་འཕྲུལ་བློན་མཛངས་མི་བདུན་གྱི་དང་པོ་བཤད་པ་ཡིན་ཟེར།
  • ནོར་བྲང་ཨོ་རྒྱན།
    འཕྲུལ་བློན་མཛངས་མི་བདུན་གྱི་དང་པོར་བྱས་པ་ཡིན་ཟེར། བྱས་ཙང་རྒྱལ་པོ་དེ་དག་ནི། རྒྱལ་པོ་ད་ལྟ་གཉིས་པོ་དེ་ཨེ་གྲི་གུམ་བཙན་པོ་དང་། ད་ལྟ་དེ་སྤུ་དེ་གུང་རྒྱལ་གཉིས་པོ་དེ་ནི་སྟོད་ཀྱི་སྟེང་གཉིས་བྱ་བ་དེ་ཡིན་ནོ་ཟེར།
  • ནོར་བྲང་ཨོ་རྒྱན།
    དེའི་དེ་ནི་བང་སོ་ནི་ཨེ་གཡའ་དང་རྫ་ལ་བཏབ་པོ་བྱས་ནས། ཨོའོ་ད་དེའི་དུམ་བུ་དེ་ཞུས་ཡས་དེ་རིང་དེ་འདྲས་གཅིག་ཡིན། ལགས་སོ།