Skip to main content Skip to search
01 Sep 2018
6 min 36 sec
Video Overview
Creators: 
Duptho, Sonam Chophel

An old bodra song called "Kesangla" is a glorification based on flowers such as kesang meto, yoedoen meto and ngam gung meto. The lyrics describes flowers as a protection from natural disasters such a snowfall, dewdrops and heavy rainfall, without bringing harm to the flowers themselves. The inner meaning however can be interpreted based on the individual's perception. One could claim that the flowers are personified and considered as sacred, the author then does not want their lives to be taken away. The lyrics can be projected onto religious masters, renowned figures, etc. because these figures can be considered as sacred and significant. The song encourages people attain immortality and look into the welfare of all sentient beings.

༉  སྐལ་བཟང་ལ་ཟེར་མི་ བོད་སྒྲའི་གླུ་གཞས་འདི་ སག་སྟེང་ལས་སངས་རྒྱས་རྡོ་རྗེ་གིས་འཐེན་ཏེ་ཡོདཔ་ད་ སྐལ་བཟང་མེ་ཏོག་ལ་སོགས་པའི་མེ་ཏོག་ཚུ་ གནམ་དགུན་ཁཝ་དང་གནམ་བྱཱར་ཆརཔ་དང་སེརཝ་ལ་སོགས་པ་ལོ་གསུམ་དེ་རེ་རྐྱབ་རུང་ གནོད་པ་རྐྱབ་མ་བཅུག་པར་མཛེས་ཏོག་ཏོ་སྦེ་ར་སྡོད་བཅུག་ཟེར་བའི་སྨོན་ཚིག་ཅིག་ཨིན་པས། གླུ་གཞས་འདིའི་བཅུད་དོན་འདི་ ང་བཅས་ར་རང་རང་སོ་སོའི་གོ་བ་དང་བསྟུན་ཏེ་ གནད་དོན་ག་ཅི་ལུ་ཡང་སྦྱར་བཏུབ་ཨིནམ་ད་ ད་ལྟོའི་གླུ་གཞས་སྐལ་བཟང་ལ་ཟེར་མི་འདི་འབད་བ་ཅིན་ ག་ཅི་ར་ཨིནརུང་ འགྱུར་བ་མེད་པ་བརྟན་ཏོག་ཏོ་སྦེ་ཡོད་པའི་དོན་ཅིག་སྟོནམ་ཨིནམ་ད་ གླུ་གཞས་འདི་ ཁོང་རའི་གཡུས་ཁ་འབད་བ་ཅིན་ ཟླཝ་དང་པའི་ལོ་གསར་ནང་འབད་རུང་ དུས་སྟོན་ག་ཅི་བཟུམ་ཅིག་ནང་འབད་རུང་ གླུ་གཞས་འདི་འཐེན་ཡི་ར་ཆང་འཐུང་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • སངས་རྒྱས་རྡོ་རྗེ
    ལགས་སོ། ད་ང་བཅས་ཀྱི་ འབྲོག་པ་གི་ ལོ་གསར་ ཟླ་བ་དང་པ་གི་ལོ་གསར་ཨིན་རུང་འདྲ་ ཏེ་དགའ་སྤྲོ་གི་ ག་ཅི་འབད་རུང་ ཏེ་ཆང་ ཆང་འཐུང་མི་ཚུ་གིས་ཆང་འཐུང་། ཏེ་ ཞབས་བྲོ་རྐྱབ་མི་ཚུ་གིས་ ཞབས་བྲོ་རྐྱབ། ཆང་བསྐོལ་ དྲངས། སྐལ་བཟང་ལ་སླབ་མི་ཅིག་ ཞབས་བྲོ་འཐོན་ཏེ་ ཆང་དྲངས་ལུགས་ཅིག་ཡོད། ཏེ་ ཨ་ནི་ཱགི་ཞབས་བྲོ་ ཚིག་གཅིག་དེ་ཅིག་ང་གིས་ཞུ་གེ་ཟེར་ ཞུ་ནི་ཨིན།
  • སངས་རྒྱས་རྡོ་རྗེ
    སྐལ་བཟང་ལ་ ཕུག་འདི་ནི་སྐྱེམས་སངས་མེ་ཏོག །ཡར་ལ་གསེར་སྦྱང་ནི་དམ་ཚིག་འདྲ་ལ་སོ། །ཡར་ལ་གསེར་སྦྱང་ནི་དམ་ཚིག་འདྲ་ལ་སོ། །
  • སངས་རྒྱས་རྡོ་རྗེ
    སྐལ་བཟང་ལ་ ཁ་བ་ནི་ལོ་གསུམ་འབབ་ན། །ཡར་ལ་གསེར་སྦྱང་ནི་མ་ཡུམ་བཞུགས་ལ་སོ། །ཡར་ལ་གསེར་སྦྱང་ནི་མ་ཡུམ་བཞུགས་ལ་སོ། །
  • སངས་རྒྱས་རྡོ་རྗེ
    སྐལ་བཟང་ལ་ སྤང་འདི་ནི་འོ་དོང་མེ་ཏོག །ཡར་ལ་གསེར་སྦྱང་ནི་དམ་ཚིག་འདྲ་ལ་སོ། །ཡར་ལ་གསེར་སྦྱང་ནི་དམ་ཚིག་འདྲ་ལ་སོ། །
  • སངས་རྒྱས་རྡོ་རྗེ
    སྐལ་བཟང་ལ་ སེར་བ་ནི་ལོ་གསུམ་འབབ་ན། །ཡར་ལ་བཙུགས་མཁན་ནི་མ་ཡུམ་བཞུགས་ལ་སོ། །
  • སངས་རྒྱས་རྡོ་རྗེ
    སྐལ་བཟང་ལ་ ནམ་མཁའ་ནི་ངང་གོང་མེ་ཏོག །ཡར་ལ་དཀར་ཁ་ནི་དམ་ཚིག་འདྲ་ལ་སོ། །ཡར་ལ་དཀར་ཁ་ནི་དམ་ཚིག་འདྲ་ལ་སོ། །
  • སངས་རྒྱས་རྡོ་རྗེ
    སྐལ་བཟང་ལ་ ཆར་པ་ནི་ལོ་གསུམ་འབབ་ན། །ཡར་ལ་དཀར་ཁ་ནི་མ་ཡུམ་བཞུགས་ལ་སོ། །ཡར་ལ་དཀར་ཁ་ནི་མ་ཡུམ་བཞུགས་ལ་སོ། །
    ལགས་སོ། ལགས།