Video Overview
Chimi Yangzom from Jamkhar in Trashiyangtse sings “Gungtoed Thonpo Chogi Chari”, a boedra song. The song’s Dzongkha lyrics say that the high sky is the wall of dharma, where the sun set. The meadow is the wall of dharma, where the snow lion sat. This song is performed on many occasions, including in the field, or during religious or social occasions in the community.
བཀྲ་ཤིས་གཡང་རྩིས་ འཇམ་ཁར་རྒས་འོག་ ལས་ཨིན་མི་ འཆི་མེད་དབྱངས་འཛོམས་ཀྱིས་ བོད་སྒྲའི་གླུ་གཞས་ གུང་སྟོད་མཐོན་པོ་ཆོས་ཀྱིས་ ལྕགས་རིས་ སྐོར་ལས་བཤད་འདི་ ཡོདཔ་ཨིན་མས། འདི་ཡང་ གུང་སྟོད་མཐོན་པོ་ཆོས་ཀྱིས་ལྕགས་རིས་སྐོར།།་ཟེར་ ཡར་གནམ་ཁ་ལུ་ ག་ར་ཆོས་ཀྱིས་ སྐོར་འདི་ཡོདཔ་ཨིནམ་དང་ འདི་གུ་ ཉིནམ་ཡ་ཤར་འདི་ ཡོདཔ་ཨིན་མས། སྤང་འདི་ཚུ་ནང་ཡ་ ལྕགས་རི་སྐོར་འདི་ཡོདཔ་ཨིནམ་དང་ འདི་གུ་ སེང་ཆེན་དཀར་མོ་ནོར་བུ་ བཞུགས་འདི་ཡོདཔ་ཨིན་མས། གླུ་གཞས་འདི་ ག་སྟེ་ལུ་ཡང་ འཐེན་འདི་ ཡོདཔ་ཨིན་མས།
- Shingkhar
- Jamkhar
- Trashiyangtse
- འཆི་མེད་དབྱངས་སྒྲོན་ Chiki Yangdonདགུང་སྟོད་མཐོན་པོ་ཕྱི་གི་(ཕྱི་ཡི་)ལྕགས་རི་བསྐོར་ལ། །ཁྲི་གདུགས་ཉི་མ་ནང་གི་ལ་ནོར་བུ་བཞུགས། །
- འཆི་མེད་དབྱངས་སྒྲོན་ Chiki Yangdonསྒང་སྟོད་མཐོན་པོ་ཕྱི་གི་(ཕྱི་ཡི་)ལ་ལྕགས་རི་བསྐོར་ལ། །ཁྲི་གདུགས་ཉི་མ་(སེང་ཆེང་དཀར་མོ་)ནང་གི་ལ་ནོར་བུ་བཞུགས། །
- འཆི་མེད་དབྱངས་སྒྲོན་ Chiki Yangdonསྤང་སྟོད་མཐོན་པོ་ཕྱི་གི་(ཕྱི་ཡི་)ལ་ལྕགས་རི་བསྐོར་ལ། །སེང་ཆེ་དཀར་མོ་(ཤཝ་རྒན་རྭ་བཅུ་)ནང་གི་ལ་ནོར་བུ་བཞུགས། །
- འཆི་མེད་དབྱངས་སྒྲོན་ Chiki Yangdonམཚོ་སྟོད་མཐོན་པོ་ཕྱི་གི་(ཕྱི་ཡི་)ལྕགས་རི་བསྐོར་ལ། །ཉ་ཆུང་གསེར་མོ་(གསེར་མིག་)ནང་གི་ལ་ནོར་བུ་བཞུགས། །ནོར་བུ་བཞུགས། ནཱིམ་ཅིག་འབད་ བཞག་གེ་ ཧེ་ཧེ་་་་་།། །།