Video Overview
Women of Chungkha village in Chukha District perform the song and dance “High Sky” (Gunggi Gungsa Tönpo) to the archers while they are on tea break. To show their appreciation for the entertainment the archers give the performers betel nuts. The song speaks about different types of offering. Because the sun shines and brightens the whole universe, it is offered to the sky. Because the snow lion is an important and rare animal, it is offered to the high-mountain peaks, and so forth.
གངས་སྟོད་དགུང་སྟོད་བསྐོར་བའི་བོད་སྒྲའི་གླུ་གཞས་ དགུང་གི་དགུང་སངས་མཐོན་པོ་ཟེར་བའི་གླུ་གཞས་འདི་ ཆུ་ཁ་ཅུང་ཁ་ལུ་ བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ་གིས་འབད་ ལེའུ་དང་བཅསཔ་སྦེ་གླུ་གར་འཁྲབ་སྟེ་འདུག གླུ་གར་འཁྲབ་མི་ཚུ་གི་གཡོན་ཁ་ཐུག་ དར་ཤིང་གི་རྩ་བར་སྟེག་ཅིག་གུ་ དར་སྣ་ལེ་ཤ་ཅིག་བལྟབ་སྦེ་བརྩེགས་བཞག་མི་དེ་ མདའ་རྐྱབ་པའི་སྐབས་ བཀག་རེ་ཕོགཔ་ད་ལུ་བཀག་རེ་ཕོག་པའི་བརྡ་མཚོན་ལུ་བཏགས་ནི་གི་དར་སྣ་ཚུ་ཨིན་པས། དེ་ཡང་ ལོ་བསྟར་བཞིན་དུ་ཉིན་ལོག་གི་སྐབས་ལུ་ ཉིམ་ལྔའི་རིང་མདའ་རྐྱབ་དོ་ཡོད་མི་དང་འབྲེལ་ སྤྱི་ལོ་༢༠༡༥ ཟླ་༡ པའི་ཚེས་༢༠ འི་ཚེ་ལུ་མདའ་རྐྱབ་པའི་སྐབས་ ཤེས་རྒྱུན་ལས་སྡེའི་ཞིབ་འཚོལ་པ་གིས་འབད་ སྒྲ་བཟུང་ཕབ་ལེན་འབད་འབདཝ་ཨིནམ་ད་ གཡས་གཡོན་ལུ་གྱལ་བསྒྲིགས་ཏེ་རྩ་བར་སྡོད་མི་ཚུ་འདི་ མདའ་རྐྱབ་མི་ཕོ་རྒས་ཆ་ཁྱབ་ཨིན་པས།
- Bongo
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:དགུང་གི་ལ་དགུང་ས་མཐོན་པོ། །དགུང་དང་ལ་ཁྲི་གདུགས་ཉི་མ་ཡར་ལ་སྭོ་ཡ། །དགུང་གི(དང་ལ)ཁྲི་གདུགས་ཉི་མ་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:དགུང་ས་ལ་དགྱེས་མཆོད་པ། །དགུང་ས་ལ་དགྱེས་མཆོད་པ། །ཁྲི་གདུགས་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །ཁྲི་གདུགས་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:དགུང་གི་ལ་གངས་སྟོད་མཐོན་པོ། །དགུང་གི་ལ་གངས་སྟོད་མཐོན་པོ། །གངས་སྟོད་སེང་ཆེན་དཀར་མོ་ཡར་ལ་སྭོ་ཡ། །གངས་སྟོད་སེང་ཆེན་དཀར་མོ་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:གངས་སྟོད་ལ་དགྱེས་པའི་མཆོད་པ། །གངས་སྟོད་ལ་དགྱེས་པའི་མཆོད་པ། །སེང་ཆེན་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །སེང་ཆེན་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:སྤང་གི་ལ་སྤང་གཤོང་བདེ་མོ། །སྤང་གི་ལ་སྤང་གཤོང་བདེ་མོ། །ྶྶྶསྤང་དང་ཤཝ་རྒས་རྭ་བཅུ་ཡར་ལ་སྭོ་ཡ། །སྤང་དང་ཤཝ་རྒས་རྭ་བཅུ་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:སྤང་གཤོང་ལ་དགྱེས་པའི་མཆོད་པ། །སྤང་གཤོང་ལ་དགྱེས་པའི་མཆོད་པ། །ཤ་ཕྲུག་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །ཤ་ཕྲུག་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:མར་གྱི་ལ་མཚོ་སྟོད་མཐོན་པོ། །མར་གྱི་ལ་མཚོ་སྟོད་མཐོན་པོ། །མཚོ་དང་གསེར་མིག་ཉ་མོ་ཡར་ལ་སྭོ་ཡ། །མཚོ་དང་གསེར་མིག་ཉ་མོ་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:མཚོ་འདི་ལ་དགྱེས་པའི་མཆོད་པ། །མཚོ་འདི་ལ་དགྱེས་པའི་མཆོད་པ། །གསེར་མིག་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །གསེར་མིག་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:མགོན་གྱི་ལ་མགོན་ས་མཐོན་པོ། །མགོན་གྱི་ལ་མགོན་ས་མཐོན་པོ། །མགོན་དང་མཚན་ལྡན་བླ་མ་ཡར་ལ་སྭོ་ཡ། །མགོན་དང་མཚན་ལྡན་བླ་མ་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:མགོན་ས་ལ་དགྱེས་པའི་མཆོད་པ། །མགོན་ས་ལ་དགྱེས་པའི་མཆོད་པ། །མཚན་ལྡན་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །མཚན་ལྡན་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:གཡུས་ཀྱི་ལ་གཡུས་བཟང་མཐོན་པོ། །གཡུས་ཀྱི་ལ་གཡུས་བཟང་མཐོན་པོ། །གཡུས་དང་ཡབ་ཡུམ་གཉིས་ཀུ་ཡར་ལ་སྭོ་ཡ། །གཡུས་དང་ཡབ་ཡུམ་གཉིས་ཀུ་ཡར་ལ་སྭོ་ཡ། །
- བཅོ་ལྔ་ལྷ་མོ་དང་ཆ་རོགས་ཚུ / Chonga Lhamo and Friends:གཡུས་བཟང་ལ་དགྱེས་པའི་མཆོད་པ། །གཡུས་བཟང་ལ་དགྱེས་པའི་མཆོད་པ། །ཡབ་ཡུམ་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །ཡབ་ཡུམ་ཡོངས་ཀྱིས་ཕུལ་ཡོད་ཡར་ལ་སྭོ་ཡ། །ལེགས་སོ།