05 Jan 2016
2 min 4 sec
Video Overview
Creators:
Tibetan & Himalayan Library
This is a video of Drolle from Serchen, Amdo singing a song called "The High White Castle of Snow." This song is part of a collection of folk songs from the Rebgong cultural area.
འདི་ནི་ཕྱི་སྣོད་ཀྱི་རང་བྱུང་མཛེས་ལྗོངས་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་ཀྱི་གངས་རིའི་སྟེང་དུ་གངས་སེང་འཁོར་ཏེ་གངས་སེང་དཀར་མོ་ལ་གཡུ་རལ་རྒྱས་པ་དང་། བར་གྱི་ནགས་ཀླུང་ནང་དུ་རྒྱ་སྟག་འཁོར་ཏེ་སྟག་དམར་ཡག་ལ་ཐིག་ལེ་བཀྲ་བ། སྨད་ཀྱི་རྨ་ཆུའི་ནང་དུ་ཉ་སྲམ་འཁོར་ཏེ་ཉ་གསེར་མིག་ལ་རྐྱལ་རྩལ་རྒྱས་པ་བརྗོད་པའི་གླུ་ཞིག་ཡིན།
- ༼ཡེ་་་་ཞང་ཡ་རེ་ཨ་འགྲོ་་་ཡ་རེ་ད་ངས་ཡ་རེ་ཨ་འགྲོ་ལེན། ཞང་ཡ་རེ་ཨ་འགྲོ་ཟེར་ལ་གླུ་ཨ་འགྲོ་ལེན༽
- སྟོད་གན་ན་དཀར་ཡག་གངས་ཀྱི་རྫོང་། །
- རྫོང་གན་ན་གངས་སེང་འཁོར་རྒྱུ་རེད། །
- སེང་དཀར་མོ་གཡུ་རལ་རྒྱས་རྒྱུ་རེད། །
- བར་འདི་ན་རྒྱ་རྫོང་ནགས་ཀྱི་རྫོང་། །
- རྫོང་གན་ན་རྒྱ་སྟག་འཁོར་རྒྱུ་རེད། །
- སྟག་དར་མ་ཐིག་ལེ་རྒྱས་རྒྱུ་རེད། །
- སྨད་གན་ན་རྨ་ཆུ་དལ་མོ་རྫོང་། །
- རྫོང་གན་ལ་ཉ་སྲམ་འཁོར་རྒྱུ་རེད། །
- ཉ་གསེར་མིག་རྐྱལ་རྩལ་རྒྱས་རྒྱུ་རེད། །
- གླུ་ཤེས་ཁུལ་བྱེད་ལ་དགོད་ཁ་སློངས། །