Video Overview
The history of Chakhar was shared by Lam Dorji from Chakhar village. As a descendant of the Chakhar clan, he is familiar with accounts of his ancestors, and associated histories and biographies. His account focuses on the problems faced between the regional ruler of Bumthang, Chakhar Gyalp (Sindhu Raja) and his enemy, Nawchoe. There is also some information about Khandro Tashi Kheude, the Bhutanese consort or the daughter of the Chakhar Gyalp, and the miraculous deeds of Guru Rinpoche, who converted many places into sacred sites and transformed evil deities into dharma protectors throughout Bhutan, India and Nepal.
ལྕགས་མཁར་གྱི་ལོ་རྒྱུས་འདི་ བུམ་ཐང་རྫོང་ཁག་ ལྕགས་མཁར་གཡུས་ཚན་ལས་ བླམ་རྡོ་རྗེ་གིས་ བཤདཔ་ཨིནམ་ད་ ཁོ་ལྕགས་མཁར་གྱི་ མི་རྒྱུད་པ་འབདཝ་ལས་ ཁོ་རའི་ ཕ་མའི་རྒྱུད་པ་ཚུ་ ལེགས་ཤོམ་སྦེ་ ཤེས་དོ་ཡོདཔ་ད་ ཁོ་གིས་ ཤེས་མི་ལོ་རྒྱུས་ཚུ་ རྒྱལ་རབས་དང་ རྣམ་ཐར་ཚུ་ནང་ལས་ཨིན་པས། ལོ་རྒྱུས་འདི་ཡང་ མང་ཤོས་ཅིག་ བུམ་ཐང་ལུང་ཕྱོགས་ཀྱི་ ལྕགས་མཁར་རྒྱལ་པོ་སིན་དྷུ་ར་ཛ་དང་ ཁོ་གི་བྱང་ཕྱད་ རྒྱལ་པོ་སྣ་བོ་ཆེ་གཉིས་ཀྱི་མ་འཆམ་པར་ བྱ་སྟབས་མ་བདེཝ་ བྱུང་བྱུངམ་གི་སྐོར་ལས་དང་ འབྲུག་གི་མཁའ་འགྲོ་ ཡང་ན་ རྒྱལ་པོ་སིན་དྷུ་ར་ཛ་གི་སྲས་མོ་ མཁའ་འགྲོ་བཀྲིས་ཁིའུ་སྒྲོན(ལྡན)་གྱི་ ལོ་རྒྱུས་དུམ་གྲ་རེ་དང་ གུ་རུ་རིན་པོ་ཆེ་གིས་ རྫུ་འཕྲུལ་གྱི་སྒོ་ལས་ ས་གནས་མང་ཤོས་ཅིག་ གནས་སྦེ་བྱིན་གྱིས་བརླབས་ཡོདཔ་མ་ཚད་ འབྲུག་དང་ རྒྱ་གར་ འདི་ལས་ སྦས་ཡུལ་ལུ་ བདུད་དང་བཙན་འདི་ཚུ་ དམ་པའི་ཆོས་ཀྱི་སྲུང་མ་སྦེ་ བསྐོས་གནང་ཡོད་པའི་སྐོར་ལས་ཨིན་པས།
- Chagkhar
- བླམ་རྡོ་རྗེ་ Lam Dorjiདེ་ལས་དེ་ལས་ མནའ་བཀལ་ཏེ་ དེ་ལས་ བློན་པོ་འདི་ཚུ་ག་ར་མནའ་འབོ་ སྣང་སྲིད་ལྷ་འདྲེ་འདི་ཚུ་ཡང་མནའ་འབོ་སྟེ་ ད་ག་གིས་ཡང་ མི་འགལ་ནི་གི་མནའ་འབོ་ཤིག་ཟེརཝ་ད་ ལྷ་ལྕམ་འབུམ་ལྡན་ནམ་མེ་འབར་བཀྲ་ཤིས་ཁྱེའུ་འདྲེན་ལུ་ ད་ཁྱོད་ཀྱིས་མནའ་སྦིས་ལུ་ ལྷ་ཁང་བཞེངས་ནིའི་མནའ་བཀལ་ཤིག་ ཟེར་གསུངས་ནུག
- བླམ་རྡོ་རྗེ་ Lam Dorjiམནའ་འབོ་ཚུགས་ག་ཟེརཝ་ད་ ཚུགས་ཟེར་ཞུ་སྟེ་ དེ་འབད་བ་ཅིན་མནའ་བཀལ་ཤིག་ཟེར་ ལྷ་ཁང་བཞེངས་ནིའི་མནའ་བཀལཝ་ད་ མེ་འབར་བཀྲ་ཤིས་ཁྱེའུ་འདྲེན་གྱི་མནའ་ འ་ནེ་སྦེ་ཐོན་ཏེ་ཡོད་རྡོ་གུ་མནའ་བཀལ་ཏེ་ ཡ་བཏུབ་ཀྲིག་ཀྲི་ཨིན་ ད་མ་འོངས་པའི་ནང་ ལྷ་ཁང་བཞེངས་མ་ཚུགས་ཟེར་བ་ཅིན་ ང་ལུ་གསོལཝ་བཏབ་ད་ ང་ར་གིས་ག་དེ་འབད་རུང་འབད་གེ་ཟེར་ མནའ་བཀལ་ཏེ་ དེ་ལས་ ཆོས་ཀྱི་འཁོར་ལོ་ཟེར་མི་ གུ་རུ་གིས་ཆོས་གནང་ནུག་བ།
- བླམ་རྡོ་རྗེ་ Lam Dorjiཆོས་གནང་ མནའ་འདི་ཚུ་བཀལ་ གཏེར་ཁ་ཚུ་སྦ་ གཏེར་ཁ་༣༠ སྦ་བཞག་སྟེ་ གུ་རུ་རིན་པོ་ཆེ་ཕྲང་སྟེ་རྒྱ་ལུ་བྱོན་བྱོནམ་ཨིན་ རྡོ་རྗེ་གདན་ལུ་ རྡོ་རྗེ་གདན་ལུ་ ཞབས་བརྟན་ཞུ་བར་བྱོན་ནུག་ རྡོ་རྗེ་གདན་ལུ་མུ་སྟེགས་པའི་བསྟན་པ་ལས་བརྟན་གནམ་སྲོ་ཏེ་ཡོདཔ་ཨིན་ཟེར་ མར་ལུ་བྱོན་ནི་ཨིན་ཟེར་ དེ་ལས་ རྡོ་རྗེ་གདན་ཞབས་བརྟན་ཞུ་ཚར་ཞིནམ་ལས་ ནེ་པཱལ་གི་དུར་ཁྲོད་ར་བར་ དུར་ཁྲོད་ན་བྱོན་ཏེ་ ནེ་པཱལ་ལུ་ཆོས་གནང་ནི་ཨིན་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་ཁར་ཆོས་གནང་ཞིནམ་ལས་ དང་པོ་ང་རའི་སྐྱེ་བ་སྔ་མའི་སྤུན་ཆ་ཡོདཔ་ཨིན་བོད་ལུ་ འ་ནི་སྤུན་ཆ་འདི་ཚུ་ ལྷ་ཁང་བཞེངས་པའི་བསྒང་ཡོད་ ཁོང་ཆ་ཁྱབ་ཀྱིས་བཞེངས་མི་ཚུགས་ ང་ར་འགྱོ་དགོ་ཟེར་གསུངས་ནུག དེ་ལས་ གུ་རུ་རིན་པོ་ཆེ་དང་ རྒྱལཔོ་སྣ་བོ་ཆེ་ཡང་མར་བྱོན་ དེ་ལས་ རྡོ་རྗེ་གདན་ཞབས་བརྟན་ཞུ་སྟེ་ མུ་སྟེགས་པའི་ཆོས་དང་བསྟན་པ་འདི་ཚུ་ག་ར་ གུ་རུ་རིན་པོ་ཆེ་གིས་བརླགས་བཏང་ བྱག་གི་མིང་ཅིག་ཡང་ཡོད་ འདི་ནང་གྲུབ་པ་གནང་བཞུགས་ཏེ་ མུ་སྟེགས་པའི་བསྟན་པ་བརླགས་བཏང་ནུག
- བླམ་རྡོ་རྗེ་ Lam Dorjiཆར་པ་རླུང་ལུ་བབས་ རྡོ་རླུང་ལུ་བབས་ཏེ་ མུ་སྟེགས་པའི་བསྟན་པ་ག་ར་རྩ་མེད་བཏང་ ནང་པའི་ཆོས་ནང་འཛུལ་མི་འདི་ཚུ་ [རང་འབའ་?]བཏོན་ དེ་ལས་ རྡོ་རྗེ་གདན་ལུ་ དང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཞེངས་མི་སྐུ་ ཆུ་ནང་བཙུགས་མི་ཚུ་ ཆུ་གི་ནང་ལས་བཏོན་ཁྲུས་གནང་ བཅོ་ཁ་རྐྱབ་ དེ་ལས་ནང་ན་བཙུགས་ མུ་སྟེགས་པའི་སྟོན་པ་བསྟེན་མི་ཚུ་ག་ར་བཙོན་ཁང་ནང་བཙུགས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གུ་རུ་རིན་པོ་ཆེ་རྡོ་རྗེ་གདན་ཞབས་བརྟན་ཞུ་སྟེ་ དེ་ལས་ གནམ་གང་ལ་ཉི་མ་ཤར་དོ་ཟེར་ གུ་རུ་རིན་པོ་ཆེ་གིས་ ཧིང་སངས་ས་བཟོ་སྟེ་ ད་རེས་རྡོ་རྗེ་གདན་ལུ་ མི་དེམ་ཅིག་འཕེལ་མི་འདི་ གུ་རུ་རིན་པོ་ཆེ་གིས་བཟོ་བཟོ་ཨིན་ཟེར་ དེ་སྦེ་ཐོན་མས་ལགས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གུ་རུ་རིན་པོ་ཆེ་རྡོ་རྗེ་གདན་ལས་ཞབས་བརྟན་ཞུ་ཚར་ཏེ་ གུ་རུ་རིན་པོ་ཆེ་གིས་ ནེ་པཱལ་ལུ་བྱོན་ ནེ་པཱལ་ལུ་སྦྱིན་བདག་གི་མིང་ཅིག་རང་ཡོད་ ད་བླ་མ་ག་ཅི་ཨིན་ན་ཅིག་ འདི་གིས་སྦྱིན་བདག་འབད་དེ་ དུར་ཁྲོད་ར་བ་ཟེར་བའི་དུར་ཁྲོད་ལུ་བྱོན་ རྡོ་ལེབ་ཅིག་གུ་བཞུགས་ཏེ་ ཆོས་གནང་ནུག
- བླམ་རྡོ་རྗེ་ Lam Dorjiཆོས་གནང་སྟེ་བཞུགསཔ་ད་ མཁའ་འགྲོ་འབུམ་གྱིས་མཐའ་བསྐོར་ཏེ་ ཡ་ཁྱོད་དེ་སྦེ་མ་བཞུགས་ ཡར་བོད་ལུ་འབྱོན་དགོ་པས་ བོད་ལུ་མ་བྱོན་པ་ཅིན་ བོད་ཀྱི་མི་ཚུ་ ཁྱོད་ཞུ་བར་འོང་དོ་ ལམ་ཁར་དཀའཝ་སྤྱད་མས་ཟེར་ ཁཝ་གི་ནང་འབད་ནི་དེ་གིས་ བོདཔ་ཚུ་ཤི་ནི་ཨིན་པས་ཁོང་།
- བླམ་རྡོ་རྗེ་ Lam Dorjiའབད་མ་ཚུགས་པར་ ཁཝ་ནང་འབད་མ་ཚུགས་པར་ དཀའཝ་སྤྱད་མས་ ཁྱོད་ཀྱིས་རྫུ་འཕྲུལ་གྱི་སྒོ་ལས་བྱོན་གནང་ཟེར་ཞུཝ་ད་ ཡ་ཡ་ཨིན་པས་ཟེར་ དེ་ལས་གུ་རུ་རིན་པོ་ཆེ་མཆོག་གིས་ རྫུ་འཕྲུལ་སྒོ་ལས་བྱོན་ཏེ་ དེ་ལས་གུ་རུ་རིན་པོ་ཆེ་བོད་ལུ་བྱོན་ བོད་བསམ་ཡསཔ་ཚུ་ཞུ་བར་ཁ་ཐུག་ལུ་བྱོན་ཏེ་ བོད་ལུ་ཡང་ལེ་ཤོད་ནས་ཁ་བ་ཅན་ལུ་ཞུ་ཡི་ཟེར་ རྣམ་ཐར་ལས་ཐོནམ་གཏོགས་ ངོ་མ་འབད་མཇལ་ཚུགས་ནི་མེན་པས་བ།
- བླམ་རྡོ་རྗེ་ Lam Dorjiགུ་རུ་རིན་པོ་ཆེ་ ཁོང་བོད་ཁ་བ་ཅན་ལས་ཚུར་ཐོན་འོང་དགོ་པ་ཅིན་ ལ་ཧ་ལམ་བརྒལ་འོང་དགོ་པས་ གུ་རུ་ག་ཏེ་ཡོདཔ་ཨིན་ན་མི་ཤེས་པས་བ་གཞན་ གུ་རུ་ཁོ་ར་གིས་མ་བྱོན་པ་ཅིན་ དེ་ལས་ལྕགས་མཁར་རྒྱལ་པོ་གིས་ ཞུ་བར་བཏངམ་ད་ཡང་ གུ་རུ་འདི་ཁར་བཞུགས་ཏེ་ཡོད་ཟེར་མིན་འདུག་བ་ཏེ།
- བླམ་རྡོ་རྗེ་ Lam Dorjiའཕགས་པའི་ཡུལ་ཟེརཝ་ད་ རྒྱ་གར་གླིང་བཅས་ཨིན་པས། འཕགས་པའི་ཡུལ་ག་ཏེ་ལུ་ཆ་བཞག་ནི་ ཁོ་ར་གིས་མངོན་ཤེས་མཁྱེན་ཏེ་ མཁའ་འགྲོ་བཞེས་ནིའི་ལུང་བསྟན་ཡོད་ནི་དེ་གིས་བྱོན་བྱོན་ཨིན་པས་ ལུང་བསྟན་འདི་མཁའ་འགྲོ་བཞེས་ནིའི་ལུང་བསྟན་ཨིན་པས་ཨིན་རྒྱུ་འདི་ ཁོ་ར་མཁའ་འགྲོ་བཞེས་ནིའི་ལུང་བསྟན་ཡོད་དེ་བྱོན་བྱོནམ་མ་གཏོགས་ མ་པ་མཇལ་ནི་འདི་མེན་པས།
- བླམ་རྡོ་རྗེ་ Lam Dorjiནམ་མཁའ་ལྟ་བུ་ནང་ གུ་རུ་ག་ཏེ་ལུ་འཚོལ་འཐོབ་ནི་ཏེ་ མི་འཐོབ་པས་ཏེ་ དེ་འབད་ནི་དེ་གིས་ བོད་ལུ་བྱོན་ བོད་བསམ་ཡས་ལེགས་ཤོམ་འབད་བསྒྲུབས་ ག་ར་འབད་ཚར་ དེ་ལས་ གུ་རུ་རིན་པོ་ཆེ་ཡར་ལས་འབད་ དེ་ལས་ ཡར་ལས་བྱོནམ་ད་ བོད་མཁན་པ་ལུང་གི་རྒྱལཔོ་ཁྱི་ཁ་ར་ཐོད་ཟེར་མི་ མཁན་པ་ལུང་ལུ་མངའ་ཐང་རྒྱས་ཏེ་ཁོ་ མངའ་ཐང་རྒྱས་ཏེ་ རྒྱལཔོ་ཁྱི་ཁ་ར་ཐོད་འབངས་དང་འཁོར་བསམ་གྱིས་མི་ཁྱབ་འཕེལ་ཏེ་ མངའ་ཐང་རྒྱས་ཏེ་བཞུགས་ནུག་ ཁྱི་ཁ་ར་ཐོད།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བཞུགསཔ་ད་ལུ་ གུ་རུ་རིན་པོ་ཆེ་ཡར་བསྟོད་ག་ཅི་ཨིན་ན་ ལྡན་མ་རྩེ་མང་ དེ་བསྒང་ ལོ་༥ རང་ཨིན་པས། ཨ་པ་ཤི་ཨའི་ཡང་ཤི་སྦེ་ འདི་གུ་རུ་རིན་པོ་ཆེའི་ཕྱག་ཞུ་སྟེ་འཁྱིད་འོང་ནུག་ མཁས་པ་ཨིན་པས་ཏེ་ དེ་སྦེ་ཨ་པ་ཨ་མ་ཤི་སྟེ་ དགེ་བ་འདི་ཚུ་ག་ར་ གུ་རུ་རིན་པོ་ཆེ་གིས་གནང་སྦེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཡར་ལས་ལྷོ་བྲག་མཁར་ཅུང་བྱོནམ་ད་ ལྷོ་བྲག་མཁར་ཆུ་གུ་རུ་བྱོན་དགོ་པའི་དོན་དག་ག་ཅི་སྨོ་ཟེར་བ་ཅིན་ གུ་རུ་རིན་པོ་ཆེ་གཏེར་སྦ་བཞག་པར་བྱོན་བྱོན་མས་བ་ ནང་རྟེན་འདི་ཚུ་ དེ་ལས་ གཏེར་སྦ་བཞག་ཚར་ཞིནམ་ལས་ རྒྱལཔོ་ཁྱི་ཁ་ར་ཐོད་གུ་རུ་དང་མཇལ་ཏེ་ དབའེ་ཁྱོད་སྔགས་པ་པདྨ་འབྱུང་གནས་ཟེར་མི་ཨིན་པས་ཟེར།
- བླམ་རྡོ་རྗེ་ Lam Dorjiཁྱོད་ག་དེམ་ཅིག་འབད་བྱོན་ཡི་ག་ཟེར་ཞུཝ་ད་ ང་འདི་ནང་འོང་འོངམ་ཨིན་ཟེརཝ་ད་ དབའེ་ན་ཧིང་ཁྱོད་ཀྱིས་ འབྲུག་ལུ་བྱོན་ཏེ་ རྒྱལཔོ་སིན་དྷ་རཱ་ཛ་ཟེར་མི་ ལྷ་འདྲེ་ཚུ་ལུ་བརྟེན་ ཤི་ཆོག་ཆོག་ཡར་སོང་ནུག་ ཁྱོད་བྱོན་ཏེ་ ལྷ་འདྲེ་འདི་ཚུ་ག་ར་ དམ་བཏགས་ནི་དེ་གིས་ རྒྱལཔོ་སིན་དྷ་རཱ་ཛ་གནམ་མེད་ས་མེད་སྙུང་གཞི་དྭངས་ཏེ་ སྤྲོ་བར་འགྱུར་ནུག
- བླམ་རྡོ་རྗེ་ Lam Dorjiང་ཡང་སེམས་དགའ་ཡི་གདིང་ལས་རང་ སྤྲོ་བ་བྱུང་ཡི། ངེའི་མཁན་པ་ལྗོངས་ན་ཡང་ བྱོན་གནང་ཟེར་ཞུ་ནུག ཡ་ཡ་བྱོན་གེ་ཟེར་གསུངས་ཏེ་ དེ་ལས་ ཡར་ཁོང་གཉིས་རྒྱལཔོ་ཁྱི་ཁ་ར་ཐོད་ཀྱི་ཧེ་མ་བྱོན་ཏེ་ མར་མཁན་པ་ལུང་ལུ་བྱོན་ནུག ལྡན་མ་རྩེ་མང་ཁོང་གཉིས་བྱོན་ནུག བྱོནམ་ད་བྱག་ཕུག་ཅིག་སྡོད་ནུག་ བྱག་ཅིག་སྡོད་སྡོདཔ་མས་ཡར་ལ་ཁར་ ཕུག་སྦོམ་ཅིག་སྡོད་ནུག་ འདིའི་ནང་ཞག་གཅིག་སྡོད་ནུག
- བླམ་རྡོ་རྗེ་ Lam Dorjiཡར་བཞུགསཔ་ད་ དེ་ལས་ ནུབ་མོ་ལྡན་མ་རྩེ་མང་གི་གཉིད་ལམ་ནང་ དབའེ་བོད་ཀྱི་བོན་ཆེན་གཉིས་ཨིན་པས་ ཁྱོད་ག་ཏེ་འགྱོཝ་སྨོ་ཟེར་ ང་བཅས་ཀྱི་ མཁན་པ་ལྗོངས་ལུ་མ་བྱོན་ཟེར་ མཁན་པ་ལྗོངས་བྱོན་པ་ཅིན་ ང་བཅས་ཀྱིས་གནོདཔ་བཀལ་ནི་ཨིན་ཟེར་ དེ་བ་ལོག་འགྱོ་ནི་མས་ཟེར་ ལོག་འགྱོ་བ་ཅིན་གནོདཔ་མི་བཀལ་ ཁྱོད་ར་གཉིས་ལོག་འགྱོ་ད་ ང་བཅས་ཀྱི་མཁན་པ་ལྗོངས་ལུ་མ་འགྱོ་ ཟེར་སླབ་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཁོ་ལྷང་བཏང་གཉིད་ཚོརཝ་ད་ ཡ་དེ་སྦེ་སླབ་དེས་ཟེར་ གུ་རུ་ལུ་ཞུ་ནུག ངེའི་གཉིད་ལམ་ནང་ དེ་སྦེ་མཐོང་ཡི་ མ་འགྱོ་ཟེར་སླབ་དེས་ ག་དེ་སྦེ་འབད་ནི་ཟེར་ཞུཝ་ད་ འེ་འེ་ཁྱད་མེད་ཁྱད་མེད་ཟེར་ ཞག་༧ བཞུགས་ཅི་ ཟེར་ཨིན་པས་ལོག་སྟེ་ ཞེ་སྡུག་འབད་དེ་ཕུག་ནང་ར་ ཞག་༧ བཞུགསཔ་ད་ ལྷ་འདྲེ་མི་གསུམ་འདི་ཚུ་ག་ར་ ཕྱེ་འཐག་འཐག་འགྱོ་སྟེ་ དྲེགས་རང་མ་ཚུགས་པར་ བླ་མ་ མ་རིག་པའི་དབང་ལུ་ཐལ་ཏེ་ཞུ་ཡར་སོ་ནུག ད་བྱོན་གནང་ཟེར་ ང་བཅས་ད་འཛོལ་རང་འཛོལ་ནུག་ཟེར་ ད་འབདན་བྱོན་གནང་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གུ་རུ་རིན་པོ་ཆེ་བྱོན་བྱོནམ་མས། བྱོན་ཤིག་ད་འབདན་ཟེར་ མ་རིག་པའི་སེམས་འབད་ནི་དེ་གིས་ ཁྱོད་ལུ་ཞུ་ཡར་སོ་ནུག་ཟེར་ ང་བཅས་ཀྱིས་མི་འབད་ ད་འབདན་ཟེར་བྱོན་གནང་ཟེར་ཞུཝ་ད་ ཡ་ཡ་ཟེར་གུ་རུ་གིས་ དེ་ལས་ མཁན་པ་ལུང་བྱོནམ་ད་ མཁན་པ་ལུང་གི་གནསཔོ་འདི་གིས་ སྤའོ་་་་་ བྱུ་རུ་མུ་ཏིག་གི་རྒྱན་ཆ་བཏགས་ཏེ།
- བླམ་རྡོ་རྗེ་ Lam Dorjiཨ་ནཱི་ཕྱག་དབང་ལུ་ཐོན་ཏེ་ གུ་རུ་རིན་པོ་ཆེའི་ཕྱག་དབང་བཅར་ཏེ་ བྱོན་ཤིག་ཟེར་ཞུ་སྟེ་ ཕར་ནང་ན་འཁྱིད་སྦེ་ རྒྱལཔོ་ཁྱི་ཁ་ར་ཐོད་ཀྱི་ཕོ་བྲང་ནང་ཞུ་སྟེ་ དེ་ལས་ རྒྱལཔོ་ཁྱི་ཁ་ར་ཐོད་ཀྱིས་ གསོལ་ཆང་མར་ཆང་འདི་ཚུ་དྲངས་ དེ་འབད་ཚར་ཞིནམ་ལས་ གུ་རུ་རིན་པོ་ཆེ་རྩ་བའི་བླམ་ དེ་ལས་ ལྡན་མ་རྩེ་མང་ཚོགས་སྦྱོར་པ་འབད་ ཕྱག་ཐེབས་བཟུང་ད་ཟེར་ ཕུལ་ནུག་ཁོ་གིས་ ཁྱི་ཁ་ར་ཐོད་ཀྱིས་ཕུལ་ནུག ངེའི་རྩ་བའི་བླམ་ཁྱོད་ར་གིས་མཛད་ད་ཟེར་ཕུལཝ་ད་ ལོ་གཅིག་གཉིས་དེ་ཅིག་བཞུགས་བཞུགསཔ་འོང་ནི་མས་ མ་པ་ཨིན་ནི་འདི་ག་ཏེ་འོང་ ཨིན་རུང་བཞུགས་ནུག་ ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བཞུགས་ཏེ་འབདཝ་ད་ གུ་རུ་རིན་པོ་ཆེ་གིས་ ད་ཁྱི་ཁ་ར་ཐོད་ཡར་ལུ་བཞག་པ་ཅིན་ བསམ་ཡས་ལུ་ལེགས་ཤོམ་མི་འོང་ནི་མས་བ་ དམག་རྐྱབ་སྟེ་ བསམ་ཡས་ག་ནི་ཡང་མེདཔ་བཟོ་ནིའི་ཉེན་ཁ་འདུག་བ་ དེ་འབད་ནི་དེ་གིས་ གུ་རུ་རིན་པོ་ཆེ་གིས་ གནས་སྐབས་བཏོན་ཏེ་ ཆོས་གནང་གསུངས་འབད་ཞིནམ་ལས་ ད་ཚུར་ཤོག་མི་བཏུབ་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གུ་རུ་རིན་པོ་ཆེ་གིས་ གནས་སྐབས་བཏོན་ཏེ་ ཁྱི་ཁ་ར་ཐོད་བཏོན་ཏེ་འཁྱིད་འོང་ནུག ལ་ལུ་ཅིག་གིས་འབད་བ་ཅིན་ ཁྱུང་གུ་སྤྲུལ་ཏེ་ འབག་འོང་ནུག་ཟེར་ཨིན་པས། དེ་འབདཝ་ད་ག་དེ་སྦེ་ཨིན་ན་ གཏན་གཏན་མི་ཤེས་པས་ དེ་སྦེ་སླབ་སྟེ་ ཁྱི་ཁ་ར་ཐོད་ཕར་ལས་བཏོན་ཏེ་ འཁྱིད་འོང་ནུག དེ་ལས་ ཕར་ལས་འཁྱིད་འོངམ་ད་ སྟང་ཉི་མ་ལུང་སྐྱིད་འཛོམས་ཟེར་ས་ལྷོདཔ་ད་ དེ་ནང་ཨིན་པས་ཨིན་རྒྱུ་ ཁྱུང་ནང་སྤྲུལ་ཏེ་ འབག་འོངམ་མས།
- བླམ་རྡོ་རྗེ་ Lam Dorjiཨ་ནཱི་ཤིང་གི་འཁོར་ལོ་ཁྱུང་བཟོ་སྟེ་ ཁྱུང་ནང་ན་མི་ག་ར་ཤོངམ་འབད་བཟོ་སྟེ་གུ་རུ་རིན་པོ་ཆེ་གིས་ ཕུར་བཏུབ་འབད་ བསམ་ཡས་ལུ་དམག་འབག་ནི་ཨིན་པས་ རབ་བྱུང་པ་ཅིན་ དེ་འབདཝ་ད་དམག་འབག་ནི་གི་འདི་མེད་པར་ ཡར་ལས་ཁྱུང་སྤྲུལ་ཏེ་འབག་ཞིནམ་ལས་ སྐྱིད་འཛོམས་ལུ་ལྷོདཔ་ད་ མར་ཆགས་ཏེ་ ད་རེས་ནངས་པར་སྟངས་སྐྱིད་འཛོམས་ནང་ བོད་ནང་གི་སོན་འདི་ཚུ་ཡོད་ཟེར་ཨིན་པས་བ།
- བླམ་རྡོ་རྗེ་ Lam Dorjiབྱཱོ་ལོ་ ཅཱ་རའི་ལོ་ དཀར་ནག་འདི་ཚུ་ འདི་ཚུ་བཏབ་པ་ཅིན་ ལེགས་ཤོམ་འོང་ཟེར་ཨིན་པས། འདི་ནང་བཏོན་བཞག་འབད་ཞིནམ་ལས་ རྒྱལཔོ་ཁྱི་ཁ་ར་ཐོད་ འདི་ནང་བཏོན་བཞག་འབད་ཞིནམ་ལས་ མེན་པས་ རྒྱལཔོ་ཁྱི་ཁ་ར་ཐོད་ཕར་ལས་ གུ་རུ་རིན་པོ་ཆེའི་ཕྱག་ཞུ་སྟེ་རང་འཁྱིད་འོང་ནུག་ནཱ་ལུ།
- བླམ་རྡོ་རྗེ་ Lam Dorjiམེན་པས་སྨ་རེད་ ཞུ་འཁྱིད་འོང་ཞིནམ་ལས་ རྒྱལཔོ་སིན་དྷ་རཱ་ཛ་དང་མཇལ་ཏེ་ ལྟོ་ཚང་བཟུང་སྦེ་ དེ་གི་ཤུལ་ལས་ སྐུ་རྗེས་བྱོན་ཏེ་ ཆོས་གནང་ནུག་གུ་རུ་རིན་པོ་ཆེ་གིས་ ཁྱི་ཁ་ར་ཐོད་ལུ་ཡང་གནང་ནུག སིན་དྷ་རཱ་ཛ་ལུ་ཡང་གནང་ནུག འདྲན་འདྲ་གནང་ནུག དེ་ལས་ སློབ་མ་འདྲན་འདྲ་ཡར་སོ་ནུག་ཁོང་གཉིས།
- བླམ་རྡོ་རྗེ་ Lam Dorjiདབྱེ་བ་མེདཔ་ཡར་སོ་ནུག་ཁོང་གཉིས་ ཆོས་གནང་སྟེ། དེ་ལས་ རྒྱལཔོ་ཁྱི་ཁ་ར་ཐོད་བྱ་ལི་མཁར་མཇུག་ལུ་ ཁོ་གི་བསྟན་པ་མར་བཟུང་ནུག་བ་ གསང་ཡུམ་མར་བྱ་དཀར་ཕར་ཚུ་ལས་འཚོལ་ཏེ་ མར་ལུས་ཏེ་ ད་ཁྱི་ཁ་ར་ཐོད་ཀྱི་མི་རྒྱུད་ཡོད་ཟེར་ སླབ་ནི་ཡོད་མར་ལུ་ མི་རྒྱུད་ཡང་ཡོད་ དེ་ལས་ ཁྱི་ཁ་ར་ཐོད་ཀྱི་གྲུབ་ཆུ་ཡང་ཡོད།
- བླམ་རྡོ་རྗེ་ Lam Dorjiཡོད་གྲུབ་ཆུ། ཆུ་ཨ་ནེམ་ཅིག་འབད་མི་ཅིག་བ་ར་ར་ཡོད་ གྲུབ་ཆུ་ཐང་གི་སྦུག་ལས་ཐོན་ཏེ་ཡོད་ འདི་ཚུ་ད་ལྟོའི་བར་ན་ཡང་ཡོད་ དེ་ལས་ ཁྱི་ཁ་ར་ཐོད་མཇུག་ལུ་ག་དེ་སྦེ་ཡར་སོང་ག་མ་ཤེས་ ལུས་ནི་འདི་མར་ལུ་རང་ལུས་སོ་ནུག་ ཁྱི་ཁ་ར་ཐོད། དེ་ལས་ སིན་དྷ་རཱ་ཛ་འདི་ གདུལ་བྱའི་ཆོས་རྫོགས་ཏེ།
- བླམ་རྡོ་རྗེ་ Lam Dorjiཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཆོས་གསུངས་མི་འདི་ཚུ་ག་ར་ ཟངས་མདོག་དཔལ་རི་ལུ་སྐྱེ་འོང་ ཟེར་གསུངས་ནུག་ མེ་ཏོག་པདྨའི་ཁ་ལས་སྐྱེ་ནི་ཨིན་ ཟེར་གསུངས་ཏེ་ དེ་ལས་ སིན་དྷ་རཱ་ཛ་འདི་ དགོངས་པ་གཤགས་ཟངས་མདོག་དཔལ་རི་བྱོན་ཏེ་ སྐྱེས་སྐྱེསཝ་མས་མེ་ཏོག་པདྨ་ལུ་ མེ་ཏོག་པདྨ་ལས་འཁྲུངས་ཏེ་ འཁྲུངས་བཞུགས་པའི་བར་ན་ར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ལྷ་ལྕམ་འབུམ་ལྡན་འདི་གིས་ ཨ་ཙི་རེ་ཐབ་ཐོབ་འགྱོ་དེས་ དེ་ལས་ ཨ་ནཱི་མཁའ་འགྲོ་མ་སྤུན་༤ འདུག་བ་ ཉི་ཟེར་ལྡན་གྱིས་གཅིག་ ཟླ་ཟེར་ལྡན་གྱིས་གཉིས། ཟུར་ལྡན་མ་གིས་གསུམ། འོད་ལྡན་མ་གིས་བཞི། མཁའ་འགྲོ་བཞི་འཁྱིད་དེ་ མནའ་སྦིས་བསྐོར་ཕུག་བྱོན་ནུག
- བླམ་རྡོ་རྗེ་ Lam Dorjiམནའ་སྦིས་བསྐོར་ཕུག་ལུ་ དེ་བསྒང་མར་གྱི་ལྷ་ཁང་རྡོ་ཙང་ཙ་ཡོད་དོ་མས་ རྡོ་ཙང་ཙ་ལྷ་ཁང་མེད་པར་ དེ་ལས་ ཁོང་བཞི་མར་བྱོན་ཞིནམ་ལས་ ལྷ་ཁང་བཞེངས་ནུག་སྦ་ བཞེངས་ནིའི་ཁ་བཟེད་དེ་ ཟུར་རེ་མཁའ་འགྲོ་རེ་ ཟུར་རེ་མཁའ་འགྲོ་རེ་ ཟུར་རེ་མཁའ་འགྲོ་རེ་ ཟུར་བཞི་ནང་མཁའ་འགྲོ་བཞི་སྦེ་ ལྷ་ཁང་བཞེངས་ནུག་སྦ་ ལྷ་ཁང་བཞེངས་ཏེ་ འགོ་བཙུགས་ཚརཝ་ད་ ག་དེ་སྦེ་རྩ་འགེངས་ཏེ་བཞེངས་རུང་ ལྷ་འདྲ་ཚུ་གིས་ བཞེངས་མ་བཅུག་པར་ ཁོང་ལུ་གནོད་པ་རྐྱབ་སྟེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཁོང་བཞིཔོ་གིས་ གུ་རུ་རིན་པོ་ཆེ་ལུ་ གསོལཝ་བཏབ་སྟེ་ ད་ནཱ་ལྷ་ཁང་བཞེངས་མ་བཅུག་ ད་གུ་རུ་རིན་པོ་ཆེ་ཁྱོད་ར་གིས་ ཐུགས་རྗེ་གཟིགས་དགོ་པས་ཟེར་ གསོལཝ་བཏབ་ད་ དེ་ལས་ གུ་རུ་རིན་པོ་ཆེ་གིས་ཐུགས་སྨོན་ཧེ་མ་ལས་གནང་བཞག་ནི་དེ་གིས་ དེ་ལས་ མི་མ་ཡིན་པའི་མི་འདི་ཚུ་གིས་ གཏེར་འཆམ་ཐོན་ནུག་གཏེར་འཆམ་འགོ་བཙུགས་ནུག་དེ་ལས།
- བླམ་རྡོ་རྗེ་ Lam Dorjiགཏེར་འཆམ་འགོ་བཙུགསཔ་ད་ བྱག་གི་རྐེད་པ་ལུ་ ཨ་ནཱི་སྦེ་ལྟ་བ་ཅིན་ཧོག་ཀ་ཨིན་ བྱག་གི་རྐེད་པ་ལས་ མི་སྒྱེན་མོ་ཐོན་འོངམ་ད་ ག་ར་མི་སྒྱེན་མོ་ གཏེར་འཆམ་མ་འདྲཝ་ མར་གྱི་ཅ་ལ་ཚུ་ཡང་ སྦོམ་ཆུང་ཀུ་དམརཔོ་དཀརཔོ་སེརཔོ་ཧོནམ་ཚུ་མ་འདྲཝ་ཐོན་ཐོནམ་འོང་ནི་མས་ཏེ་ དེ་སྦེ་ཐོན་འོངམ་ད་ མར་ཐང་ནང་དེ་སྦེ་ཐོན་འོངམ་ད་ ག་ར་ཡིད་ཆེས་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་བཟུམ་མའི་མི་སྒྱེན་མོ་ཟེར་ ལ་ལུ་ཅིག་རྒོད་བྲ་སྟེ་ ལ་ལུ་ཅིག་རྒོད་བྲ་ ལ་ལུ་ཅིག་ཡིད་ཆེས་ འདི་བཟུམ་ལེ་ཤ་ཐོན་འོངམ་ད་ ཨང་རྒས་རྒན་ཤོས་ཚུ་ཡང་ ལྟོདམོ་ལྟ་བར་ཐོན་ སྣང་སྲིད་ལྷ་འདྲ་ཚུ་ཡང་ ལྟོདམོ་ལྟ་ དེ་གི་བར་ན་སྟེང་ལྷ་ཡང་འཚོགས་ཅི་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiལྷ་འདི་ཚུ་ཡང་ ལྟོདམོ་ལྟ་བ་བྱོན་ ལ་ལུ་ཅིག་ཧ་ཧ་འབད་ ལ་ལུ་ཅིག་ཧུ་ཧུ་འབད་ ལ་ལུ་ཅིག་ཧི་ཧི་ཧི་འབད་ དེ་ལས་ མར་ལུ་རྒོད་བྲ་སྡོདཔ་ད་ དེ་ལས་ ལྷ་འདྲེ་ཚུ་མར་ཡེངས་སྡོད་པའི་བར་ན་ མཁའ་འགྲོ་ཚུ་གིས་ ལྷ་ཁང་གི་ཐིག་རྐྱབ་ཚར་ནུག་ཏེ།
- བླམ་རྡོ་རྗེ་ Lam Dorjiལྷ་ཁང་ཐིག་བཀལ་ཚརཝ་ད་ དེ་ལས་ ཁོང་ཆ་ཁྱབ་ཀྱིས་ གནོད་པ་བཀལ་མ་ཚུགས་པས་ཏེ་ དེ་གི་ཤུལ་ལས་ ལྷ་ཁང་བཞེངས་ནུག་ ལྷ་བཞེངས་འབད་ མ་གཞི་ལྷ་ཁང་ཆུང་ཅིག་རང་ཨིན་ཨིན་རྒྱུ་འདི་ ལྷ་བཞེངས་ཚུགས་ཏེ་ ཁོང་གིས་་གནོད་པ་བཀལ་མ་ཚུགས་པས་ ལྷ་ཁང་བཞེངས་ཚར་ཞིནམ་ལས་ དེ་ལས་ ཨ་རྒས་ ཨང་རྒས་ བུཚ་ བུམོ་འདི་ཚུ་ག་ར་ཡིད་རངས་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས ཡིད་རངསམ་ད་ ཨང་རྒས་སྦོམ་འདི་ཚུ་ཡང་ བག་སེམས་འཇོམས་མས་ཟེར་ཨིན་པས་ ཧེ་མའི་བག་ཆགས་འཇོམས་དོ་མས་ ཨང་རྒས་རྒན་ཤོས་ཚུ་ཡང་ ལག་ཆས་སྦོམ་མཐོང་ནི་དེ་གིས་བག་ཆགས་འཇོམས་ བུམོ་གཞོནམོ་ཚུ་ཡང་བག་ཆགས་འཇོམས་ འཇོམས་ད་ལུ་ནད་རིགས་འདི་ཚུ་ཡང་འཇོམས་འགྱོ་སྟེ་ ལོ་ལེགས་ དེ་གིས་སྦེ་ གཏེར་འཆམ་ཟེར་འགོ་བཙུགས་དགོ་པའི་དོན་དག་འ་ནཱི་ཨིན་ གཏེར་འཆམ་ཐོན་དགོ་པའི་ཁུངས་འདི་ཨིན།
- བླམ་རྡོ་རྗེ་ Lam Dorjiགཏེར་འཆམ་ཐོན་དགོ་པའི་ འ་ནཱི་གཏེར་འཆམ་རྩ་ཆེ་ཤོས་ཨིན་པས་ཟེར་བཞག་ཡོདཔ་ཨིན་པས་ གཏེར་འཆམ་དེ་སྦེ་འགོ་བཙུགས་བཞག་ནུག་ དེ་ལས་ ལྷ་ཁང་བཞེངས་ཚར་ནུག་ དེ་ལས་ ལྷ་ཁང་བཞེངས་ཞིནམ་ལས་ རྡོ་རིང་ལྷ་ཁང་གི་ སྒོ་ཁར་ལས་ཨ་ནི་སྦེ་ལྷོང་སྟེ་ཡོད་བཞེངས་ཏེ་ རྡོ་རིང་འདུག་ རྡོ་རིང་འདི་གི་ར་ཏོ་ག་ཏེ་ཡོད་ག་ཟེར་བརྐོཝ་ད་ བདའ་མ་འཛིན་པས་མགྱོགས་པ་མགྱོགས་པར་ རྟིང་ལས་ར་ཏོ་ཁར་ལྷོདཔ་ད་ རྡོ་ལེབ་ཀྱི་སྦུག་ལས་ཡར་ཨིན་པས་ལོ།
- བླམ་རྡོ་རྗེ་ Lam Dorjiརྡོ་ལེབ་ཀྱི་སྦུག་ལས་ བཙུགས་བཙུགསཔ་ཨིན་ཟེར་ཨིན་པས་ དེ་འབདཝ་ད་ བཙུགས་པའི་ཤུལ་ཡང་མི་མཐོང་པས་ལོ་ རྡོ་རིང་སྐྱེས་སྐྱེསཝ་བཟུམ་ཅིག་འདུག་ལོ་ བཙུགས་བཙུགསཔ་ཨིན་ཟེར་ཐོན་མས་ཐོན་འདི་ དེ་འབདཝ་ད་རྡོ་ལེབ་ཨིན་པས་ཏེ་ མཐའམ་ག་ར་རྡོ་ལེབ་སྦུག་ན་ལས་ཨིན་པས་ར་ཏོ་ དེ་ཨ་ཙི་ཅིག་བདའ་མི་འཛིན་མས་ དུམ་གྲ་ཅིག་མར་གུག་དགོ་པས་ཟེརཝ་ད་ ཨ་ནི་སྦེ་བཀུག་སྟེ་ ཐོག་མི་ཐོག་ ༣ དེ་ཅིག་འདུག་ ད་མི་ཐོག་ ༡ གུ་ལྷོད་དེ་ཡོད་ མི་ཐོག་ ༡ གུ་ལྷོད་དེ་ཡོད།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་མཇལ་ནི་ཡོད་ དེ་ལས་ རྒྱལ་ཆེན་བཞི་ལྷ་ཁང་གི་ཟུར་ཁར་ ལྷ་ཁང་ཚརཝ་ཅིག་ རྒྱལ་ཆེན་བཞི་ ཤར་ཕྱོགས་རྒྱལ་པོ་ ལྷོ་ཕྱོགས་རྒྱལ་པོ་ ནུབ་ཕྱོགས་རྒྱལ་པོ་ བྱང་བྱོགས་རྒྱལ་པོ་ མཁའ་འགྲོ་རེ་གིས་ རེ་རེ་བཞེངས་ནུག་ རང་རང་སོ་སོའི་ ཤར་ཕྱོགས་རྒྱལ་པོ་ཅིག་གིས་བཞེངས་ ལྷོ་ཕྱོགས་རྒྱལ་པོ་ཅིག་གིས་བཞེངས་ ནུབ་ཕྱོགས་རྒྱལ་པོ་ཅིག་གིས་བཞེངས་ མཁའ་འགྲོ་བཞི་གིས་རྒྱལ་ཆེན་བཞི་བཞེངས་ དེ་འབདཝ་ད་ ཕྱི་ཁར་ཨིན་ཕྱི་ཁར་ ཤུལ་ལས་ ལྷ་ཁང་ཉམས་གསོ་ཞུཝ་ད་ ནང་ན་ཚུད་ཡར་སོང་ཡོད་ ཕྱི་ཁར་ལས་རྐྱབ་འོངམ་ད་ ལྷ་ཁང་གི་ནང་ན་ཚུད་དེ་ཡོད།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ཨིན་ལགས། འདི་ཚུ་བཞེས་ཚར་ དེ་ལས་ རྒྱལཔོ་སིན་དྷ་རཱ་ཛ་དགོངས་པ་རྫོགས་ རྫོགས་ཚརཝ་ཅིག་ དེ་ལས་ ལྷ་ལྕམ་འབུམ་ལྡན་ནམ་མེ་འབར་བཀྲ་ཤིས་ཁྱེའུ་འདྲེན་མོ་དགུང་ལོ་ ༢༠༠ ལྷགཔ་ཅིག་བཞུགས་ནུག་ ལོ་ཁལ་༡༠ དང་བསྡོམས་པ་༡༠ བཞུགས་ནུག སྐུ་ཚེ་རིང་སྟེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བྲག་ཤེལ་དཀར་བྲག་ཟེར་ སྐུ་རྗེས་ཤེལ་དཀར་བྲག་ཟེར་ཡོད་བ་ ཡར་སྐུ་རྗེས་བྱོན་ཏེ་བཞུགསཔ་ད་ ཉམས་ལེན་ནང་བཞུགསཔ་ད་ ཉམས་ལེན་ནང་ གནམ་ལས་འཕུར་ ས་ནང་འཛུལ་ཏེ་བྱོན་སོང་ཡི་ ཟེར་ཨིན་པས་མཁའ་འགྲོ་ གནམ་མེད་ས་མེད་གྲུབ་རྟགས་ཐོན་སྦེ་བྱོན་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ག་ཏེ་ལུ་ཡང་བཞུགས་ནུག་ བཞུག་ནི་འདི། དེ་སྦེ་གྲུབ་རྟགས་ཐོན་ཏེ་བཞུགསཔ་ད་ དེ་ལས་ མཁའ་འགྲོ་དགོངས་པ་རྫོགས་ནི་རནམ་ད་རྐྱངམ་ཅིག་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་མཇལ་ཏེ་ ཡེ་ཤེས་མཚོ་རྒྱལ་དགུང་ལོ་ཆུང་ཀུ་གི་ཐོག་ལུ་མཇལ་ཏེ་ ཡེ་ཤེས་མཚོ་རྒྱལ་གྱི་སྐུ་མདུན་ལུ་ཕེབས་ད་ སྐུ་གཟུགས་འདི་མེ་ཏོག་ལུ་གྱུར་ཏེ་ཡལ་སོ་ཡི་ ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiཡེ་ཤེས་མཚོ་རྒྱལ་གྱི་སྐུ་མདུན་ལུ་ལྷོདཔ་ད་ མེ་ཏོག་ལུ་གྱུར་ཏེ་ ཡ་མེ་ཏོག་ལུ་གྱུར་སོ་ཡི་ཟེར་ ཕྱག་གིས་དེ་སྦེ་བཟུངམ་ཅིག་ མེ་ཏོག་འདི་ནུ་མ་གཡས་པའི་ནང་ཐིམ་སོ་ཡི་ ཟེར་ཨིན་པས། ནུ་མ་གཡས་པ་ནང་ཐིམ་ད་ ཕྱི་ཁར་ཡེ་ཤེས་མཚོ་རྒྱལ་ ནང་ན་མེ་འབར་བཀྲ་ཤིས་ཁྱེའུ་འདྲེན་འབད་ཐིམ་སོ་ཡི་ ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ མཁའ་འགྲོ་མེདཔ་ཨིན། མཁའ་འགྲོ་དགོངས་པ་རྫོགས་ཚརཝ་ཅིག་ དེ་ལས་ བོད་ལས་ བོད་བདུད་གླང་དར་མ་དམག་འཁྱིད་དེ་ དེ་ལས་ལྕགས་མཁར་རྒྱལ་པོའི་ཕོ་བྲང་བརྡལ་བཏང་སྟེ་ ཕོ་བྲང་རྩ་བ་ལས་རང་བརྡལ་ ལྕགས་ཀྱི་ཟིར་མ་རང་མེད་པ་ ཧོག་ཀ་འདི་ཚུ་ཡོད་ ཧོག་ཀ་དང་ཕུ་ལྕགས་ཀྱི་ལྕགས་རི་འདི་ཚུ་སྡོད་ནུག འདི་ཚུ་ག་ར་བརླག་བཏང་སྟེ་ གླང་དར་དང་གུ་རུ་གཉིས་སོ་སོ་ཨིན་པས་བ་དང་ཕུ།
- བླམ་རྡོ་རྗེ་ Lam Dorjiའོང་སྨོན་ལམ་དེ་སྦེ་བཏབ་ནི་དེ་གིས་ གླང་དར་མ་བདུད་ཀྱི་ཁས་བླངས་འབད་དེ་ དེ་ལས་འདི་ཚུ་བརླགས་ ལྕགས་ཀྱི་ཟིར་པ་རང་མེད་པར་བརླགས་བཏང་ཡི་ ཟེར་ཨིན་པས་བ། དེ་ལས་ ནོར་བུའི་རིགས་ཡོདཔ་མས་ ནོར་བུའི་རིགས་ གཡུ་བྱུ་རུ་མུ་སྟེགས་མུ་མེན་གི་ནོར་བུའི་རིགས་འདི་ཚུ་ག་ར་ བོད་ལུ་འབག་སྟེ་འདི་གིས་ བོད་ལུ་འབག་སྟེ་བརླགས་བཏང་ དེ་ལས་ ལྕགས་མཁར་རྒྱལ་པོའི་ཕོ་བྲང་མེད་པར་ ལོ་༣༠༠ ལྷག་ནུག་ དུས་རབས་༣༠༠ ལྷག་སོ་ཡི་ མེད།
- བླམ་རྡོ་རྗེ་ Lam Dorjiཤིང་སྦོམ་སྐྱེས་ཏེ་ ཁྱིམ་རྩ་ལས་མེདཔ་ཡར་སོ་ནུག ཡལ་རང་ཡལ་སོང་ནུག་ཚར་གཅིག་ དེ་གི་སྐབས་ལུ་ ལྕགས་མཁར་བརླག་ནིའི་དུས་ཚོད་ལུ་ ནཱ་ལྕགས་མཁར་གྱི་མི་རྒྱུད་འདི་ཚུ་ ཏེ་བྱམས་པ་ལྷ་ཁང་དང་ སྐུ་རྗེས་ལུ་ ལྷ་ཁང་བདག་འཛིན་འབད་དེ་སྡོད་ནུག
- བླམ་རྡོ་རྗེ་ Lam Dorjiསྐུ་གཉེར་དང་སྦྲགས་ཏེ་ སྐུ་གཉེར་ཡང་ཁོང་ར་གིས་འབད་ ལྷ་ཁང་ཡང་ཁོང་ར་གི་འབད་དེ་ བྱམས་པ་ལྷ་ཁང་དང་ སྐུ་རྗེས་བདག་འཛིན་འབད་དེ་ ཧ་ལམ་ཅིག་སྡོད་ནུག ང་བཅས་ནཱ་གི་མི་ཚུ་གིས་ ལོ་ཧ་ལམ་འབད་ནུག དེ་ལས་ དུས་རབས་༡༣ པའི་ནང་ ཡར་བྱམས་པ་ལྷ་ཁང་ལུ་ གུ་རུ་གིས་གཏེར་ལུ་སྦས་བཞག་མི་འདི་ གཏེར་སྟོན་རྡོ་རྗེ་གླིང་པ་བྱོན་ཏེ་ ཕྲང་ཕྲང་ནུབ་སྡེ་མ་ཤོང་ལས་འབད་ཨོ་རྒྱན་སྦས་ཡུལ་དུ་ བྱམས་པ་ལྷ་ཁང་ལས་གཏེར་བཞེས་ནུག
- བླམ་རྡོ་རྗེ་ Lam Dorjiགཏེར་བཞེས་ཏེ་ གཏེར་ཁ་བཞེས་ཏེ་ དཔེ་ཆ་འདི་ཁ་ཕྱེ་བལྟཝ་ད་ བྱམས་པ་ལྷ་ཁང་ལས་ ཤར་གྱི་ཕྱོགས་སུ་རྒྱལ་པོ་སིན་དྷ་རཱ་ཛ་གི་ཕོ་བྲང་གི་རྗེས་ཤུལ་ཡོད་ དེ་ཁར་ལྷ་ཁང་གཅིག་བཞེངས་ད་ ཟེར་ཐོན་ཡོདཔ་ཨིན་པས་ ཁྱོད་ཀྱིས་བཞེངས་ད་ཟེར་ དེ་ལས་ ཤར་གྱི་ཕྱོགས་སུ་ཉི་ཟླ་རང་བྱོན་ཡོད། ལྷོའི་ཕྱོགས་སུ་བུམ་པ་རང་བྱོན་ཡོད། ནུབ་ཀྱི་ཕྱོགས་སུ་ཧཱུཾ་རང་བྱོན་ཡོད། བྱང་གི་ཕྱོགས་སུ་བཙུན་མོའི་ཕོ་བྲང་ཡོད་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ཡོད་ཟེར་ རྒྱབ་རི་བོ་ཕྱོགས་དང་མཉམ་པ་ཟེར་ དམན་མོ་བདེ་མཆོག་གི་[རྩེ་དུ་?]ཡོད་ཟེར་ ད་སྦེ་འདུག་ཟེར་ དེ་ཁར་ཡོད་ དེ་ཁར་ལྷ་ཁང་བཞེངས་ད་ཟེར་ མ་འོངས་པའི་ནང་ལྷ་ཁང་བཞེངས་པ་ཅིན་ ལེགས་ཤོམ་ཡོད་ ལུང་བསྟན་ཡོད་ ཟེར་ཐོནམ་ད་ལུ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གཏེར་སྟོན་རྡོ་རྗེ་གླིང་པ་ ཡར་ལས་བྱོན་ཏེ་ ནཱ་ལྷོད་པའི་སྐབས་ བལྟཝ་ད་ཚལ་མ་ཨིན་པས་ཏེ་ ཚར་ཅིག་ག་ནི་ཡང་མེད་པར་ དེ་ལས་ གཟིགསཔ་ད་ སྤང་ཉི་ཟླ་ཅིག་འདུག་ཟེར་ ལྷོའི་ཕྱོགས་སུ་བུམ་པ་རང་བྱོན་ཅིག་འདུག་ཟེར་ ནུབ་ཀྱི་ཕྱོགས་སུ་ཧཱུཾ་རང་བྱོན་ཅིག་འདུག་ ཨ་ཕར་ཧོག་ཀ་ཅིག་ཡོད་ ཧཱུཾ་རང་བྱོན་ཅིག་ཡོད་ཟེར་ བྱང་གི་ཕྱོགས་སུ་བཙུན་མོའི་ཕོ་བྲང་ཡོད་ཟེར་ འ་ནཱི་གི་སྦུག་ན་ལུ་ སིན་དྷ་རཱ་ཛ་གི་ཕོ་བྲང་ཡོད་ཟེར་ཐོན་ནུག་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ནཱ་ལུ་གཏེར་སྟོན་རྡོ་རྗེ་གླིང་པ་གིས་ ལྷ་ཁང་བཞེངས་ནུག བྱམས་པ་ལྷ་ཁང་སྡོད་མི་མི་ཡང་འབོ་ སྐུ་རྗེས་སྡོད་མི་མི་ཡང་འབོ་སྦེ་ ལྷ་ཁང་བཞེངས་ཏེ་ རབ་རུབ་བཏང་ལྷ་ཁང་བཞེངས་ དེ་ལས་ རྡོ་རྗེ་གླིང་པ་གིས་ བོད་ལུ་བྱོན་ཏེ་ བྱག་ཡངས་རྫོང་དང་ རྣམ་ཐོས་བྲག་ལས་གཏེར་ཁ་བཞེས་ སྐུ་ཚུ་བཞེས་ གཏེར་བཞེས་ འདི་ཚུ་ནཱ་འབག་འོང་སྟེ་བཙུགས།
- བླམ་རྡོ་རྗེ་ Lam Dorjiབུམ་ཐང་ཕྱོགས་ལུ་ [མཚོ་ཨུབ་ལ་ཐིང་?]ལས་སངས་རྒྱས་བསྟན་པ་འདི་ཚུ་བཞེས་ འདི་ཡང་ནཱ་འབག་བཙུགས་ དེ་ལས་ མར་རྒྱལཔོ་སིན་དྷ་རཱ་ཛ་གི་བླ་མཚོ་ལས་གཏེར་ཁ་བཞེས་ཏེ་ འདི་ཚུ་ཡང་འདི་ནང་འབག་བཙུགས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ མི་རྒྱུད་འདི་ཚུ་འབད་སར་ཞབས་རྗེས་ཡོད་དོ་མས་ གུ་རུའི་ཞབས་རྗེས་དང་ མཁའ་འགྲོའི་ཞབས་རྗེས་དེ་ཚུ་ཡང་ལེན་ ནཱ་བཙུགས་དེ་ཡང་གཅིག་ཁར་བཞག་ ལྕགས་མཁར་སྟེང་གི་ལུང་ལས་ཐོབ་ཟེར་ཡོད་བ་ ཐོབ་ཞིནམ་ལས་ འདི་བཙུགས་པའི་ཤུལ་ལུ་ དེ་ལས།
- བླམ་རྡོ་རྗེ་ Lam Dorjiརྡོ་རྗེ་གླིང་པ་གིས་ བྱམས་པ་ལྷ་ཁང་ཉམས་གསོ་ཞུ་སྟེ་ད་རུང་ ཉམས་གསོ་ཞུ་ནུག དང་ཕུ་མེདཔ་འགྱོ་མི་ཚུ་ཉམས་གསོ་ཞུ་ ཉམས་གསོ་ཞུ་སྟེ་ དེ་ལས་ [སྣང་སྲིད་སྲིབ་གནོན་?] སྣང་སྲིད་ལྷ་འདྲེ་འདི་ཚུ་ བདུད་ངན་༣༠ འདུག བུམ་ཐང་ཕྱོགས་ལུ་གནང་ནི་གི་ བདུད་ངན་༣༠ གི་བཟློག་ཐབས་འདི་ རྡོ་རྗེ་གླིང་པ་གིས་མཛད་དེ་ དེ་ལས།
- བླམ་རྡོ་རྗེ་ Lam Dorjiསྲིན་པོ་མ་འདྲཝ་སྲིན་པོ་བེན་པོ་དམ་སྲི་འདི་ཚུ་ཡོད་དོ་མས་ སྲིན་པོ་འདི་ཚུ་ག་ར་བཀུག་སྟེ་ བྱམས་པ་ལྷ་ཁང་གི་ སྐྱེས་པའི་འོག་ཐོག་དམ་བཏགས་ནུག་ སྲི་གནོན་རྐྱབ་སྟེ་ རྡོ་རྗེ་གླིང་པ་གིས་ སྲི་གནོན་རྐྱབ་སྟེ་ སྐྱེས་པའི་གདོན་འཕྲོས་ཡང་ཡོད་ སྐྱེས་པའི་གདོན་ཕྲོས་ཀྱི་འོག་ལུ་རང་ ས་འ་ནེམ་ཅིག་དོང་རྐོ་སྟེ་ སྲིབ་གནོན་རྐྱབ་སྟེ།
- བླམ་རྡོ་རྗེ་ Lam Dorjiཡར་ལོང་ནི་མེདཔ་སྦེ་ སྲི་གནོན་རྐྱབ་སྟེ་ཡོད་ ད་ལྟོའི་བར་ན་ཡང་ཡོད་ ད་མི་མཐོང་ ཕྱི་ཁ་འབད་ནི་དེ་གིས་ ང་བཅས་ཧེ་མ་ ང་བཅས་མཐོང་མཐོངམ་ཨིན་ སྲི་གནོན་རྐྱབ་སྟེ་ཡོད་ དེ་ལས་ བྱམས་པ་ལྷ་ཁང་གི་སྒྲུབ་དེ་ལས་ཚུར་བརྩིས་ནུག ཉམས་གསོ་ཞུ་ཚར་ཞིནམ་ལས་ རབ་གནས་གནང་ནུག་བ།
- བླམ་རྡོ་རྗེ་ Lam Dorjiརབ་གནས་ཟེར་ འདི་དང་འབྲེལ་སྒྲུབ་ཆེན་བཙུགས་ནུག སྒྲུབ་ཆེན་བཙུགསཔ་ད་ བྱམས་པ་ལྷ་ཁང་སྒྲུབ་ཟེར་ དར་ཁྱབ་འགྱོ་མི་དེ་ འདི་ལས་བརྟེན་ཏེ་ བྱམས་པ་ལྷ་ཁང་གི་སྒྲུབ་བྱུང་ཁུངས་འདི་ལས་བརྟེན་ཏེ་ཨིན་པས་ དེ་སྦེ་བྱུང་བྱུངམ་ཨིན་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བྱམས་པ་ལྷ་ཁང་གི་སྒྲུབ་བཙུགས་ཏེ་ ད་དུས་རབས་ག་དེམ་ཅིག་ལུ་ བཙུགས་ནུག་ག་ཟེར་བ་ཅིན་ དུས་རབས་༡༣ པའི་ནང་ལས་ འགོ་བཙུགས་ཏེ་ ད་དུས་རབས་འ་ནེམ་ཅིག་འགྱོ་དོ་ ད་ལྟོ་ཚུན་གྱི་རིང་ ཕ་རྒྱུད་བུ་གིས་འཛིན་ཏེ་ ད་ལྟོ་ཚུན་གྱི་བར་ན་ རྩ་ལས་རང་ལུས་མ་བཅུག
- བླམ་རྡོ་རྗེ་ Lam Dorjiབྱམས་པ་ལྷ་ཁང་སྒྲུབ་ ལུས་མ་བཅུག་པར་ ང་བཅས་ཀྱིས་ ལུས་དོ་ལུས་དོ་ཟེརཝ་ད་ར་ དཀོན་མཆོག་ལུ་གསོལཝ་བཏབ་སྟེ་ བྱམས་པ་ལྷ་ཁང་གི་སྒྲུབ་ལུས་མ་བཅུག་པར་ཡར་སྟེགས་ཏེ་ ད་རྒྱལ་ཁབ་ཡར་རྒྱས་འགྱོཝ་ད་ དེ་གིས་འབད་ ང་བཅས་ཡང་རྩ་རང་འགེངས་ཏེ་སྡོད་པའི་བར་ན་ ང་རའི་ངོ་བོ་བསྒང་ན་རང་ གནམ་མེད་ས་མེད་ད་ ཡར་རྒྱས་སོང་ཡི་ སོང་ནི་འདི་སོང་ཡི་ སོང་རུང་ དུམ་གྲ་རེ་ལམ་ལུགས་སྲོལ་འདི་ཚུ་ དུས་དང་ཕུ་གི་ལམ་ལུགས་སྲོལ་འདི་ཚུ་ ཨ་ཙི་རེ་ཉམས་འགྱོ་དོ་བ།
- བླམ་རྡོ་རྗེ་ Lam Dorjiཉམས་འགྱོ་དོ་ དེ་སྦེ་མ་འབད་ཨ་ལོ་འདི་ཚུ་ ད་ང་བཅས་དང་ཕུ་གི་ལུགས་སྲོལ་ དེ་འབད་མི་བཏུབ་ གཞན་དང་གཞན་ག་ཅི་ར་ཨིན་རུང་ སྒྲུབ་ཀྱི་ལམ་ལུགས་སྲོལ་འདི་ལུ་ལྷོདཔ་ད་ སྔར་སྲོལ་བཟང་པོའི་སྒྲུབ་ཆེན་ཅིག་ཨིན་པས་ མི་བཏུབ་ཟེར་ ད།
- བླམ་རྡོ་རྗེ་ Lam Dorjiཁྱོད་ཚུ་གིས་རྩ་འགེངས་ཤིག་ཟེར་ ག་དེ་སྦེ་ སྔར་གྱི་ཕམ་འདི་ཚུ་ ང་བཅས་ཀྱི་ངོ་བོ་བསྒང་གི་ཕམ་འདི་ཚུ་གིས་ ཁོང་ཆ་ཁྱབ་གནམ་མེད་ས་མེད་སྤྲོ་བ་ཡོད་ ཟེར་སླབ་ནི་ཡོད་ ག་ཅི་རང་འབད་རུང་ ལམ་ལུགས་སྲོལ་འདི་ཚུ་ ལེགས་ཤོམ་སྦེ་འབད་ནི་ཡོད།
- བླམ་རྡོ་རྗེ་ Lam Dorjiད་རེས་ནངས་པའི་ཨ་ལོ་ཚུ་གིས་ ལམ་ལུགས་སྲོལ་གུ་འབད་མི་བཏུབ་ལཱ་ མི་ཡང་འགྱུར་འགྱོ་སྟེ་ ལམ་ལུགས་སྲོལ་ཚུ་གསོ་སྐྱོང་འབད་མ་ཚུགས་པར་ ད་མང་ཤོས་རང་ ཆད་ལུས་དོ་ད།
- བླམ་རྡོ་རྗེ་ Lam Dorjiཆད་ལུས་རུང་ ཕྱེད་ཏ་ཀོ་ཏ་རེ་ཐོན་མས་ཐོན་ནི་འདི་ ཨིན་རུང་ ལམ་ལུགས་སྲོལ་ངོ་མ་འདི་ཚུ་ དྲོ་པའི་ཚེ་བཀུག་ཟེར་བཙུགས་ནི་ཡོད་ ཚེ་གི་གདངས་ ཕྱི་རུ་གི་བསྐོར་བ་གི་བསྐོར་གདངས་ ཚིག་འདི་ཚུ་བླམ་སློབ་དཔོན་ཆོ་ག་བྱིན་བརླབས་ཁྲི་སྟེང་ཟེར་འདི་ཚུའི་གདངས་ བླམ་དཀོན་མཆོག་འདི་ཚུ་ག་ར་ ཁྲི་སྟེགས་གུ་བཀལ་ དེ་ལས་མ་གཏོགས་ཆོ་གུ་འགོ་བཙུགས་ནི་མེད་ཏེ།
- བླམ་རྡོ་རྗེ་ Lam Dorjiཞུ་སྟེ་ དེ་ལས་ དཀོན་མཆོག་འདི་ཚུ་ག་ར་གདན་དྲངས་དགོ་ བླ་མ་ཡི་དམ་མཁའ་འགྲོ་ དཔའ་བོ་ཆོས་སྐྱོང་སྲུང་མ་འདི་ཚུ་ག་ར་ སྤྱན་དྲངས་ཏེ་ ཁྲི་ཐོག་ཞུ་ཞིནམ་ལས་ དེ་ལས་རྐྱངམ་ཅིག་ཆོ་གུ་འགོ་བཙུགས་ཏེ་ དེ་སྦེ་གནང་དགོ་ཟེར དང་ཕུ་དེ་སྦེ་ཨིན།
- བླམ་རྡོ་རྗེ་ Lam Dorjiད་དེ་བཟུམ་མའི་ལམ་ལུགས་འདི་ཚུ་ ཆད་ལུས་དོ་ ད་ཞུ་བ་ཅིན་ དུས་དང་འཁྲིལ་ཏེ་ཨིན་ན་ ད་མ་པ་ལས་རང་ མི་རྣམས་སྤྱོད་ལམ་འགྱུར་ཏེ་རང་འགྱོཝ་ཨིན་ན་ འདི་ཚུ་ང་གིས་ཡང་ཁུངས་བཀལ་མི་ཚུགས་པས་ ངེའི་ངོ་བོ་བསྒང་ན་རང་ ཧེ་མ་འདི་བཏུབ་ཅི་ ད་ང་མ་ཤི་བའི་ནང་འཁོད་ནང་ར་ འདི་ཚུ་ཡལ་དོ།
- བླམ་རྡོ་རྗེ་ Lam Dorjiད་ཡལ་འགྱོ་དོ་ཟེར་ ཡལ་ཏེ་འགྱོཝ་ད་ དུམ་གྲ་རེ་རོགས་གཞུང་གི་ཁ་ཐུག་ལས་འབད་རུང་ ག་ཏེ་ལས་འབད་རུང་ སྔར་གྱི་ལམ་ལུགས་སྲོལ་འདི་ ཉམས་མ་བཅུག་ཟེར་ ལམ་སྲོལ་ཨ་རྟག་ཧ་ལུགས་འབད་དེ་ དང་ཕུ་གི་ལུགས་སྲོལ་ཆད་པ་ཅིན་མི་བཏུབ་ཟེར།
- བླམ་རྡོ་རྗེ་ Lam Dorjiདང་ཕུ་ག་དེ་སྦེ་འབད་དོ་ག་ ག་དེ་སྦེ་འབདཝ་ཨིན་ན་ བོན་པོ་ཨིན་པ་ཅིན་ བོན་པོའི་ལུགས་སྲོལ་རང་འབད་དགོ་པས་ རང་བླམ་ཆོསཔ་གསང་སྔགས་ཟབ་མོའི་ཆོས་འདི་ལུ་ རང་ག་ཅི་ཨིན་རུང་ ཚར་གཅིག་འགོ་བཙུགས་ཚར་བ་ཅིན་ འབད་རང་འབད་དགོ་ཟེར་ ཨིན་ཡང་ཨིན་པས་ རང་གི་ལུང་པ་རེ་ལུ་ སྲོལ་རེ་འདུག་ ལུང་རེ་ལུ་ ལམ་སྲོལ་རེ་འདུག་སྨོ་ལགས།
- བླམ་རྡོ་རྗེ་ Lam Dorjiའདི་ཚུ་ང་བཅས་ཀྱིས་འབད་དགོ་པས་ཟེར་ཨིན་ དེ་འབདཝ་ད་ ང་བཅས་དུམ་གྲ་རེ་རོགས་ཀྱིས་ སྦྱིན་བདག་འདི་ཚུ་གིས་ དུམ་གྲ་རེ་དེམ་འབདཝ་ད་ སེམས་ཤིཝ་མས་ཤི་ནི་འདི་ ཤི་རུང་ག་དེ་སྦེ་འབད་ནི་ རང་འདིནི་རྒན་ཤོས་འདི་བཟུམ་ཡར་སོ་ཡི་ཟེར་ དུམ་གྲ་ཅིག་ཐབས་མིན་འདུག
- བླམ་རྡོ་རྗེ་ Lam Dorjiདབའེ་ལྷབ་པ་ཅིན་དྲག་མས་ ལྷབ་དྲགས་ང་བཅས་འགྱོཝ་ད་ འབག་འགྱོ་དོ་མས་ཟེར་ཡང་སླབ་ཅི་ འབག་འགྱོཝ་ཨིན་ང་བཅས་ཀྱིས་ཟེར་ ཁྱོད་ཆ་ཁྱབ་ལུ་ ཤུལ་མི་ལུས་པས་ ང་བཅས་འགྱོཝ་ད་འབག་འགྱོ་ ཁྱེད་ཀྱིས་ ཤུལ་ལས་བུ་གཞི་ལུ་རྩིས་ག་ཅི་སྤྲོད་ནི་ ཟེར་སླབ་དོ།
- བླམ་རྡོ་རྗེ་ Lam Dorjiང་བཅས་ཀྱིས་ ད་ལྟོ་ཁྱེད་ལུ་རྩིས་སྤྲོད་དོ་ ཤུལ་ལས་ཁྱེད་ཀྱིས་ག་ཅི་རྩིས་སྤྲོད་ནི་ཟེར་ རྩིས་སྤྲོད་དགོཔ་འོང་མེན་ན་ཟེར་ སྤྲོད་ནི་མིན་འདུག་མེན་ན་ ག་དེ་སྦེ་འབད་ནི་ཟེར་ ལ་ལུ་ཅིག་གིས་ དཀའ་སྡོདཔ་མས་ ལ་ལུ་ཅིག་གིས་ ཉན་ཡང་མི་ཉན་པས་ ལ་ལུ་ཅིག་གིས་ ག་དེ་འབད་ནི་དེ་སྦེ་སྡོདཔ་མས་ དེ་འབད་རུང་ ཨ་ཙི་རེ་འདི་ལུསཔ་མས་ལུས་ནི་འདི་ ལམ་ལུགས་སྲོལ་འདི།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བྱམས་པ་ལྷ་ཁང་གི་སྒྲུབ་ཀྱི་སྐོར་ལས་འ་ནེམ་ཅིག་ཨིན་ལགས་མ་པ་ཞུ་ནི་འདི་ དེ་ལས་ གཏེར་འཆམ་གཏེར་འཆམ་ཟེརཝ་མས་ གཏེར་འཆམ་འདི་ཡང་ བྱམས་པ་ལྷ་ཁང་གི་གཏེར་འཆམ་འདི་ རྩ་ཆེ་ཤོས་ཅིག་ཨིན་པས་ དེ་ལས་ མནའ་སྦིས་སྒྲུབ་དང་ཅོག་གཅིགཔ་ཨིན་ ནཱ་གི་དང་མར་གྱི་ ཅོག་གཅིགཔ་ཨིན་སྒྲུབ།
- བླམ་རྡོ་རྗེ་ Lam Dorjiཅོག་གཅིགཔ་ཨིན་ ཕྱི་རུ་གི་མེ་དབང་[སྦྱིན་སྲེག་?]འབདཝ་ད་ རོགས་མར་གྱི་ལམ་ལུགས་སྲོལ་ཡོད་ མར་ལུ་ད་ལྟོའི་བར་ན་ཡང་ སྔར་གྱི་ལམ་ལུགས་སྲོལ་ཡོད་ ཉན་མི་བཏུབ་སྔར་གྱི་ལམ་ལུགས་སྲོལ་མ་འབད་བ་ཅིན་ རོགས་མར་གྱིས་ སྤ་་་་ ང་བཅས་དང་ཕུ་གི་ལུགས་ཟེར་ དང་ཕུ་གི་ཟེར་ རྩ་ལས་མི་ཉན་ དེ་སྦེ་འབད་ནི་ཡོད།
- བླམ་རྡོ་རྗེ་ Lam Dorjiདང་ཕུ་གི་ལམ་ལུགས་ ད་ལྟོའི་བར་ན་ཡང་ཡོད་ མི་ཡལ་ ནཱ་ལུ་ཨིན་ མར་འདི་ལེགས་ཤོམ་སྦེ་ཡོད་ འ་ནཱི་གཏེར་འཆམ་འདི་ཚུ་ འགོ་དང་པ་ མར་ལས་འགོ་བཙུགས་བཙུགསཔ་ཨིན། མར་བཙུགས་ཏེ་ རྡོ་རྗེ་གླིང་པ་གིས་མར་ ལྷ་ཁང་འདི་ཚུ་རབ་གནས་གནང་ དེ་ལས་སྒྲུབ་པ་བཙུགས་ གཏེར་འཆམ་འདི་ཡང་ བྱིན་རླབས་ཆེ་ཏོག་ཏོ་འདུག་འདི་ཚུ།
- བླམ་རྡོ་རྗེ་ Lam Dorjiགཏེར་འཆམ་འདི་ཚུ་ ཚེའི་དངོས་གྲུབ་ མི་ལ་གཡང་གི་དངོས་གྲུབ་ ནོར་གྱི་དངོས་གྲུབ་འདི་ཚུ་ འདི་ཚུ་ག་ར་འདི་ལས་ཐོན་མས་ འདི་ཚུ་ལེགས་ཤོམ་འདུག་ཟེར་ སྟེང་དུ་རྫས་ཀྱི་དངོས་གྲུབ་ བར་དུ་མིའི་དངོས་གྲུབ་ འོག་ཏུ་ནོར་གྱི་དངོས་གྲུབ་འདི་ཚུ་ ཁོ་གིས་གནངམ་ཨིན་པས། ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོད་འདི་ཚུ་ རོགས་མར།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ཡོད་འདི་ཚུ་ ནཱ་གནམ་ས་མེད་དུམ་གྲ་ཅིག་ཡལ་ གཏེར་འཆམ་འདི་རྡོ་རྗེ་གླིང་པ་གིས་ ནཱ་ཡང་སྒྲུབ་པ་བཙུགས་ ནཱ་ཡང་གཏེར་འཆམ་འགོ་བཙུགས་བཙུགསཔ་མས་ བྱིན་རླབས་འདུག་ཟེར་ ལུང་པ་ནང་ ལོ་ཕྱུགས་རྟག་ཏུ་ ཆར་ཆུ་དུས་སུ་བབས་ མི་ལུ་རིམས་ཚད་འཇོམས་མས་ཟེར་ཨིན་པས་ གཏེར་འཆམ་འདི་གིས།
- བླམ་རྡོ་རྗེ་ Lam Dorjiརིམས་ཚད་འཇོམས་ཏེ་ག་ར་ ང་བཅས་མི་ སེམས་ཀྱི་རྣམ་པ་འཇོམས་ཏེ་འགྱོཝ་ད་ལུ་ ཏེ་ནད་རིགས་འཇོམས་དོ་འདྲས་མེན་ན་ལགས། འདི་གིས་འབད་ དུམ་གྲ་ཅིག་འཇོམས་མས་ཟེར་ ནཱ་ཡང་འགོ་བཙུགས་གནང་ནུག རྡོ་རྗེ་གླིང་པའི་བཀའ་དྲིན་ཨིན་འདི་ རྡོ་རྗེ་གླིང་པ་བྱོན་ བྱམས་པ་ལྷ་ཁང་སྒྲུབ་ཟེར་ གཏེར་འཆམ་ དེ་ལས་ གཏེར་མ་འདི་ཚུ་ཡང་ཡོད།
- བླམ་རྡོ་རྗེ་ Lam Dorjiགཏེར་མ་འདི་ཚུ་ རྡོ་རྗེ་གླིང་པའི་གཏེར་འཆམ་ཟེར་ཡོད་ གཏེར་མ་ཚུ་ཡང་ཡོད་ དེ་ཚུ་ བྱམས་པ་ལྷ་ཁང་གི་སྒྲུབ་པ་ མནའ་སྦིས་གི་སྒྲུབ་པ་ཟེར་མི་ཚུ་ ཅོག་རང་འཐད་ དབྱེ་བ་མེད་ ད་འཆམ་དུམ་གྲ་ཅིག་ནཱ་མང་ མར་འཆམ་དུམ་གྲ་ཅིག་ཉུང་འོང་།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ དེ་སྦེ་ཨིན་ མར་ལུ་ཟླཝ་༡༡ པའི་ཚེས་༡༥ ལུ་ཚུདཔ་ཨིན། ང་བཅས་ནཱ་ཟླཝ་༩ པའི་ཚེས་༡༥ ལུ་ཨིན། ནཱ་ལམ་ལུགས་སྲོལ་དུམ་གྲ་ཅིག་ འཐུས་ཤོར་དོ་བཟུམ་ཅིག་ཡོད། ད་ནཱ་གི་མི་སེར་འདི་ཚུ་གིས་ ཉན་མི་བཏུབ་པས་འཇམ་ཏོང་ཏོ་འབད་ དུས་དང་བསྟུནམ་ད་ ལཱ་ཁག་འདུག་ མར་ལུ་འདི་ སྔར་གྱི་ལམ་ལུགས་ཤར་ར་ར་ཡོད་ལགས།། །།