Video Overview
The history of Chakhar was shared by Lam Dorji from Chakhar village. As a descendant of the Chakhar clan, he is familiar with accounts of his ancestors, and associated histories and biographies. His account focuses on the problems faced between the regional ruler of Bumthang, Chakhar Gyalp (Sindhu Raja) and his enemy, Nawchoe, who killed the Chakhar Gyalp’s son. Afterward, out of anger, the ruler mistreated the local deities, and became ill. The Chakhar Gyalp invited Guru Rinpoche to seek help in curing his sickness, and Guru visited in the eighth century. The account also touches on the history of Kurjey Lhakhang, holy water sites, and how Seljing Karpo was subdued and made into a protector deity.
ལྕགས་མཁར་གྱི་ལོ་རྒྱུས་འདི་ བུམ་ཐང་རྫོང་ཁག་ ལྕགས་མཁར་གཡུས་ཚན་ལས་ བླམ་རྡོ་རྗེ་གིས་ བཤདཔ་ཨིནམ་ད་ ཁོ་ར་ལྕགས་མཁར་རིགས་རྒྱུད་ལས་འབད་ནི་འདི་གིས་ ཁོ་གིས་ ལྕགས་མཁར་གྱི་མི་བརྒྱུད་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ཤེས་དོ་ཡོདཔ་ད་ ལོ་རྒྱུས་འདི་ཚུ་ཡང་ མང་ཤོས་ཅིག་ རྣམ་ཐར་དང་རྒྱལ་རབས་ཚུ་ལས་ཨིན་པས། ད་ལྟོའི་ལོ་རྒྱུས་འདི་ མང་ཤོས་ཅིག་ དེ་བསྒང་ བུམ་ཐང་ལུང་ཕྱོགས་ཀྱི་རྒྱལཔོ་སིན་དྷུ་ར་ཛ་དང་ ཁོ་གི་བྱང་ཕྱད་རྒྱལ་པོ་སྣ་བོ་ཆེ་གཉིས་ཀྱི་བར་ནའི་ བྱ་སྟབས་མ་བདེཝ་ཐོན་པའི་སྐབས་ སིན་དྷུ་ར་ཛའི་སྲས་འདི་ རྒྱལཔོ་སྣ་བོ་ཆེ་གིས་དཀྲོངས་ཏེ་ བྱ་སྟབས་མ་བདེཝ་ལེ་ཤ་ཐོན་པའི་སྐོར་ལས་ སླབ་ཨིན་པས། ཏེ་རྒྱལཔོ་དགོངསམ་སྟེ་ གཡུས་ལྷ་འདི་ཚུ་ལུ་ ལེགས་ཤོམ་མ་མཛདཔ་ལས་ ཁོ་ར་སྐུ་བསྙུངས་ཞིནམ་ལས་ ནད་ལས་དྲག་ཐབས་ཀྱི་དོན་ལུ་ གུ་རུ་རིན་པོ་ཆེ་གདན་འདྲེན་ཞུཝ་བཞིན་དུ་ གུ་རུ་རིན་པོ་ཆེ་མཆོག་ འབྲུག་ལུ་ དུས་རབས་ ༨ པའི་བྱོན་ཡོདཔ་ཨིན་པས། ད་རུང་ འདི་ནང་ སྐུ་རྗེ་ལྷ་ཁང་དང་ སྐུ་རྗེ་གྲུབ་ཆུའི་ ལོ་རྒྱུས་ཡང་དུམ་གྲ་རེ་ བཤདཔ་ཨིནམ་མ་ཚད་ གཡུས་ལྷ་ཤེལ་གྱིང་དཀར་པོ་འདི་བཏུལ་ཞིནམ་ལས་ ནང་པ་སངས་རྒྱས་པའི་བསྟན་པ་སྲུང་མི་སྦེ་ བསྐོ་བཞག་མཛད་གནང་པའི་སྐོར་ལས་ཨིན་པས།
- Chagkhar
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ཨིན་ད་ དང་པོ་ རྒྱ་གར་འཕགས་པའི་ཡུལ་ནང་ སིངྒ་ལ་ཞེས་བྱ་བ་སྟེ་ གྲོང་ཁྱེར་ཅིག་སྡོད་ནུག ཏེ་ཨ་ནཱི་སིངྒ་ལའི་གྲོང་ཁྱེར་ནང་ རྒྱལཔོ་བྱུ་རུ་ཅན་ ཟེར་ཅིག་བཞུགས་ནུག རྒྱལཔོ་བྱུ་རུ་ཅན་ལུ་ སྲས་དང་སྲས་མོ་ ཕོ་སྤུན་གསུམ་དང་ མོ་སྤུན་གསུམ་གྱི་བར་ལས་ ད་རེས་སིནྡྷུ་རཱ་ཛ་ཟེར་མི་འདི་ ཁོ་རྒྱལཔོ་ཀུན་འཇོམས་འབད་བཞུགས་འབད་བཞུགས་པའི་སྐབས་ལུ།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ བཞུགས་ཏེ་འབདཝ་ད་ ཏེ་ཁོ་མར་བཞུགསཔ་ད་དབང་ ཨ་ནཱི་ཀུན་འཇོམས་ཟེར་མི་འདི་ ཁོ་དབང་མཐོ་སྟེ་ རྒྱལ་ཁབ་བཟུང་སྟེ་སྡོདཔ་ད་ མར་གྱི་རྒྱལ་ཁབ་ནང་འཁྲུགས་ཏེ་ ཁོ་གིས་ མི་སེར་འདི་ཚུ་བརྡུངས་ བཅོམ་པ་ལ་སོགས་པ་ལེ་ཤ་འབད་དེ་ དབང་མཐོ་དྲགས་སྦེ་སོང་སྟེ་ མར་ལུ་སྡོད་མི་ཚུ་ དྲེགས་རང་མ་ཚུགས་པར།
- བླམ་རྡོ་རྗེ་ Lam Dorjiཏེ་དབའེ་ དེ་སྦེ་འདི་མི་བཏུབ་ནི་མས་ཁྱོད་ ད་དབང་ཆེ་སྟོབས་ཆེ་ནི་དེ་གིས་ མི་སེར་འདི་ཚུ་ག་ར་སྡུག་པ་མྱོང་བཅུགཔ་མས་ འདི་བ་འདི་ཁྱོད་ར་ཆོས་འབད་བར་འབྱོན་གནང་ཟེར་ བློན་པོ་ཚུ་གིས་ཞུ་ནུག བློན་པོ་ཚུ་གིས་རྒྱལཔོ་ལུ་ཞུཝ་ད་ རྒྱལཔོ་གིས་ ང་གིས་སླབ་མི་ཚུགས་པས་ ཁྱོད་ར་ཚུ་གིས་སླབ་ད་ ཟེར་གསུངས་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བློན་པོ་ཚུ་གིས་གྲོས་འབད་དེ་ཞུཝ་ད་ ཡ་ཡ་དེ་སྦེ་འབད་བ་ཅིན་ ང་གིས་ཆོས་འབད་བར་འབྱོན་རུང་འབྱོན་གེ་ ཟེར་གསུངས་ནུག་ གསུངསམ་ད་ལུ་ བློན་པོ་ངན་པ་འདི་ཚུ་གིས་ དཀྲོགས་བཏང་སྟེ་ སྤ་ཁྱོད་འབྱོན་པ་ཅིན་ ང་བཅས་རའི་རྒྱལ་ཁབ་རོགས་ཀྱིས་བཅོམ་འོང་ ཁྱོད་འདི་ཁྱོད་ར་རང་བཞུགས་དགོ་ ག་ཏེ་འོང་ནི་ མི་བཏུབ་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་དཀྲོགས་བཞག་སྟེ་ ལོ་གསུམ་བཞུགས་ཅི་ ཟེར་ཨིན་པས་ ལོ་གསུམ་བཞུགསཔ་ད་ རང་གི་ཡུལ་ཚུ་བཅོམ་ བརྡུངས་ མི་ཚུ་བསད་ དེ་ལས་ སྣ་བོ་ཆེ་གི་རྒྱལ་ཁབ་ཡང་བཅོམ་བཞག་སྟེ་ དེ་ལས་ཚུར་ དབའེ་ཟེར་ བློན་པོ་རྒན་ཤོས་ཚུ་གྲོས་འབད་དེ།
- བླམ་རྡོ་རྗེ་ Lam Dorjiདབའེ་ དེ་སྦེ་རང་འདི་མི་བཏུབ་ནི་མས་ས་ ད་ཁྱོད་ཀྱིས་དེ་སྦེ་མ་མཛད་ ཁྱོད་ར་ཆོས་ལུ་འབྱོན་གནང་ཟེར་ ཆོས་ལུ་འབྱོན་པ་ཅིན་ ཁྱོད་ལུ་ལུང་བསྟན་ཅིག་ཡོད་ ན་བཞུགས་ཏེ་ རྒྱལ་ཁབ་འཁྲུགས་འགྱོ་བ་ཅིན་ གནམ་མེད་ས་མེད་ལེགས་ཤོམ་མི་འོང་ནི་མས་ ད་འདི་བ་ཁྱོད་ར་ཆོས་ལུ་འབྱོན་གནང་ ཁྱོད་ར་ལུ་དགོ་པའི་དང་ མཐུན་པའི་བློན་པོ་དགོ་རུང་ འབངས་དང་འཁོར་གཡོག་ག་ཅི་ར་འབད་རུང་ ཁྱོད་ར་དང་གཅིག་ཁར་འཁྱིད་དེ་ ཁྱོད་ར་ཆོས་ལུ་འབྱོན་གནང་ཟེར།
- བླམ་རྡོ་རྗེ་ Lam Dorjiནཱ་མ་བཞུགས་ ད་ཆོས་ལུ་འབྱོན་པ་ཅིན་ ལུང་བསྟན་བོམ་ཡོད་ ཁྱོད་ར་བྱོན་ཤིག་ཟེར་ མར་སིངྒ་ལའི་རྒྱལ་ཁབ་འདི་གི་ཐད་ལུ་ སྤུན་གཞན་གྱིས་སྐྱོང་འོང་བ་ཏེ་ལགས་ ཁྱོད་ར་ནཱ་བཞུགས་མི་དགོ་ གཞན་ཁར་འབྱོན་གནང་ཟེར་ཞུ་སྟེ་ དེ་ལས་ ཡ་ཡ་ཟེར་གསུངས་ཏེ་ ཁོ་བྱོན་ཡི་ ཟེར་ཨིན་པས་ལགས།
- བླམ་རྡོ་རྗེ་ Lam Dorjiཁོ་མར་ལས་བྱོནམ་ད་ འབངས་དང་འཁོར་གཡོག་མ་བཏུབ་བཏུབ་འཁྱིད་འོང་སྟེ་ དེ་ལས་ འབངས་འཁོར་གཡོག་དང་བཅསཔ་འབད་ མར་ལས་ཡར་འོངམ་ད་ ཕྱི་ལས་འབད་བ་ཅིན་ ཆོས་ལུ་འབྱོན་གནང་ཟེར་ཞུ་སྟེ་ བཏང་བཏངམ་མས་བ་ ནང་ན་ལས་ ཁོང་ཆ་ཁྱབ་བཅོམ་ནི་དེ་གིས་ དྲེགས་མ་ཚུགས་པར་ དབུགས་འགམ་སྟེ་ བདའ་བཏང་བཏངམ་ཨིན་པས་བ།
- བླམ་རྡོ་རྗེ་ Lam Dorjiཕྱི་ལས་འབད་བ་ཅིན་ཆོས་ལུ་ ནང་ན་ལས་འབད་བ་ཅིན་ ཏེ་ཁོ་ཆོས་ལུ་ཨིན་ཟེར་ བདའ་བཏང་བཏང་པའི་ཚུལ་ཅིག་ཨིན་པས་ ཁོང་ཆ་ཁྱབ་ཀྱིས་ ནཱ་བདའ་བཏང་སྟེ་འབད་རུང་ ཁོ་ར་དང་བསྟུན་པའི་ འབངས་དང་འཁོར་གཡོག་ཚུ་ ག་ར་འཁྱིད་འོང་ནུག་བ་ཁོ་གིས།
- བླམ་རྡོ་རྗེ་ Lam Dorjiལེགས་ཤོམ་འབད་དེ་ [རྟ་དྲེལ་བོང་དྲེལ་?]བཟུམ་སྦེ་མར་བྱོན་ཏེ་ མར་སིངྒ་ལའི་རྒྱལ་ཁབ་ནང་ལས་ ཐོན་འོང་ཞིནམ་ལས་ ས་འཚོལ་ཡི་འཚོལ་ཡི་ ག་ཏེ་ཡང་འཚོལ་རུང་མ་ཐོབ་པར་ མཇུག་ནམ་དུས་ལུ་ ཨ་ནཱི་བུམ་ཐང་ཕེབས་ད་ལུ་རྐྱངམ་ཅིག་ བུམ་ཐང་ལུ་ཕེབས་ད་ལུ་རྐྱངམ་ཅིག་ བུམ་ཐང་ལས་ལྟཝ་ད་ལུ།
- བླམ་རྡོ་རྗེ་ Lam Dorjiཨ་ནཱི་ནཱ་ང་བཅས་ཀྱི་ནཱ་ཕེབས་ད་ལུ་ སྤ་་་་་ ལུངམ་ག་ར་མཐོང་མས་ ནཱ་ལས་ཡར་མཐོང་ མར་མཐོང་ བས་ཡུལ་ལྟེ་བ་ཅིག་ཨིན་མས་ ང་ནཱ་སྡོད་དགོ་པས་ཟེར་ དེ་ལས་ ལྕགས་མཁར་ལུ་ ཕོ་བྲང་བཟུང་སྟེ་ ཁོ་མངའ་ཐང་རྒྱས་ཏེ་སྡོད་ནུག ཕོ་བྲང་བཞེངས་ ཕོ་བྲང་ཐོག་ཚད་ ༩ ལྕགས་དང་ ཟངས་ གཡུ་ བྱུ་རུ་ མུ་ཏིག་ མུ་མེན་ གསེར་གྱིས་འབད་བཞེངས་ཏེ་ ཐོག་ཚད་ ༩ འབད་བཞེངས་ཏེ་ མངའ་ཐང་རྒྱས་ཏེ་ ནཱ་ལུ་བཞུགས་ནུག་ཏེ་རྒྱལཔོ།
- བླམ་རྡོ་རྗེ་ Lam Dorjiརྒྱལཔོ་མངའ་ཐང་རྒྱས་ཏེ་བཞུགས་སྡོད་པའི་བར་ན་ར་ ཏེ་ཁོ་འདི་གི་བར་ན་རང་ སྲསམོ་༤ འཁྲུངས་ནུག ཉི་ཟེར་ལྡན་ཟེར་ གཅིག་སྡོད་ནུག ཟླ་ཟེར་ལྡན་ཟེར་ གཅིག་སྡོད་ནུག ཟུར་ལྡན་མ་ཟེར་ གཅིག་སྡོད་ནུག དེ་ལས་ འོད་ལྡན་མ་ཟེར་ གཅིག་སྡོད་ནུག བཙུན་མོ་༤ དང་ བཙུན་མོ་རེ་གི་ སྲསམོ་རེ་འཁྲུངས་ནུག
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ད་རུང་བཙུན་མོ་༥ འབདཝ་ད་ གཅིག་ཀུན་སྐྱོང་མ་ཟེར་ གཅིག་སྡོད་ནུག འདི་གི་སྲས་གཅིག་འཁྲུངས་ནུག སྲས་འཁྲུངས་པའི་ཤུལ་ལུ་ སྲས་འདི་གིས་ ལོ་༢༠ ཀྲིག་ཀྲི་ལངསམ་ད་ རྒྱལཔོ་སྣ་བོ་ཆེ་ཟེར་མི་ ཁོ་མར་སིངྒ་ལ་སྡོད་པའི་སྐབས་ སིན་དྷ་རཱ་ཛ་གིས་ དབང་བཙོང་འབད་བ་ལུ་བརྟེན་ཏེ་ སྣ་བོ་ཆེ་ངལ་མ་རངས་པར་ ཕྱི་ཁ་ལས་འབད་བ་ཅིན་ ཆོས་འབད་བར་འབྱོན་གནང་ཟེར་ཞུ་ ནང་སུ་སྐོར་ལས་ངལ་མ་རངས་པར་ སིན་དྷ་རཱ་ཛ་ལུ་དམག་རྐྱབ་ནི་འབད་ མར་ལས་ཐོན་མཐོང་ནུག་ མར་ལས་ཐོན་འོང་སྟེ་ ང་བཅས་ནཱ་གཡུས་སྣ་ཆེ་འཕེལ་ཟེར་མི་ཅིག་ཡོདཔ་ཨིན།
- བླམ་རྡོ་རྗེ་ Lam Dorjiསྣ་ཆེ་འཕེལ་མེན་ རྒྱལཔོ་སྣ་བོ་ཆེ་སྡོད་སྡོདཔ་འབད་ནི་དེ་གིས་ སྣ་བོ་ཆེ་ཨིན་ ད་རེས་གསརཔ་ཁ་བསྒྱུར་ཏེ་ སྣ་ཆེ་འཕེལ་དུ་ཁ་བསྒྱུར་ཏེ་ ཡར་སོངཔ་མ་གཏོགས་ དང་པོ་སྣ་བོ་ཆེ་ཟེར་ཨིན་ སྣ་བོ་ཆེ་བཞུགས་ཡོད་པའི་གཟིམ་ཅུང་གི་ཤུལ་ཚུ་ ད་ལྟོའི་བར་ན་ཡང་ཡོད་བ། དེ་ལས་ སྣ་བོ་ཆེ་ཟེར་མི་འདི་གིས་ཐོན་འོང་ཞིནམ་ལས་ ཕར་ལུ་གཡིབ་སྟེ་སྡོད་ནུག་བ།
- བླམ་རྡོ་རྗེ་ Lam Dorjiདམག་རྐྱབ་ནི་འབད་ ནཱ་ལུ་གཡིབ་སྡོད་ཞིནམ་ལས་ གཡིབ་སྡོད་པའི་བར་ན་ར་ ཕར་ཧ་ལམ་ལོ་གཅིག་ལྷགཔ་ཅིག་ ཡར་སོངཔ་བཟུམ་ཅིག་འདུག་ མི་རྩ་ལས་ ཕྱི་ཁར་ཐོན་མ་བཅུག་པར་ ནང་ན་བཅའ་སྒྲིག་རྐྱབ་སྡོད་དེ་ ཤུལ་ལས་འབདཝ་ད་ ནཱ་གི་ཚུ་གིས་ཧ་གོ་ནུག
- བླམ་རྡོ་རྗེ་ Lam Dorjiད་ རྒྱལཔོ་སྣ་བོ་ཆེ་ཟེར་མི་ཅིག་ ནཱ་ལུ་ལྷོད་ནུག་ལོ་ཟེར་ ད་ཁོ་ལྷོད་པ་ཅིན་ འདི་གིས་དམག་རྐྱབ་ནིའ་ིཉེན་ཁ་འདུག་ཟེར་ དེ་བ་འདི་ ང་བཅས་ར་བཅའ་སྒྲིག་རྐྱབ་སྟེ་ དམག་རྐྱབ་པ་ཅིན་དྲག་ནི་མས་ཟེར་ ད་ག་དེ་འབདན་དྲགས་ག་ཟེརཝ་ད་ དེ་ལས་ སིན་དྷ་རཱ་ཛ་གི་སྲས་སྟག་ལ་མེ་འབར་ཟེར་མི་ ལོ་༢༠ ཀྲིག་ཀྲི་ལངསམ་ད།
- བླམ་རྡོ་རྗེ་ Lam Dorjiཁོ་གིས་སླབ་ནུག ད་ཡབ་རྒྱལཔོ་ཚ་གྱང་ལངས་མི་དགོ་ དམག་རྐྱབ་པ་ང་འགྱོ་གེ་ཟེར་ ང་གིས་འཇམ་ཟེར་ ཨ་ང་གིས་བཏང་ད་ནི་ཨིན་ཟེརཝ་ད་ ཨ་ཁྱོད་ཀྱིས་མི་ལྕོགས་ དབང་གིས་རང་མི་ཐུབ་ རྩ་ལས་དབང་གིས་རང་མི་ཐུབ་ཟེརཝ་ད་ ཐུབ་ཟེར་ ཁོ་གིས་ཉན་མ་བཏུབ་པས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཉིནམ་གཅིག་འབདཝ་ད་ ཁོ་རའི་སྐྱེས་ལྷ་དགྲ་ལྷ་ཚུ་གསོལ་ཞིནམ་ལས་སྐྱབས་ཞུ་སྟེ་ དེ་ལས་ ཉིནམ་རེ་གཉིས་དམག་གི་བྱང་བ་ཅིག་ཡང་འབད་སྦེ་བལྟ་སྟེ་ དང་ཕུ་སྡོད་ནུག་སྡོད་ནི་འདི་ རྒྱལ་པོའི་ཤུལ་འབད་ནི་དེ་གིས་ གཉའ་རྒོད་ཁེ་ཀོ་ཅིག་ཡང་ ཤིང་ཚུ་བཏོག་རུང་བཏོག་བཏང་དོ་ཡོདཔ་མས་ གནམ་མེད་ས་མེད་སྡོད་ནུག་སྡོད་ནི་འདི་ ཨ་ནཱི་ཁོ་གིས་འབད་ཚུགས་ཟེར་ ཁས་བླངས་འབད་དེ་ དམག་རོགས་ཀྱིས་མ་འོངམ་ལས་ ཁོང་ཆ་ཁྱབ་དམག་རྐྱབ་པར་སོང་ནུག་ འདི་ཚུ་འཁྱིད་འབག་སྟེ།
- བླམ་རྡོ་རྗེ་ Lam Dorjiཨ་ཕི་ཧོག་ཀ་ཅིག་ནང་ལྷོདཔ་ད་ རོགས་ཀྱིས་ལམ་ཁར་ཐོན་སྡོད་དེ་ རྐྱབ་བཏངམ་ད་ བླ་མ་ཁོང་ཆ་ཁྱབ་མར་ལས་རང་ མི་གཉའ་རྒོད་ཙང་ཙ་འཁྱིད་འོང་ནི་དེ་གིས་ ཕར་ལྷོདཔ་ད་ རོགས་ལུ་འབད་མ་ཚུགས་པས་ ཁོང་ཆ་ཁྱབ་ཀྱིས་ རོགས་རྒྱལ་སོང་ནུག་ཏེ་ ཕར་ལས་འབད་མ་ཚུགས་ བདའ་འོངམ་ད་ ཨ་ཡ་མཚོ་ཅིག་ཡོད་ ད་ལྟོ་ཡང་ཡོད་ པོ་ཏ་ལ་མཚོ་ཟེར་ ནཱ་གི་ཡུལ་ལྷ་ཨིན་པས་བ།
- བླམ་རྡོ་རྗེ་ Lam Dorjiཡར་གྱི་མཚོ་ལུ་རྒྱབ་ཞུ་བར་སོང་ནུག་ སྲས་འདི་གིས་ ང་རྒྱབ་ཞུ་དགོ་པས་ སྣ་བོ་ཆེ་གིས་བཀྲོངས་ནི་མས་ ཟེར་རྒྱབ་ཞུཝ་ད་ མཚོ་གིས་རྒྱབ་མ་ལྕོགས་པས་ མ་འབད་བས་ དེ་ལས་ ཡར་ལས་མགྱོགས་ཏེ་ བྱམས་པ་ལྷ་ཁང་གི་ལྟག་ལུ་ ཡར་གཡུས་ཅིག་ལུ་ལྷོདཔ་ད་ རོགས་ཀྱིས་བདའ་ཟུན་ནུག་ བདའ་ཟུན་ཏེ་ རྒྱལ་པོའི་སྲས་འདི་ བཀྲོངས་ད་ནུག་རོགས་ཀྱིས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ སྟག་ལ་མེ་འབར་ཟེར་མི་ བཀྲོངས་ནུག་ བཀྲོངས་ཏེ་རོགས་རྒྱལ་ཁ་ཐོབ་ནུག་ དེ་ལས་ ཡར་ཕར་སོང་ནུག་ ཤུལ་ལས་ ལྷག་ལུས་རེ་རེ་གཉིས་གཉིས་ལུས་མི་ཚུ་ ཡར་ལས་ནཱ་ལྷོདཔ་ད་ སྲས་ཀ་ལས་ཟེར་དྲིཝ་ད་ སྲས་སྣ་བོ་ཆེ་གིས་ བཀྲོངས་ད་ཡི་ཟེརཝ་ད་ བླ་མ་རྒྱལཔོ་གནམ་མེད་ས་མེད་ཐུགས་ཕམ་ཏེ་ དགོངསམ་ཁྲེལ་ཏེ་རྒྱལཔོ་ ད་ངེའི་སྲས་བཀྲོངས་ད་ནུག་ཟེར་ དེ་ལས་ རྒྱལཔོ་སིན་དྷ་རཱ་ཛ་དགོངསམ་ཁྲེལ་ཏེ་ རྒྱལཔོ་སིན་དྷ་རཱ་ཛ་གིས་ ནུབ་མོ་བྱོན་ཏེ་ གཡུས་སྟང་ཕྲག་གཅིག་མེ་སྤགས་བཏང་སྟེ་ པེ་ཊོལ་མར་ཁུ་འབག་སྟེ།
- བླམ་རྡོ་རྗེ་ Lam Dorjiབར་སྐབས་ཅིག་ མི་རང་མེདཔ་བཟོ་བཏང་ད་ནུག་ སིན་དྷ་རཱ་ཛ་གིས་ དེ་ལས་མེ་སྤགས་ འདི་གི་ནངས་པར་ ད་རུང་དམག་ལོག་རྐྱབ་ད་ མི་༢༠ བསད་ནུག་ སིན་དྷ་རཱ་ཛ་གིས་ མི་༢༠ བསད་ དེ་ལས་ ནངས་པར་གནངས་ཚེ་ ལོག་སིན་དྷ་རཱ་ཛ་ཁོ་ར་གིས་ དམག་རྐྱབ་ད་ མི་ ༡༦ དེ་ཅིག་བསད་ད་ནུག་ འདི་གི་ཉིན་མར་ མི་༡༦ བསདཔ་ད་ སྣ་བོ་ཆེ་གི་སྲས་ཡང་བཀྲོངས་ད་ནུག་ཁོ་གིས་ སིན་དྷ་རཱ་ཛ་གིས་འབད་བ་ཅིན།
- བླམ་རྡོ་རྗེ་ Lam Dorjiརྒྱལཔོ་སིན་དྷ་རཱ་ཛ་ཤུགས་ཡོད་དོ་མས་ཏེ་ སྲས་ཡང་བཀྲོངས་པའི་ཤུལ་ལུ་ དེ་ལས་ སྣ་བོ་ཆེ་གིས་ ཚུར་དམག་རྐྱབ་པར་མ་འོང་པས་ དེ་ལས་ བར་ན་དམག་[ཧོག་ཀ་?]ལུས་ཏེ་ དེ་ལས་ དམག་རྐྱབ་མ་ཚུགས་པར་ [ཧོག་ཀ་?]ལུས་ཏེ་ སིན་དྷ་རཱ་ཛ་དགོངསམ་ཁྲེལ་ཏེ་ སྐྱེས་ལྷ་ཡུལ་ལྷ་འདི་ཚུ་ ངེའི་སྲས་བཀྲོངས་བཅུག་ཡི་ རྒྱབ་མ་འབད་ཟེར།
- བླམ་རྡོ་རྗེ་ Lam Dorjiཁོང་ཆ་ཁྱབ་སྐྱེས་ལྷ་ཡུལ་ལྷ་ཨིན་ ངེའི་སྲས་བཀྲོངས་བཅུག་ཡི་ ཁྱོད་ཆ་ཁྱབ་ཀྱིས་རྒྱབ་མ་འབད་ཟེར་ དེ་ལས་ སིན་དྷ་རཱ་ཛ་དགོངསམ་ཁྲེལ་ཏེ་ ག་ཏེ་གུ་ཏེ་གི་བཙོག་པ་ག་ར་འཇོམས་འབག་ཞིན་ན་ གནས་བདག་ཞི་བདག་འདི་ཚུ་ ཨ་ནཱི་བཞེས་ཤིག་ཟེར་ དྲངས་དྲངས་ཨིན་པས་མེན་ན་ཁོ་གིས་ ཕུལ་ཕུལཝ་ཨིན་མས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གནས་བདག་ཞི་བདག་ཚུ་ཁྲོས་ཏེ་ སྤ་ཁོ་ཨ་ལོ་བསདཔ་ད་ ང་བཅས་ལུ་གནོད་པ་བཀལ་ཏེ་ཨིན་མས་ དེ་སྦེ་ར་འདི་ གནས་སྐབས་མི་འགྲིག་ཟེར་ བསྟུན་གྲོས་འབད་དེ་ ཡར་རྡོ་ཕུག་ཅིག་ཡོད་ས་ལུ་འཛོམས་ཏེ་ དེ་ལས་ བླ་བརྐུ་སྟེ་ ལ་ལུ་བླ་བརྐུ་ ལ་ལུ་སྲོག་བརྐུ་སྟེ་ དེ་ལས་ ཁོ་རའི་བླ་མཚོ་ཅིག་ཡོད་ བླ་མཚོ་འབད་སར་སོང་སྟེ་ བསྟུན་གྲོས་འབད་ བླ་ཡང་བརྐུ་སྟེ་འབག་ཞིནམ་ལས་ དེ་ལས་ ཡར་སྐུ་རྗེས་ཤེལ་གིང་དཀརཔོ་གི་ལག་པར་སྤྲོད་ནུག་བ།
- བླམ་རྡོ་རྗེ་ Lam Dorjiཁོང་ལྷ་འདྲེ་ཚུ་གི་དཔོན་ ཤེལ་གིང་དཀརཔོ་ཨིན་མས། དེ་ལས་ ཡར་འབག་སོངམ་ད་ རྒྱལཔོ་སྙུང་སྟེ་ ཡང་ན་ཤི་མ་བཏུབ་ལོང་མ་བཏུབ་ བླ་ཡང་གཏོར་ཏེ་བཞུགས་བཞུགསཔ་མས་ རིམ་འགྲོ་ག་ཅི་འབད་རུང་ཕན་མ་ཐོགས་པར།
- བླམ་རྡོ་རྗེ་ Lam Dorjiརྒྱལཔོ་ཁོ་རའི་ནང་ལས་ རྒྱལ་བཙུན་ཟེར་ གཅིག་འདུག་ བཙུན་མོ་བཟུམ་ཅིག་ཨིནམ་འོང་ནི་མས་ འདི་གིས་ད་ ང་བཅས་རའི་རྒྱལཔོ་དྲག་དགོ་པ་ཅིན་ དང་པོ་རྒྱ་གར་འཕགས་པའི་ཡུལ་ནང་ སྔགས་པ་པདྨ་འབྱུང་གནས་ཟེར་མི་ཅིག་ཡོད་ འདི་ཞུ་བ་ཅིན་ ང་བཅས་རའི་རྒྱལ་པོའི་སྙུང་གཞི་དྭངས་ འདི་མ་ཞུ་བ་ཅིན་ རྒྱལཔོ་སྙུང་གཞི་མི་དྭངས་ནི་མས་ཟེར་ མོ་གིས་དྲན་གསོ་འབད་ཡོདཔ་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་ དྲན་གསོ་འབད་བའི་སྐབས་ དབའེ་ཟེར་ བློན་པོ་རྒན་ཤོས་ཚུ་གིས་ དབའེ་ཨིན་ཨིན་ཟེར་ འ་ནི་སྔགས་པ་པདྨ་འབྱུང་གནས་འདི་[མི་ཐུབ་ཅན་?]ཅིག་ཨིན་ མར་གྱི་འདི་ཞུ་བ་ཅིན་ ང་བཅས་ལུ་ཕན་ཅིག་ཐོགས་ཚུགས་ཟེར་ བློན་པོ་ཚུ་བསྟུན་གྲོས་འབད་ཞིནམ་ལས་ དེ་ལས་ བློན་པོ་ཀུན་བྱེད་ལོ་ རྒྱའི་བློན་པོ་ཀུན་འདུས་ བོད་ཀྱི་བློན་པོ་ཀུན་འཇོམས་ཟེར་ བློན་པོ་༢ གུ་རུ་ཞུ་བར་བཏང་ནུག་མར་ལུ།
- བླམ་རྡོ་རྗེ་ Lam Dorjiགུ་རུ་ཞུ་བར་བཏང་ཞིནམ་ལས་ གུ་རུ་ཞུ་བར་བཏངམ་ད་ གུ་རུ་རིན་པོ་[ཡང་ལེ་ཤོད་?]ནས་བྱོན་ཏེ་ མནའ་སྦིས་སྐོར་ཕུག་གི་རྒྱབ་ཁར་ [བས་ཡུལ་?]བཅགས་ཏེ་ ཟླ་ངོ་༥ བཞུགས་ནུག ཟླཝ་༥ དང་ཞག་༡༥ དེ་ཅིག་བཞུགས་ནུག མནའ་སྦིས་སྐོར་ཕུག་གི་བར་ན་ ཕར་དང་ཚུར་ བལ་ཡུལ་བཅགས་ཏེ་ བཞུགས་བཞུགསཔ་མས་གུ་རུ་རིན་པོ་ཆེ་ ནཱ་འབྱོན་ནི་སྦེ་ཨིན་པས་བ་ཨིན་རྒྱུ་ འཁའ་འགྲོ་མ་ཞལ་འཇལ་བར་ དེ་འབདཝ་ད་ ལམ་མེད་པར་ བལ་ཡུལ་བཅགས་ཏེ་བཞུགས་བཞུགས་པའི་བར་ན།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ བློན་པོ་ཞུ་བར་འོང་མི་༢ ཡང་ ཀྲིག་ཀྲི་ཁ་ཐུག་ནང་ ལམ་ཕར་མནའ་བིས་སྐོར་ཕུག་ཁ་ཐུག་ལས་ ཚུད་ཚུདཔ་མས་ལམ་ཁར་ ཞུ་བར་འོང་མི་༢ ཡང་ དེ་ལས་ གུ་རུ་རིན་པོ་ཆེ་གིས་ མངོན་ཤེས་མཁྱེན་ཏེ་ འམ་ད་རེས་ང་ཞུ་བར་འོང་དོ་ཟེར་ ད་ཨིན་པས་ཟེར་ གུ་རུ་རིན་པོ་ཆེ་ལམ་རིའི་ཟེར་ན་ འ་ནེ་སྦེ་ཡོད་སར་ ཁ་ཐུག་ནང་བྱོན་ཏེ་ གུ་རུ་རིན་པོ་ཆེ་ གདོང་བསྐོར་ན་ཁ་ཐུག་ཀྲིག་ཀྲི་རྐྱབ་ད་ གུ་རུ་གིས་གསུངས་ནུག་ དབའེ།
- བླམ་རྡོ་རྗེ་ Lam Dorjiཁྱོད་གཉིས་ག་ཏེ་འགྱོཝ་སྨོ་ ང་བཅས་གཉིས་རྒྱ་གར་འཕགས་པའི་ཡུལ་ལུ་འགྱོཝ་ཨིན་ འཕགས་པའི་ཡུལ་ལུ་ ག་ཅི་འབད་བར་འགྱོཝ་སྨོ་ཟེརཝ་ད་ འཕགས་པའི་ཡུལ་ལུ་ ད་སྔགས་པ་པདྨ་འབྱུང་གནས་ཞུ་བར་ཨིན་ཟེར་ སྔགས་པ་པདྨ་འབྱུང་གནས་ག་ཅི་འབད་ནི་ཟེར་དྲིཝ་ད་ སྔགས་པ་པདྨ་འབྱུང་གནས་ང་བཅས་བུམ་ཐང་གི་ཕྱོགས་སུ་ རྒྱལཔོ་སིན་དྷ་རཱ་ཛ་ ལྷ་འདྲེ་ཚུ་གིས་འཛིན་ཏེ་ ཤི་ནི་གུ་ཐུག་སྟེ་ཡོད་ཟེར་ ད་འདི་གི་བཟློག་ཐབས་ལུ་ སྔགས་པ་པདྨ་འབྱུང་གནས་ཞུ་བར་ཨིན་ ཟེར་ཞུཝ་ད།
- བླམ་རྡོ་རྗེ་ Lam Dorjiཡ་ སྔགས་པ་ཞུ་བ་ཅིན་ སྔགས་པ་ལུ་འབུལ་བ་ག་ཅི་ཡོད་ ཟེར་དྲིཝ་ད་ སྔགས་པ་ལུ་འབུལ་བ་ཡོད་ཟེརཝ་ད་ ཀྭ་ལས་བལྟ་གེ་ཟེརཝ་ད་ གསེར་བྲེ་༧ ཨིན་ ཟེར་ཨིན་པས་ གསེར་བྲེ་ ༧ འབདཝ་ད་ ཤེས་པས་ག་ད་རེས་ནངས་པར་ བྲེ་གང་ཡང་འབག་མི་ཚུགས་ད་ལྟོ་འབད་བ་ཅིན་སྨོ? ཨིན་རུང་ རྣམ་ཐར་ནང་བྲེ་༧ ཟེར་ཐོནམ་མས་ བྲེ་༧ ཕུལཝ་ད་ ཨའོ་གསེར་ངོ་མ་མེན་པས་ སྔགས་པ་གིས་མི་བཞེས་ཟེར་ མིག་ཏོ་གདོང་ཁར་རང་འབོ་བཏང་ཡི་ ཟེར་ཨིན་པས་གསེར་འདི།
- བླམ་རྡོ་རྗེ་ Lam Dorjiའབོ་བཏངམ་ད་ཁོང་གཉིས་ཙིགཔ་ཟ་སྟེ་ ཡ་ད་ང་བཅས་སྔགས་པ་གི་ཕྱག་མཇལ་ཨིན་ ཁྱོད་ཀྱིས་འབོ་བཏང་ཡི་ ད་སྔགས་པ་ག་ཏེ་ལས་ཞུ་ནི་ཟེར་ འཐབམོ་འཚོལཝ་ད་རྐྱངམ་ཅིག་ གུ་རུ་རིན་པོ་ཆེ་གིས་ སྔགས་པ་ང་ཨིན་ཟེར་གསུངས་ནུག་བ་ དེ་ལས་ ཁོང་༢ དགའ་སྟེ་ གུ་རུ་རིན་པོ་ཆེ་ལུ་ ཕྱག་འཚལ་གསོལཝ་བཏབ་སྟེ་ ད་སྔགས་པ་བྱོན་ནུག་ ཁྱོད་ཀྱིས་མངོན་ཤེས་གཟིགས་ཏེ་ བཀའ་དྲིན་ཆེ་ཡིས་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ མར་གུ་རུ་རིན་པོ་ཆེ་ལུ་གསོལཝ་བཏབ་སྟེ་ གསོལ་རས་ཨ་རྟག་ཧ་ལུགས་ ཁོང་ར་༢ ལུ་གནང་ ཧོད་ནང་བཙུགས་ ཁ་བསྡམས་ ད་འབདན་ཁ་ཕྱེ་རང་མ་ཕྱེ་བར་ རྒྱལཔོ་སིན་དྷ་རཱ་ཛ་ལུ་ཕུལ་སྨ་རེད་ ང་གིས་བཏང་དོ་ཟེར་ ཕུལ་ཟེར་གསུངས་ཏེ་ ང་ཞག་༣ གྱི་ནང་འཁོད་ལྷོད་འོང་ཟེར་གསུངས་ཏེ་ ཁྱོད་ར་༢ ཧེ་མ་ཡར་སོང་ཟེར་གསུངས་ཏེ་ ཁོང་ར་༢ ཞག་༣ གི་ནང་ལྷོད་ནུག་ ཞག་༢ དང་༣ དེ་ཅིག་གི་ནང་འཁོད་ནང་ལྷོད་ནུག དེ་ལས་ ཁོང་༢ ལྷོདཔ་ཅིག
- བླམ་རྡོ་རྗེ་ Lam Dorjiལྷོད་པའི་ཕྱི་རུ་རང་ གསེར་འདི་རྒྱལཔོ་ལུ་ཕུལ་ནུག རྒྱལཔོ་གིས་ ལེགས་ཤོམ་འབད་གཟིགས་ཏེ་ ཛའི་གསེར་ལེགས་པས་ཟེར་ཨིན་པས་ ཁོ་ར་གི་གསེར་ལས་ཡང་འདི་ལེགས་པས་ཟེར་ཨིན་པས་ རྒྱལཔོ་གནམ་མེད་ས་མེད་ཐུགས་སྨོན་གནང་སྟེ་ རྟེན་འབྲེལ་བཟང་ཡི་ ལེགས་ཤོམ་འདུག་ཟེར་གསུངས་ཏེ་འབདཝ་ད་ བློན་པོ་༢ མར་བྱོནམ་ཅིག་ ཁོ་ཧེ་མ་ལས་ ཉི་ཟེར་གུ་ཆིབས་ཏེ་ བྱོན་བྱོནམ་འོང་ནི་མས་ ནམ་མཁའ་ལས་བྱོན་ཏེ་ མར་དབང་འདུས་ཆོས་གླིང་གི་ལྟག་ལུ་ བྱག་ཕུག་ཅིག་ཡོདཔ་ཨིན།
- བླམ་རྡོ་རྗེ་ Lam Dorjiམར་གྱི་བྱག་ཕུག་ནང་ སྒྲུབ་པ་གནང་བཞུགས་ཞིནམ་ལས་ ཞག་༣ སྒྲུབ་པ་གནང་བཞུགསཔ་ད་ བོད་པ་ལ་ཐང་(བོད་པ་བརླགས་ཐང་)འདི་ཁ་ལས་ མཁའ་འགྲོ་ཚུ་གིས་བདུད་རྩི་ཕུལ་ དེ་ལས་ ཆོས་འཁོར་དང་པ་ ད་ལྟོ་སྨན་ཁང་གི་ལྟག་ལུ་ མཆོད་རྟེན་ཆུང་ཀུ་ཅིག་ཡོད་སའི་མཆོད་རྟེན་ཆུང་ཀུ་ཡོད་སར་ སྤོག་ཏོ་ཡོད་དོ་མས་དང་ཕུ་འབདན་ འདི་ཁར་བྱོན་ཞིནམ་ལས་ ཆོས་ཀྱི་འཁོར་ལོ་དང་པ་ མར་ལུ་འབད་བསྐོར་གནང་ནུག གུ་རུ་རིན་པོ་ཆེ་མཆོག་གིས་ ད་རེས་ནངས་པར་ བུམ་ཐང་ཆོས་འཁོར་ཟེར་ སླབ་དགོ་པའི་ཁུངས་ འདི་ལས་བརྟེན་ཏེ་བྱུང་ནུག་ ཟེར་ཞུ་ནི་ཨིན།
- བླམ་རྡོ་རྗེ་ Lam Dorjiབུམ་ཐང་ཆོས་འཁོར་ཟེར་ དེ་ལས་ མར་ལུ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ ཞག་༣ མར་བཞུགས་ཏེ་ ཞག་༣ འབདཝ་ད་ གུ་རུ་རིན་པོ་ཆེ་གིས་བསྐོར་ཚར་ཏེ་ ཁོ་ར་རྐྱངམ་ཅིག་ཚུར་བྱོན་ནུག་ ཨ་ཕ་མཆོད་རྟེན་རིངམོ་ཅིག་ཡོད་ ནུབ་ཀྱི་སྒོ་ར་ཁ་ཨིན་མས་ སྒོ་ར་ཁ་༢ མ་གཏོགས་མིན་འདུག་ རྒྱལ་པོའི་ཕོ་བྲང་གི་ནུབ་ཀྱི་སྒོ་ར་ཁར་བཞུགསཔ་ད་ རོ་ཁྱི་ཧབ་ཧབ་མས།
- བླམ་རྡོ་རྗེ་ Lam Dorjiཁྱི་ཧབ་ད་ ཁྱི་བལྟ་བར་སོངམ་ད་ སྒོམ་ཆེན་ཅིག་བྱོན་ནུག་ཟེར་ཨིན་པས་ ཡ་སློབ་སྒོམ་ཆེན་ཅིག་ ག་ཏེ་ལས་བྱོན་ཡི་ཟེར་ཞུཝ་ད་ ང་འདི་ཁར་ཨིན་ཟེར་ཡང་མེད་ ཏེ་ང་མདང་ཞག་ཁོང་བློན་པོ་༢ འོང་དེས་ཞུ་བར་ འ་ནི་ཨིན་ ཟེར་གསུངས་ནུག
- བླམ་རྡོ་རྗེ་ Lam Dorjiཡ་ དེ་ལས་ རོ་ཁྱི་བལྟ་མི་བྱོག་པར་བྱོག་པ་ བློན་པོ་ ༢ འཚོལ་བར་སོང་སྟེ་ ནཱ་ ༢ ཀྱིས་ ཞུ་མི་ཨིན་ཟེར་ མར་སྒོ་ར་རྩ་བ་ཕེབས་ནུག་ཟེར་ཞུཝ་ད་ མགྱོགས་པར་མགྱོགས་པར་བལྟ་བར་སོངམ་ད་ ཨིན་པས་ཟེར་ཨིན་མས་གུ་རུ་ དེ་ལས་ ཁོང་༢ ཀྱིས་ མར་ལས་གདན་འདྲེན་ཞུ་སྟེ་ ཐོག་ཚད་དགུ་གི་གསེར་གྱི་ཕོ་བྲང་ནང་ རྒྱལཔོ་སིན་དྷ་རཱ་ཛ་འདུག་ ཟེར་ཨིན་པས་སྙུང་སྟེ།
- བླམ་རྡོ་རྗེ་ Lam Dorjiགསེར་གྱི་ཕོ་བྲང་ནང་ གུ་རུ་རིན་པོ་ཆེ་ཞུ་སྟེ་ གསོལ་ཇ་མར་ཆང་དྲངས་ཏེ་ ག་ར་བཞེས་ཚར་བའི་ཤུལ་ལུ་ དེ་ལས་ གུ་རུ་རིན་པོ་ཆེ་གིས་ རྒྱལཔོ་སིན་དྷ་རཱ་ཛ་གི་ཟུར་ཁ་བྱོནམ་ད་ མིག་ཏོ་དཀར་དམར་ལུ་འགྱུར་ཏེ་ ག་ཅི་ཞུ་ནི་ཨིན་ན་མ་ཤེས་པར་སྡོད་པའི་བར་ན་ རྒྱལཔོ་སིན་དྷ་རཱ་ཛ་ལུ་ རྣམ་ཅོག་གུ་དཔག་སྟེ་ ཡ་སིན་དྷ་རཱ་ཛ་ག་དེ་སྦེ་འབད་དོ་གོ་ ནཝ་མས་ག་ ག་དེ་སྦེ་འབད་དོ་གོ་ཟེརགསུངསམ་ད།
- བླམ་རྡོ་རྗེ་ Lam Dorjiསིན་དྷ་རཱ་ཛ་གིས་ད་ ནཝ་མ་ཚད་ ཤི་ནི་གུ་ཡང་ཐུག་ཆི་ཡི་ཟེར་ ང་དྲག་ནི་ཅིག་ཡོད་པ་ཅིན་ ཁྱོད་ཀྱིས་བཀའ་ག་གནངམ་ཕྱག་ཞུ་ནི་ཨིན་ཟེར་ ང་ལུ་བཟློག་ཐབས་ཅིག་ཁྱོད་ཀྱིས་གནང་ད་ཟེར་ཞུཝ་ད་ ཡ་ཡ་བཟློག་ཐབས་ང་གིས་འབད་ནི་ཨིན་ ཟེར་གསུངས་ནུག
- བླམ་རྡོ་རྗེ་ Lam Dorjiཡ་ཡ་ཟེར་ ཞལ་གྱིས་བཞེས་ནུག་ བཟློག་ཐབས་ང་གིས་འབད་འོང་ དེ་འབདཝ་ད་ ང་ལུ་གཟུངས་མ་ཅིག་དགོ་ནི་མས་ གཟུངས་མ་ཟེར་མི་ག་ཅི་ཨིན་ན་ཟེར་ཞུཝ་ད་ བུམོ་མཁའ་འགྲོའི་སྤྲུལ་པ་ཅིག་དགོ་ནི་སྦེ་ཨིན་ཟེར་ དེ་འབད་བ་ཅིན་ ང་ལུ་བུམོ་བཞི་ཡོད་ བཞི་གི་གྲས་ལས་ ཁྱོད་ར་ག་འབད་རུང་ཅིག་བཞེས་ད་ཟེར་ཞུཝ་ཏེ་ བུམོ་བཞི་ཆ་རང་གྱལ་བསྒྲིགས་ཏེ་བཞགཔ་ད་ གཟིགས་གཟིགས་མས་ ཡ་ད་བཞིཔ་ཆ་ར་མཁའ་འགྲོ་ཨིན་མས་ བཞི་ཆ་ར་མཁའ་འགྲོ་ཨིན་མས།
- བླམ་རྡོ་རྗེ་ Lam Dorjiརྡོ་རྗེ་རིགས་ཀྱི་མཁའ་འགྲོ། ལྷོ་རིན་ཆེན་རིགས་ཀྱི། པདྨ་རིགས་ཀྱི། བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ། མཁའ་འགྲོ་བཞི་ཨིན་པས་ཟེར་ ག་ར་མཁའ་འགྲོ་ཨིན་མས། ཨིན་རུང་ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འདི་ལུ་ མཚན་རྟགས་ཉེར་གཅིག་འདུག་ འ་ནི་ཞུ་ནི་ཨིན་ཟེར་ གསུངས་པའི་ཤུལ་ དེ་ལས་ མཁའ་འགྲོ་བཞེས་བཞེསཔ་ཨིན་མས་ མཁའ་འགྲོ་བཞེས་པའི་ཤུལ་ལུ་ དེ་ལས་ ཕྲང་ཕྲང་སྲོག་དང་བླ་ སྐུ་རྗེས་ལུ་ཡོདཔ་མཁྱེན་ནུག་བ་གུ་རུ་གིས་ ཕྲང་ཕྲང་སྐུ་རྗེས་ལུ་བྱོན་ནུག
- བླམ་རྡོ་རྗེ་ Lam Dorjiཕྲང་ཕྲང་སྐུ་རྗེས་བྱོན་ཏེ་ སྐུ་རྗེས་ལུ་ སྒྲུབ་པ་གནང་སྟེ་ མཁའ་འགྲོ་མེ་འབར་བཀྲ་ཤིས་ཁྱེའུ་འདྲེན་གྱིས་ ལྷ་བརྒྱ་འབུམ་ལྡན་ཨིན་མིང་ ལྷ་བརྒྱ་འབུམ་ལྡན་ཨིན་དེ་བསྒང་ མེ་འབར་བཀྲིས་ཁྱེའུ་འདྲེན་མེན་དེ་བསྒང་ ལྷ་བརྒྱ་འབུམ་ལྡན་ཡང་ སྐུ་རྗེས་བྱོན་ཏེ་ཆུ་ལེན་ གཏོརམ་ཚུ་བཤམས་ བསྒྲིགས་ཏེ་ གུ་རུ་ཁོ་ར་སྒྲུབ་པ་གནང་བཞུགས་པའི་སྐབས་སུ་ བྱག་རོག་བཏང་འཁྱོཝ་ད་ལུ་ གུ་རུ་རིན་པོ་ཆེའི་ཕྱག་འཁར་བསྣམས་བྱོན་མི་འདི་ བྱག་གུ་བརྡབ་ད་ལུ།
- བླམ་རྡོ་རྗེ་ Lam Dorjiཕྲང་ཕྲང་ཀླུའི་ཕོ་བྲང་གུ་ཕོག་ཅི་ཟེར་ཨིན་པས། དེ་ལས་ ཀླུའི་ཕོ་བྲང་སྤརཝ་ད་ ཀླུའི་རྒྱལཔོ་རྣམ་རྟོག་ལངས་ཏེ་ ཡ་ངེའི་ཕོ་བྲང་སྤརཝ་མས་ཟེར་ མར་ལས་མངོན་པར་གཟིགསཔ་ད་ གུ་རུ་ཨིནམ་ཤེས་ཏེ་ དེ་འཕྲོ་ལས་ མར་ལས་ཐོན་ཏེ་ ཕྱག་དབང་བཅར་ཏེ་ ག་ཅི་གསུངས་ནི་ཡོདཔ་སྨོ་གུ་རུ་ཟེར་ཞུཝ་ད་ ང་ཆུ་[འགྲོ་བ་འདྲེན་མ་?]ཅིག་དགོ་པས་ ཁྱོད་ཀྱིས་འབད་ཚུགས་ག་ཟེར་གསུངསམ་ད་ ཆུ་[འགྲོ་བ་འདྲེན་མ་?]ག་ཅི་སྨོ་ཟེར་ཞུ་ནུག
- བླམ་རྡོ་རྗེ་ Lam Dorjiའདི་ཁྱོད་ཀྱིས་ མི་ཤེས་པས་ག་ཟེར་གསུངས་ཏེ་ ང་ལུ་ཆུ་སྣ་དགུ་འབད་མི་ཅིག་ དགོ་ནི་ཨིན་ཟེར་གསུངསམ་ད་ ཡ་ཆུ་སྣ་དགུ་འདི་ ང་གིས་ཕུལ་ཚུགས་ འདི་ང་གིས་ཕུལ་གེ་ཟེར་ཞུ་སྟེ་ ཀྲིག་ཀྲི་དུས་སྟབས་བཟོ་ཞིན་ན་ ནངས་པར་ཞག་བདུན་སོངམ་ད་ སྐུ་རྗེས་ཀྱི་ལྟག་ལུ་ ནུབ་བྱང་གི་མཚམས་ན་ བྱག་ཆུང་ཀུ་ཅིག་ཡོད་ འདི་ཁར་བྱོན་གནང་ཟེར་ཞུཝ་ད་ ཡ་ཡ་ཟེར་ཀྲིག་ཀྲི་བཟོ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ དྲོ་པ་ཧ་སག་སྟེ་གུ་རུ་གིས་བྱག་ནང་ཆུའི་བཅའ་སྒྲིག་ཀྲིག་ཀྲི་རྐྱབ་ ཆུ་བཏོན་ནིའི་བཅའ་སྒྲིག་རྐྱབ་བཞག་ གུ་རུ་གིས་ མཁའ་འགྲོམ་ལུ་ གསེར་གྱི་ག་ཊ་འབག་སྟེ་ ཡར་ཆུ་ལེན་པར་འགྱོ་ཤིག་ཟེར་ ཀྲིག་ཀྲི་དུས་སྟབས་བཟོ་ནུག་བ་ ཀླུའི་རྒྱལཔོ་དང་ཅིག་ཁར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གསེར་གྱི་ག་ཊ་འབག་ ལྷ་བརྒྱ་འབུམ་ལྡན་བྱག་གི་རྩ་བར་ལྷོདཔ་ཅིག་ གསེར་གྱི་ག་ཊ་བཟེད་ཟེརཝ་ཅིག་ ཆུ་དང་པ་འདི་གསེར་གྱི་ག་ཊ་ནང་བཟེད་ཅི་ཟེར་ཨིན་པས་ གསེར་གྱི་ག་ཊ་ནང་བཟེད་སྦེ་ ག་ཊ་གངམ་ཅིག་ དེ་ལས་ མཁའ་འགྲོ་ལྔ་ལུ་གྱུར་ཡར་སོང་།
- བླམ་རྡོ་རྗེ་ Lam Dorjiམཁའ་འགྲོ་ལྔཔོ་དེ་ལས་ ཕྱག་ལྟག་གུ་ གསེར་གྱི་ག་ཊ་ལྔ་ལུ་གྱུར་སོང་ དེ་ཡང་ གུ་རུའི་སྤྲུལ་པ་ལས་བརྟེན་ཨིན་པས། དེ་ལས་ མཁའ་འགྲོ་ལྔ་ལུ་གྱུར་སོངཔ་ཅིག་ ཡར་ལས་མར་བྱོན་ནུག་ གྲུབ་ཆུ་འབག་སྟེ་ ཐང་གི་མགུ་ཏོག་ཁར་ལྷོདཔ་ཅིག་ ཕར་ལས་ཚུར་ཉི་མའི་འོད་ཅིག་ཡང་ཕོག་སྟེ་ ཉིནམ་འདི་ཕྲང་ཕྲང་ག་ཊ་གུ་ཕོག་ ག་ཊ་གྱི་མདངས་བྱག་གུ་ཕོགཔ་ལས་ འཇའ་དང་འོད་ཀྱི་བར་མཁའ་འགྲོམ་ག་ཅི་འདེ་ འཇའ་རིསམོ་ཐོན་ཏེ་ དེ་ལས་ གནམ་མེད་ས་མེད་ཀྱི་མདངས་ཐོན་འོངམ་ད།
- བླམ་རྡོ་རྗེ་ Lam Dorjiདེ་ལས་འདི་གི་བར་ན་ སྟེང་ལྷ་དང་འོག་ཀླུ་ཟེར་མིན་འདུག་ ལྷ་འདྲེ་མི་གསུམ་ག་ར་སྟབས་ཅིག་ཁར་སྐད་རྐྱབ་སྟེ་ ཛའི་བུམོ་ལེགས་མི་ལེགས་ཟེར་ ག་ཏེ་ལས་ལྷོད་ཅི་ག་ཟེར་ སྐད་རྐྱབ་ནུག་བ། སྐད་རྐྱབ་ད་ལུ་ ཡར་གྱི་ཤེལ་གིང་གནསཔོ་འདི་ བྱག་ནང་ཡོད་དོ་མས་ བྱག་ནང་འཛུལ་ཏེ།
- བླམ་རྡོ་རྗེ་ Lam Dorjiཁོ་མནོ་མ་ཚུགས་པས་ དབའེ་ག་ཅི་སྦེ་སྐད་རྐྱབ་ཨིན་ན་ཟེར་ དེ་ལས་ བལྟཝ་ད་ལུ་ སྤ་་་་ བུམོ་མ་འདྲ་བའི་བུམོ་ འཇའ་དང་འོད་ཀྱི་བར་ནང་ལས་ཐོན་འོང་འོངམ་མས། དེ་ལས་ སེངྒེ་ལུ་སྤྲུལ་ཏེ་ཐོན་ནུག
- བླམ་རྡོ་རྗེ་ Lam Dorjiཁོ་ སེངྒ་ལུ་སྤྲུལཝ་ད་ གུ་རུ་ཡར་བྱག་གི་མགུ་ཏོ་ཁར་ ཁྱུང་ལུ་སྤྲུལ་ཏེ་བཞུགས་ནུག་བ་ ཁོ་ཐོནམ་ཅིག་གུ་རུ་རིན་པོ་ཆེ་གིས་ ཧྲག་བཏང་འཕུར་ཏེ་ ཁོ་གི་ཨོལ་ལྐོག་ཁར་འཛེགས་ཏེ་བཞོན་བཏངམ་ད་ ཁོ་སྤར་རང་མ་ཚུགས་པས་ སྤར་མ་ཚུགསཔ་ལས་ ཁོ་གིས་ སྤ་་་་ ངེའི་ལྟག་ལས་ག་ཡང་མེད་ ད་རེས་ངེའི་ལྟག་ལས་གཅིག་འདུག་ཟེར་ ཡུལ་དང་སྲོག་གི་མ་ལུས་ག་ར་ ང་གིས་དབང་སྟེ་སྡོད་ཅི་ ད་རེས་ངེའི་ལྟག་ལས་ ཁྱོད་དེ་སྦེ་ཨིན་པས་ཟེར་ ངེའི་སྲོག་འདི་གུ་རུ་རིན་པོ་ཆེ་ སྔགས་པ་ཁྱོད་ར་བཞེས་གནང་ཟེར་ སྲོག་ཕུལ་ནུག་ དམ་བཏགས་པའི་ཤུལ་ལུ།
- བླམ་རྡོ་རྗེ་ Lam Dorjiཏེ་སྲོག་ཕུལཝ་ཨིན་ ཡ་ད་འབདན་ ཁྱོད་ག་དེ་སྦེ་སྨོ་ཟེརཝ་ད་ བདུད་ཀྱི་དཔོན་པོ་ཡང་ང་ཨིན། སྟེང་གི་རྒྱལཔོ་ཡང་ང་ཨིན། ཀླུའི་དཔོན་པོ་ཡང་ང་ཨིན། མིའི་དཔོན་པོ་ཡང་ང་ཨིན་ཟེར་ ག་རའི་དཔོན་ང་གིས་འབད་སྡོད་ཅི་ ངེའི་ལྟག་ལས་ག་ཡང་མེད་ ད་རེས་འབདཝ་ད་ཁྱོད་ཨིན་པས་ཟེར་ དེ་འབདཝ་ལས་སྲོག་འདི་ཡོད་བཞེས་གནང་ཟེར་ ལྕགས་ཀྱི་གའུ་ནང་སྲོག་ཨིན་ དངུལ་གྱི་གའུ་ནང་བླ་ཨིན་ བསྡོམ་དཀར་པོ་ཟེར་ཡོད་ གཅིག་སྲོག་ཨིན་ གཅིག་བླ་ཨིན་ འདི་ཚུ་ག་ར་བཞེས་གནང་ཟེར་ ཁོ་གིས་ཕུལ་ནུག
- བླམ་རྡོ་རྗེ་ Lam Dorjiད་འ་ནི་བཞེསཔ་ད་ སིན་དྷ་རཱ་ཛ་གིས་ ངེའི་འཁོར་འདི་ཚུ་ལུ་ གནོད་པ་བཀལ་ནུག་ ད་རུང་གནོད་པ་བཀལ་ནིའི་ཉེན་ཁ་ཡོད་གནོད་པ་མ་བཀལ་ཟེར་གསུངས་གནང་ཟེར་ཞུཝ་ད་ ཡ་ཡ་ཟེར་ ད་ནཱ་ཤོག་ཟེར་ སྲོག་དང་བླ་ཚུ་ གུ་རུ་ལུ་ཕུལ་ཚརཝ་ཅིག་ ཡ་ད་མ་འོངས་པའི་ནང་ ཁྱོད་ནཱ་གི་གནས་པོ་འབད་དགོ་ང་བཅས་ར་ཟེར།
- བླམ་རྡོ་རྗེ་ Lam Dorjiཤོག་ཟེར་གྲུབ་རྟགས་བཏོན་ཤིག་ཟེརཝ་ད་ སེངྒེ་གིས་བྱག་གུ་ཕྱག་རྗེས་བཏོན་ ཞབས་རྗེས་བཏོན་སེངྒེའི་ མཁའ་འགྲོ་མ་གི་བཏོན་ཤིག་ཟེརཝ་ད་ མཁའ་འགྲོ་མ་གིས་ སྐུ་རྗེས་བཏོན་ ཞབས་རྗེས་བཏོན་ མཁའ་འགྲོ་ལྷ་རྒྱ་འབུམ་ལྡན་གྱིས་ དེ་ལས་ གུ་རུ་རིན་པོ་ཆེ་གིས་གསུངས་ནུག
- བླམ་རྡོ་རྗེ་ Lam Dorjiད་ང་གིས་བཏོན་ནི་ཨིན་ཟེརཝ་ད་ གུ་རུ་རིན་པོ་ཆེ་བྱག་གི་རྐད་པ་ལས་ཡར་ཕུར་བྱོན་ཏེ་ ཕུར་བྱོནམ་ད་ དེ་ལས་ བྱག་གི་མགུ་ཏོག་ཁར་ཚར་ཅིག་ ནམ་སྲོ་ཡི་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiས་སྨུག་སྤུབས་ཏེ་ གནག་སྡུང་སྡུང་སོང་སྟེ་ ནམ་སྲོ་སྟེ་ མཆོད་མཆོད་དེ་ལས་ སངསམ་ད་ཐང་ནང་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་གནང་སྟེ་ཡོདཔ་མས་ རྫུ་འཕྲུལ་བཏོན་ཏེ་ དེ་ལས་ ས་སྨུག་འདི་འགྲོས་ཀྱིས་འབད་སངསམ་ད་ འཇའ་དང་འོད་ཀྱི་ནང་ན་ བྱག་འཇའ་ཆི་ཆི་ཐོན་ཏེ་ གུ་རུ་རིན་པོ་ཆེ་བྱག་ནང་ ཨ་ལུ་ལོ་ ༣ འབད་མི་ཅིག་ལུ་སྤྲུལ་ཏེ་བཞུགས་ནུག་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་འབདཝ་ད་འོད་ཟེར་གྱིས་ ཉིན་མའི་ཟེར་དང་ འོད་ཟེར་གྱི་ནང་ གུ་རུ་རིན་པོ་ཆེ་ཛའི་ཞལ་འཇལ་མ་ཚུགས་པར་ གནམ་མེད་ས་མེད་རང་འོད་ཟེར་གྱི་ནང་ན་བཞུགསཔ་ད་ དེ་ལས་ སྣང་སྲིད་ལྷ་འདྲེ་ཐམས་ཅད་གུ་རུ་རིན་པོ་ཆེ་ལུ་གསོལཝ་བཏབ་མོས་སྟེ།
- བླམ་རྡོ་རྗེ་ Lam Dorjiཛའི་དུས་ད་ལྟོ་ཚུན་ཚོད་ཞལ་འཇལ་མ་བྱུང་ཟེར་ གནམ་མེད་ས་མེད་བཀའ་དྲིན་ཆེ་ཡི་ཟེར་ གསོལ་བཏབ་ནུག་ བཀའ་དྲིན་ཆེ་གུ་རུ་རིན་པོ་ཆེ་ ད་ང་བཅས་ཀྱིས་ ཞལ་འཇལ་གསུང་མཐུད་ཚུགས་ཅི་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གུ་རུ་རིན་པོ་ཆེ་ཡར་ལས་བྱོན་ཏེ་ ཆུ་[འགྲོ་བ་འདྲེནམ་?]ཟེར་མི་ འཐུངམ་ཅིག་ངན་སོང་ལས་གྲོལ་ནི་ཨིན་པས་བ། དེ་ལས་ སྨན་སྣ་དགུ་ཆུ་སྣ་དགུ་འདི་ ང་བཅས་ར་ལུ་ སྨན་སྣ་དགུ་ཨིན་པས་ ཀླུའི་ཤིང་འབྲས་འབད་རུང་ མེ་ཏོག་འབད་རུང་ སྨན་ཡོད་སྨོ་ཤིག་ འ་ནི་སྨན་སྣ་དགུ་འདི་ལས་བྱུང་ཡི་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiའདི་ལས་ཐོན་ཏེ་ ཀླུ་ལུ་ཕུལ་བ་ལས་བརྟེན་བྱུང་སྦེ་ དེ་ལས་རྒྱལཔོ་སིན་དྷ་ར་ཛ་ཡར་ལས་བསྣམས་བྱོན་ གུ་རུ་གིས་ཁོང་གཉིས་ཆ་རང་བསྣམས་བྱོན་ དེ་ལས་དེ་ཚེ་ཕྱི་རུ་རང་ ཆུ་འདི་དྲངས་ ཆུ་དྲངས་ དེ་ལས་ སྲོག་འདི་རྣམ་ཅོག་ལས་བཏང་ བླ་འདི་སྤྱི་གཙུག་སྦུག་ལས་བཏང་ཞིནམ་ལས།
- བླམ་རྡོ་རྗེ་ Lam Dorjiདེ་ཚེ་ཕྱི་རུ་ལས་ གུ་རུ་རིན་པོ་ཆེའི་བཀའ་དང་གསུང་ལས་བརྟེན་ཏེ་ རྒྱལཔོ་སིན་དྷ་རཱ་ཛ་ཧིང་སངས་ས་བཏང་སྟེ་ སྤྲོ་བ་གནམ་མེད་ས་མེད་སྤྲོ་བ་བྱུང་སྟེ་ རྒྱལཔོ་སིན་དྷ་རཱ་ཛ་གིས་ སྐྱབས་སུ་མཆི་ ད་ང་ནད་ལས་ཐར་ནུག་ཟེར་ རྒྱལཔོ་སིན་དྷ་རཱ་ཛ་གནམ་མེད་ས་མེད་དད་པ་ལུ་འགྱུར་སོང་ཡི་ ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཕྱག་ན་རྡོ་རྗེའི་དབང་འདི་ཚུ་བསྐུར་ བཅོམ་ལྡན་གྱི་སྲུང་མ་ཚུ་བཏགས་སྦེ་ རྒྱལཔོ་སིན་དྷ་རཱ་ཛ་སྙུང་གཞི་དྭངས་ནུག་ཏེ་ དེ་ལས་ བློན་པོ་འདི་ཚུ་ག་ར་འཛོམས་ཏེ་ དགའ་སྟོན་འགྱུར་ དེ་ལས་ ང་བཅས་བཟུམ་སྦེ་ སྤྲོ་སྟོན་སྟོན་འོང་ནི་མས་དང་ཕུ་ དེ་ལས་ གུ་རུ་རིན་པོ་ཆེ་གིས་ ཡ་ད་ཤོག་ཟེར་ མ་འོངས་པའི་ཆོས་འདི་ཚུ་གསུངས་ནུག དེ་ལས་ གུ་རུ་རིན་པོ་ཆེ་ཡར་སྐུ་རྗེས་བྱོན་ཏེ་ གནསཔོ་ལུ་ཆོས་གསུངས་ནུག་ཏེ།
- བླམ་རྡོ་རྗེ་ Lam Dorjiཁྱོད་དེ་སྦེ་མེན་ དང་པ་གཉིས་པ་གསུམ་པ་ སྐུ་རྗེས་གནསཔོ་ལུ་ཆོས་གསུངས་ དེའི་འཁོར་འདི་ཚུ་ལུ་ཡང་དྲན་འདྲ་ཆོས་གསུངས་ དེ་ལས་ ཡར་བྱོན་ཏེ་ཕྲང་ཕྲང་བྱམས་པ་ལྷ་ཁང་བྱོན་ནུག་གུ་རུ་རིན་པོ་ཆེ་ བྱམས་པ་ལྷ་ཁང་བྱོནམ་ཅིག་ བྱམས་པ་ལྷ་ཁང་གི་ཡར་ཇོ་བོ་ཡོད་དོ་མས་ ཇོ་བོ་གི་སྐུ་མདུན་དུ་གུ་རུ་རིན་པོ་ཆེ་བྱོན་ཏེ་ གུ་རུ་རིན་པོ་ཆེ་གིས་ ད་རེས་ང་དབུ་སྐྲ་གཡའ་སྟེ་འབད་མ་ཚུགས་ དབུ་སྐྲ་བཤིག་ད་ཟེར་ ལྷ་བརྒྱ་འབུམ་ལྡན་ལུ་གསུངས་གསུངསམ་མས།
- བླམ་རྡོ་རྗེ་ Lam Dorjiལྷ་བརྒྱ་འབུམ་ལྡན་གྱིས་ ཡ་ཡ་ཟེར་བཤིགཔ་ད་ དབུ་སྐྲ་གི་ནང་ལས་ མར་མན་དྷ་ར་བ་གིས་ ཧེ་མ་ལས་བཏང་ནུག་ཏེ་ཡི་གུ་ ཡི་གུ་འདི་གསེར་གྱི་ཨིན་མས་ཏེ་ དབུ་སྐྲ་ནང་བཙུགས་བཏང་བཏངམ་མས་ཏེ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གུ་རུ་གིས་ ཁྱོད་ཀྱི་ལག་རྟགས་ ང་གིས་འབག་མི་ཚུགས་ཟེར་གསུངསམ་ད་ ཁྱད་མེད་ང་ལུ་གནས་སྐབས་ཡོད་ཟེར་ དབུ་སྐྲ་ནང་ན་བཙུགས་བཏང་བཏངམ་ཨིན་མས་ འདི་གུ་རུ་གིས་ ཐུགས་ལས་བརྗེད་སོངཔ་མས་ དཔྱད་རིག་མ་བཏངམ་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདབུ་སྐྲ་སེལཝ་ད་ དབུ་སྐྲ་ནང་ལས་ འདི་ཐོན་ཐོནམ་མས་ ཡ་ང་གིས་བརྗེད་རང་བརྗེད་སོང་ནུག འདི་མན་དྷ་ར་བ་གིས་ཁྱོད་ལུ་ལག་རྟགས་འབད་བཏང་བཏངམ་ཨིན་ འདི་ཕྱག་རྟགས་ཨིན། ང་གིས་མཐོང་རང་མ་མཐོང་པས། ད་རེས་རྐྱངམ་ཅིག་ཤེས་ཅི་ ཡ་ཡ་ད་འབདན་ཇོ་བོ་བྱམས་པ་ཡོད་སྨ་རེད་འཛོམས་དཔང་ འདི་ང་གིས་ ཁྱོད་ལུ་སྤྲོད་ཅི་མས་ཟེར་ ཇོ་བོ་གིས་ཡང་ ཡ་ཡ་ཟེར་ གསུང་བྱོན་ཡི་ཟེར་ཨིན་པས་ཇོ་བོ་གིས།
- བླམ་རྡོ་རྗེ་ Lam Dorjiགསུང་བྱོན་ ཡ་ཡ་ཟེར་གསུང་བྱོན་ དེ་ལས་ ཕྲང་སྟེ་མན་དྷ་ར་བ་མེན་ས་ ལྷ་བརྒྱ་འབུམ་ལྡན་གྱི་ལག་པར་གནང་སྟེ་ སྤྱི་བོར་ལུ་བཀལ་ཏེ་ མཁའ་འགྲོ་མན་དྷ་ར་བ་ལ་གསོལ་བ་འདེབས། །ལྷ་ལྕམ་ང་ལ་བྱིན་གྱིས་བརླབ་ཏུ་གསོལ། །མཆོག་དང་ཐུན་མོང་ སེམས་ཅན་མ་རིག་མུན་པ་ཀུན་བསལ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་འགྱུར་ཤོག་ཟེར་ སྨོན་ལམ་བཏབ་ཅི་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiའདི་གིས་ ལྷ་ལྕམ་འབུམ་ལྡན་གྱིས་ སྨོན་ལམ་བཏབ་སྟེ་ ཡ་ད་འབདན་ཨིན་པས་ ད་འབདན་ང་ལུ་ཆོས་གསུངས་གནང་ཟེར་ཞུཝ་ད་ གུ་རུ་རིན་པོ་ཆེ་གིས་ འ་ནཱི་གསེར་གྱི་ཡི་གུ་ནང་ ལུང་བསྟན་གྱི་ཆོས་འདི་ནང་ཡོད་དོ་ཡོདཔ་མས།
- བླམ་རྡོ་རྗེ་ Lam Dorjiམར་ལས་ལུང་བསྟན་བསྐོས་བསྐོསཔ་མཁའ་འགྲོ་གིས་ མར་ལས་ལུང་བསྟན་བྱུང་བའི་ཆོས་འདི་གསུངམ་ད་ལུ་ དེ་བསྒང་ལྷ་ཁང་གཅིག་ར་ཨིན་པས། ཐོག་ཁ་ལས་གསུངམ་ད་ སིན་དྷ་རཱ་ཛའི་ཡུལ་འཁོར་ སིན་དྷ་རཱ་ཛའི་འབངས་དང་འཁོར་གཡོག་འདི་ཚུ་ ཐང་ན།
- བླམ་རྡོ་རྗེ་ Lam Dorjiཧེ་མ་རང་ མཎི་བགྱང་བཅུག་ མ་ཎི་བགྱངས་ཏེ་ དེ་ལས་ མ་ཎི་དུང་ཕྱུར་ཅིག་བཙུགས་ཏེ་ གནམ་མེད་ས་མེད་མ་ཎི་བགྱང་བཅུག་ དེ་ལས་ མ་ཎི་བགྱངས་ཞིནམ་ལས་ མ་འོངས་ལུང་བསྟན་འདི་ཚུ་གསུངས་ནུག་ གུ་རུ་རིན་པོ་ཆེ་གིས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ [བདེན་པའི་ཡངས་ཐོག་?]ནང་གཏེར་བཞག་ནུག ཡར་ཐོག་ཁར་ཨིན་གཏེར་བཞག་སྦེ་ གཏེར་བཞག་ཞིནམ་ལས་ཕྲང་ཕྲང་ ནཱ་མ་བྱོན་པར་ ཡར་ལས་འབད་ སྣ་བོ་ཆེ་འབད་སར་བྱོན་ནུག རྒྱལཔོ་སྣ་བོ་ཆེ་འབད་སར་བྱོན་ཞིནམ་ལས་ རྒྱལཔོ་སྣ་བོ་ཆེ་དང་སིན་དྷ་རཱ་ཛ་འཆམ་ཁ་བཟོ་ ཕར་འཁྱིད་ཞིནམ་ལས་འཆམས་ཁ་བཟོ་ དེ་ལས་ རྒྱལཔོ་སྣ་བོ་ཆེ་གིས་ བོག་གདན་མཐོ་སེང་ཡངས་པའི་སྟེང་ན་གུ་རུ་རིན་པོ་ཆེ་ ལོགས་ཅིག་ཁར་སིན་དྷ་རཱ་ཛ་ ལོགས་ཅིག་ཁར་རྒྱལཔོ་སྣ་བོ་ཆེ་བཞུགས་ཏེ་ གུ་རུ་རིན་པོ་ཆེ་གིས་གསུངས་ནུག
- བླམ་རྡོ་རྗེ་ Lam Dorjiཁྱོད་གཉིས་ ངེའི་སློབ་མ་ཨིན་ དེ་སྦེ་དམག་རྐྱབ་ནི་མི་འོང་ཟེར་ གནམ་མེད་ས་མེད་མི་བསད་ནུག ལས་ལེ་ཤ་བསགས་ནུག་ཟེར་ ད་དེ་སྦེ་མེན་ ཁྱོད་གཉིས་དམག་མ་རྐྱབ་མས་ཟེར་ ད་ལས་འཕྲོ་བུ་ལོན་འདི་ཚུ་ག་ར་ ང་གིས་འབག་འགྱོ་གེ་ ད་ཁྱོད་གཉིས་མནའ་འབོ་ནི་ཨིན་ ད་ཁྱོད་གཉིས་འབག་སོང་ཤིག་ཟེར།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཁོང་གཉིས་དམག་རྐྱབ་པའི་རྐྱབ་ལུགས་དང་ མི་བསད་ལུགས་ཚུ་ག་ར་ ཨོ་རྒྱན་རིན་པོ་ཆེ་ཁྱོད་ཀྱིས་བཞེས་གནང་ཟེར་ ད་ང་བཅས་གཉིས་ཀྱིས་ དེ་སྦེ་འབད་ཡར་སོ་ནུག མ་བཞེས་པ་ཅིན་ མར་དམ་ངན་ནང་འགྱོ་ནི་མས་ཟེར་ ད་བཀའ་ག་གནངམ་གསུང་ཅི་སྒྲུབ་འབད་ནི་ཨིན་ཟེར་ཞུཝ་ད་ བཏུབ་བཏུབ་དེ་འབད་བ་ཅིན་ཟེར།
- བླམ་རྡོ་རྗེ་ Lam Dorjiཀྲིག་ཀྲི་ཨིན་ ནཱ་ཤོག་ད་འབདན་ཟེར་ དེ་ལས་ རྒྱལཔོ་སྣ་བོ་ཆེ་གཞི་སྤོ་སྟེ་ མར་རྒྱ་ལུ་འཁྱིད་ དེ་ལས སིན་དྷ་རཱ་ཛ་མི་༥༠ འཁྱིད་དེ་ མནའ་འབོ་བར་ མནའ་སྦིས་བསྐོར་ཕུག་འཁྱིད་འགྱོ་ཡི་ཟེར་ཨིན་པས་ མནའ་སྦིས་བསྐོར་ཕུག་ཟེར་ས་ལུ།
- བླམ་རྡོ་རྗེ་ Lam Dorjiམར་འཁྱིད་སྦེ་ དེ་ལས་འཁྱིད་འགྱོཝ་ད་ མནའ་སྦིས་བསྐོར་ཕུག་ལམ་ཁར་ མོན་ཨབ་གཅིག་དང་ཨམ་གཅིག་སྡོད་ནུག ཨབ་གཅིག་ཨམ་གཅིག་ ཨ་ནཱི་ཨབ་དང་ཨམ་གཉིས་ གུ་རུ་མར་ལས་ཕར་བལ་ཡུལ་བཅགས་ཏེ་བཞུགསཔ་ད་ ཨབ་དང་ཨམ་འདི་སྤྱང་ཀ་སྤྱང་ཀ་ཨིན་པས་ ག་ནི་ཡང་མེད་མི།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ སྤྱང་ཀ་སྤྱང་ཀ་སྡོད་པའི་བར་ན་ གུ་རུ་རིན་པོ་ཆེ་གིས་ཞེ་སྡུག་འབད་བྱོན་ནུག་ཁོང་གཉིས་འབད་སར་ ཁོང་གཉིས་འབད་སར་བྱོནམ་ད་ ཁོང་གཉིས་ག་ཅི་འབདན་ན་མ་ཤེས་པར་ དེ་ལས་ཆུམ་ཕུད་ཏ་གང་ ཟླཝ་དང་པའི་ལོ་གསར་ལུ་བཟའ་ནི་སྦེ་བཞག་སྟེ་ཡོདཔ་མས། ཆུམ་ཕུད་ཏ་གང་བསགས་ཏེ་བཞག་བཞགཔ་ཡོདཔ་མས་ཁོང་གཉིས་ཀྱི།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ སྒོམ་ཆེན་འདི་བྱོནམ་ད་ ཁོང་གཉིས་ག་ནི་ཡང་བྱིན་མ་ཤེས་པར་ ཆུམ་ཕུད་ཏ་གང་ཡོད་མི་འདི་ཕུལ་གེ་མེན་ན་ད་ལྟོ་བཟོ་སྟེ་ཁོ་ལུ་ ཁོ་ལུ་དྲང་གེ་ ད་བཅས་ར་མེད་རུང་ཁྱད་མེད་ད་ ཁོ་ལུ་ཕུལ་གེ་ དེ་སྦེ་མི་བཏུབ་ནི་མས་ཟེརཝ་ད་ བཏུབ་པས་ཟེར་ ཨ་མ་ལུ་བསྟུན་གྲོས་འབད་དེ་ ལྟོ་ལེགས་ཤོམ་འབད་བཟོ་སྟེ་དྲངས་དྲངསམ་མས་བཞེས་ད་ཟེར།
- བླམ་རྡོ་རྗེ་ Lam Dorjiགུ་རུ་མ་པ་ཞེ་སྡུག་འབད་བྱོན་བྱོནམ་མས་ཏེ་ ཁོང་ར་གཉིས་འབད་སར། དེ་ལས་ ལྟོ་བཟོ་དྲངསམ་ད་ གུ་རུ་རིན་པོ་ཆེ་གིས་ ཁོང་༢ སྤྱང་ཀ་ཨིནམ་མཁྱེན་ཏེ་ ཐུགས་སྨོན་གནང་བཞགཔ་ད་ ཁོང་གཉིས་ བླ་མ་ཕྱུགཔོ་འགྱོ་སྟེ་ ནོར་ནོར་མ་ཤོང་པར་ལུང་པ་ནང་ ནོར་འཕེལ་སོང་སྟེ་ནོར་མ་ཤོང་པར་ བླ་མ་འུ་སྡུག་ཐང་ཆད་ཡུདཔ་ཅིག་ལས་ནོར་གྱིས།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ འུ་སྡུག་ཐང་ཆད་དེ་ ཁོང་གཉིས་མནོ་བསམ་བཏང་ནུག་ཏེ་ ཛའི་ཨ་ནཱི་སློབ་དཔོན་ང་བཅས་འབད་སར་བྱོན་ཏེ་ འདི་གིས་ཐུགས་སྨོན་ལུ་བརྟེན་ཏེ་ཨིནམ་འོང་ནི་མས་ ནོར་ནོར་འཕེལ་ཡི་ ད་ང་བཅས་གཉིས་འུ་སྡུག་པས་ ཐང་ཆད་པས་ ཛའི་འབད་མི་ཚུགས་པས་ཟེར་ ད་ཨ་ལོ་དང་བུ་གཞི་འདིནི་ང་བཅས་གཉིས་ལུ་མེད་ ད་དེ་བ་ང་བཅས་གཉིས་ལུ་སྔར་བཟུམ་སྦེ་དགོ་པས་ དེ་འདི་གནས་སྐབས་མི་འགྲིགས་པས་ སྔར་བཟུམ་སྦེ་ཟ་ནི་མེད་འཐུང་ནི་མེད་པ་ཅིན་ འ་ནི་སྐྱིད་ཏོང་ཏོ་འདུག་ཟེར་ཨིན་པས།
- བླམ་རྡོ་རྗེ་ Lam Dorjiདེ་སྦེ་སླབ་སྟེ་ ཨིན་པས་ཨ་པ་ཡང་མནོ་བསམ་བཏང་སྟེ་ ཨིན་པས་ཨིན་པས་ཟེར་ མནོ་བསམ་བཏང་སྟེ་སྡོད་པའི་བར་ན་ གུ་རུ་ཕར་ལས་བྱོནམ་ད་ཁ་ཐུག་རྐྱབ་སྟེ་ དེ་ཚེ་ཞག་༡ ཁོང་གཉིས་འབད་སར་བཞུགས་ནུག བཞུགསཔ་ད་ ཞག་གཅིག་བློན་པོ་འདི་ཚུ་ག་ར་བཞེས་སྒོ་ཁོང་གཉིས་ཀྱིས་དྲངས་ནུག
- བླམ་རྡོ་རྗེ་ Lam Dorjiཁོང་གཉིས་ཀྱིས་དྲངས་ཏེ་ བྱིན་བདག་ལྕོགས་ནུག་ཏེ་ ལྕོགས་ཏེ་དྲངས་ཞིནམ་ལས་ དེ་ལས་ མོན་ཨབ་འདི་གིས་ཞུ་ནུག་ཏེ་ སློབ་དཔོན་ཟེར་ གུ་རུ་ཨིནམ་མ་ཤེས་པས་ སློབ་དཔོན་རིན་པོ་ཆེ་ཟེར་ ཁྱོད་ཀྱི་བཀའ་དྲིན་ལས་ ནོར་འཕེལ་ཏེ་ ད་གནམ་མེད་ས་མེད་ནོར་འཕེལ་ཡི་ དེ་འབདཝ་ད་ བུ་གཞི་བུ་མོ་མེད་པ་ལུ་བརྟེན་ཏེ་ ང་བཅས་གཉིས་གནམ་མེད་ས་མེད་དཀའཝ་སྤྱད་དོ་ཟེར་ ད་ཐུགས་དང་ལྡནམ་ཅིག་ཡོད་པ་ཅིན་ སྔར་བཞིན་དུ་བཀའ་དྲིན་བསྐྱང་གནང་ཟེར་ཞུ་ནུག
- བླམ་རྡོ་རྗེ་ Lam Dorjiམོན་འབད་ནི་འདི་གིས་ ཨའེ་མོན་གྱིས་ཅ་ལ་འབད་ནི་དེ་གིས་ སྔར་བཞིན་དུ་བཀའ་དྲིན་བསྐྱང་གནང་ཟེར་ཞུཝ་ད་ དབའེ་ཨིན་ན་ཟེརཝ་ད་ ཨིན་ཟེར་ཨ་པ་གིས་ཡང་ཞུ་ ཨ་མ་གིས་ཞུ་སྟེ་ ཡ་ཡ་བཏུབ་དེ་འབད་བ་ཅིན་ཀྲིག་ཀྲི་ཨིན་པས་ཟེར་གསུངས་ཏེ་ ད་འབདན་ དེ་འབད་བ་ཅིན་ཤོག་ཟེར་ དེ་ལས་མོན་ཨ་པ་གིས་ཕོརཔ་འདི་ གུ་རུ་གི་ལྕོགས་ཙེ་གུ་ གུ་རུའི་བཞེས་ཆ་ཨ་ན་འབདཝ་ད་ ལྕོག་ཙེའི་ཟུར་ཁ་ཙམ་ཅིག་བཀལ་ནུག་ཏེ་ ཟུར་ཁར་བཀལ་ད་ཟེར་གསུངསམ་ད་ཟུར་ཁར་བཀལ་ ལྕོག་ཙེ་ཟུར་ཁར་ཁོ་གི་ཕོརཔ་བཀལ།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ ཨ་མ་འབོ་སྟེ་ ཨ་མ་ཤོག་ཟེར་ ཨ་མ་གིས་བཞུགས་གདན་གུ་རྐངམ་ཨ་ཙི་ཅིག་རྐྱངམ་ཅིག་བཀལ་ནུག་ཏེ་ ཨ་ཙི་ཅིག་བཀལ་འབདཝ་ད་ བསོད་ནམས་ཟད་དོ་འདྲས་མེན་ན་ཏེ་བསོད་ནམས།
- བླམ་རྡོ་རྗེ་ Lam Dorjiཕོརཔ་འདི་གུ་རུའི་བཞེས་ཕོརཔ་འདྲན་འདྲ་བཀལ་ནི་དེ་གིས་ཨིནམ་འདྲས་མེན་ན་ཏེ་ བསོད་ནམས་ཟད་དོ་མས་ཏེ་ཁོང་གཉིས་ ཏེ་རྐངམ་བཀལ་ནི་དེ་གིས་ ཨ་མ་ཡང་བསོད་ནམས་ཟད་ ཨ་པ་ཡང་བསོད་ནམས་ཟད་དེ་ དེ་ལས་ ནོར་ཡང་འགྲོས་ཀྱིས་འགྲོས་ཀྱིས་འབད་ ག་ར་ཡལ་ཏེ་ཡུདཔ་ཐེངས་ཅིག་ལས་ སྤྱང་ཀ་ཨ་རྟག་ཧ་ལུགས་སོང་སྟེ་ ཁོང་ར་གཉིས་སྤྱང་ཀ་འགྱོ་སྟེ་ སྤྱང་ཀ་འགྱོ་སྟེ་ཤུལ་ལས་ ཤི་ནུག་ཁོང་གཉིས་ ཤི་རུང་མ་པ་གུ་རུ་དང་ཅིག་ཁར་མཇལ་མཇལ་འོང་མཇལ་ནི་འདི།
- བླམ་རྡོ་རྗེ་ Lam Dorjiདེ་ལས་ གུ་རུ་རིན་པོ་ཕྲང་ཕྲང་མར་མནའ་སྦིས་བསྐོར་ཕུག་བྱོན་ཏེ་ མར་ཐང་ན་ལུ་ རྡོ་རིང་འདུག་ ས་ཁ་ལས་རྡོ་རིང་བཏོན་ཏེ་ དེ་ལས་ རྡོ་རིང་མི་ཐོག་༣ ཟེརཝ་ད་ ཨིན་རྒྱུ་༢ ཀྱི་རྩིས་ས་འོག་ནང་ན་འཛུལ་ཚར་ནུག་ད་ དེ་ལས་ ས་འོག་ནང་ཚུད་དེ་ ཧེ་མ་འདི་༣ རང་སྡོད་ནུག་ དེ་ལས་མནའ་བཀལ་ཏེ་ རྒྱལཔོ་སིན་དྷ་རཱ་ཛ་བུམ་ཐང་ཕྱོགས་ལས་ རྒྱ་གར་ཁ་ཐུག་དམག་མ་རྐྱབ་ཟེར་ རྐྱབ་པ་ཅིན་ཁྱོད་ཕམ་ཟེར་ སྣ་བོ་ཁྱོད་འབྲུག་ཁ་ཐུག་དམག་མ་རྐྱབ་ཟེར་ རྐྱབ་པ་ཅིན་ཁྱོད་ཕམ་འོང་ཟེར་ མནའ་བཀལ་ཤིག་ད་ཟེརཝ་ད།
- བླམ་རྡོ་རྗེ་ Lam Dorjiརྒྱལཔོ་སིན་དྷ་རཱ་ཛ་གིས་ ཡ་ང་ཁྱོད་ལུ་དམག་མི་རྐྱབ་ཟེར་བཀལཝ་ད་ ཕྱག་པར་ཐོན་ཡི་ཟེར་ཨིན་པས་རྡོ་གུ་ ཕྱག་པར་ཞིབ་བཏང་ཐོན་ཡི་ཟེར་ཨིན་པས། སྣ་བོ་ཆེ་གིས་ ང་འབྲུག་ཁ་ཐུག་དམག་མི་རྐྱབ་ཟེར་བཀལཝ་ད་ ཕྱག་པར་ཐོན་ཡི་ལོ་ སྣ་བོ་ཆེ་གི་ཡང་།
- བླམ་རྡོ་རྗེ་ Lam Dorjiཕྱག་པར་ཐོན་ དེ་ལས་ གུ་རུ་རིན་པོ་ཆེ་གིས་ ཁྱོད་གཉིས་ག་གིས་བརྒལཝ་ཅིག་ ཕམ་ཟེར་གསུངསམ་ད་ ཕྱག་པར་གསུམ་ ཁོང་གཉིས་ཀྱི་ལགཔ་ཨ་ནཱི་སྦེ་སྡོད་ས་གི་མགུ་ཏོ་ཁར་ གུ་རུའི་ཕྱག་པར་ སྦོམ་ཤོས་འ་ནེམ་ཅིག་ ཕྱག་པར་གསུམ་འབད་མནའ་བཀལ་ཏེ་ ད་ ཡ་ད་འབདན་མ་རྐྱབ་ཤིག་ཟེར་ དེ་ལས་ ག་གིས་བརྒལཝ་ཅིག་ཕམ་ནི་ཨིན་ཟེར་གསུངས་ཏེ།། །།