Skip to main content Skip to search
25 Jun 2018
5 min 42 sec
Video Overview
Creators: 
Duptho, Sonam Chophel

Rinchen Dema from Joenkhar village sings “Gungtoed Thoenpo La Mai Pharjab So” in Dakpakha, a local language. This song is usually sung as a farewell to spiritual masters, civil servants and all kinds of eminent personalities when they are about to ldepart after a visit. The lyrics describe the happiness felt in knowing that the spiritual master resides on the slope of the hill, because it was not possible to see him since he lived so far away,  the long wait made them even happier to meet again. The song also expresses the wishes that the departing ones remain in good health, have prosperity and encounter good omens.

༉  བཀྲ་ཤིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ གཡུས་ཇོན་ཁར་ལས་ཨིན་མི་ རིན་ཆེན་སྒྲོལ་མ་གིས་ གླུ་གཞས་དགུང་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ ཟེར་མི་འདི་འཐེནམ་ཨིནམ་ད་  གླུ་གཞས་འདི་ ཧེ་མ་ལས་ར་ ལམ་སྲོལ་བཟང་པོ་གི་གྲས་ཁར་བརྩིཝ་ཨིན་མས། གླུ་གཞས་འདི་གི་འབྱུང་ཁུངས་དང་བྱུང་རབས་ བརྩམ་པ་པོ་ཚུ་ངོས་འཛིན་འབད་མི་ཚུགས་དོ་ཡོདཔ་ད་ གླུ་གཞས་འདི་གི་ཚིག་འདི་ མོརའི་གཡུས་སྐད་དག་པ་ཁ་ནང་སྦེ་འཐེན་ཏེ་འདུག གླུ་གཞས་འདི་ནང་གི་ཚིག་ཚུ་ ལེགས་སྨོན་གྱི་ཚིག་ཚུ་ཡོདཔ་བཞིན་དུ་ གཡུས་དེ་ནང་འབད་བ་ཅིན་ བླམ་བཟང་པོ་དང་དཔོན་ཁག་ཚུ་འབྱོནམ་ད་ལུ་ཕུལ་དོ་ཡོདཔ་མས། གླུ་གཞས་འདི་ནང་སྨོན་ཚིག་དེ་ཡང་ ཕེབས་མཁན་མི་དེ་ཅི་བསམ་དོན་འགྲུབ་ཤོག །བཞུགས་མཁན་མི་དེ་བཀྲ་ཤིས་གཡང་ཆགས་ཤོག་ཟེར་ ཐག་རིང་སར་འབྱོན་མི་དང་བཞུགས་མི་ཚུའི་བར་ན་ ལེགས་སྨོན་གྱི་ཐོག་ལས་འབྱོན་བཞུགས་འབད་བའི་ཚུལ་ཨིན་པས།

Transcript search
No results found for this search
0 of 0
  • རིན་ཆེན་སྒྲོལ་མ་
    Rinchen Dolma: ངེ་གི་གླུ་གཞས་འདི་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་སྔར་སྲོལ་བཟང་པོའི་ལམ་ལུགས་ཟེར་ དཔོན་ཨིན་རུང་ བླམ་ཨིན་རུང་ ལོག་བྱོནམ་ད་ གླུ་གཞས་ དགུང་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སོ་སླབ་མི་འདི་ དང་ཕུ་སྔར་སྲོལ་བཟང་པོའི་ ཕམ་བཟང་པོའི་ལམ་ལུགས་འདུག་བ་སྨོ་ལགས། ཏེ་འ་ནཱི་འདི་ང་གིས་ ཚིག་མདོར་བསྡུས་ཅིག་ཞུ་གེ་ཟེར་ཞུ་ནི།
  • རིན་ཆེན་སྒྲོལ་མ་
    Rinchen Dolma: དགུང་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ། །ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ། །ཕེབས་མཁན་མི་འདི་ཅི་བསམ་དོན་འགྲུབ་སྭོ་ཡ་ལ། །བཞུགས་མཁན་མི་འདི་བཀྲ་ཤིས་གཡང་ཆགས་ཤོག་ཡ་ལ། །བཞུགས་མཁན་མི་འདི་བཀྲ་ཤིས་གཡང་ཆགས་ཤོག །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: གངས་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །སེང་ཆེན་དཀར་མོ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ། །སེང་ཆེན་དཀར་མོ་ལ་མོའི་ཚུར་རྒྱབ་སྭོ། །ཕེབས་མཁན་མི་འདི་ཅི་བསམ་དོན་འགྲུབ་སྭོ་ཡ་ལ། །བཞུགས་མཁན་མི་འདི་བཀྲ་ཤིས་གཡང་ཆགས་ཤོག་ཡ་ལ། །བཞུགས་མཁན་མི་འདི་བཀྲ་ཤིས་གཡང་ཆགས་ཤོག །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: སྤང་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །ཤཝ་རྒས་རྭ་བཅུ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ། །ཤཝ་རྒས་རྭ་བཅུ་ལ་མོའི་ཚུར་རྒྱབ་སྭོ། །ཕེབས་མཁན་མི་འདི་ཅི་བསམ་དོན་འགྲུབ་སྭོ་ཡ་ལ། །བཞུགས་མཁན་མི་འདི་བཀྲ་ཤིས་གཡང་ཆགས་ཤོག་ཡ་ལ། །བཞུགས་མཁན་མི་འདི་བཀྲ་ཤིས་གཡང་ཆགས་ཤོག །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: དགོན་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །མཚན་ལྡན་བླ་མ་ལ་མོའི་ཚུར་རྒྱབ་སོང་ཡ་ལ། །ན་ནིང་མ་མཇལ་ས་ཐག་རིང་གྱང་སོང་ཡ་ལ། །ད་ལོར་མཇལ་བའི་སེམས་དཔའ་དགའ་སོང་སྭོ་ཡ་ལ། །ད་ལོར་མཇལ་བའི་སེམས་པ་དགའ་སོང་སྭོ། །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: གཡུས་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ། །དྲིན་ཅན་ཕ་མ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ། །དྲིན་ཅན་ཕ་མ་ལ་མོའི་ཚུར་རྒྱབ་སྭོ། །ཕེབས་མཁན་མི་འདི་ཅི་བསམ་དོན་འགྲུབ་སྭོ་ཡ་ལ། །བཞུགས་མཁན་མི་འདི་བཀྲ་ཤིས་གཡང་ཆགས་ཤོག་ཡ་ལ། །བཞུགས་མཁན་མི་འདི་བཀྲ་ཤིས་གཡང་ཆགས་ཤོག །
  • རིན་ཆེན་སྒྲོལ་མ་
    Rinchen Dolma: ལགས་སོ་ལགས།། །།