Video Overview
Pema Yangzom of Yabrang village sings “Gungtoed Thoenpo,” which she learnt from her mother Pema Lhadon. This song has religious overtones and refers to the loyalty owed to spiritual masters and leaders. This song is usually sung when important guests—such as spiritual masters and other important personalities—visit the village. The song is sung either individually or in groups, in which case there can be an accompanying dance.
༉ བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཡབ་རང་ལས་ པདྨ་དབྱངས་འཛོམས་ཀྱིས་ གླུ་གཞས་དགུང་སྟོད་མཐོན་པོ་ལ་མོའི་ཕར་རྒྱབ་ ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་དེ་ཡང་ རང་རང་སོའི་གཡུས་ཕྱོགས་ལུང་ཕྱོགས་དང་འཁྲིལ་ཏེ་ འཐེན་ཐངས་གདངས་དབྱངས་དང་ཚིག་ཚུ་ ཨ་ཙི་རེ་མ་འདྲཝ་སྦེ་འཐེན་སྲོལ་འདུག མ་འདྲཝ་ཨ་ཙི་རེ་ཡོད་དེ་འབད་རུང་ ནང་ན་གི་དོན་ངོ་མ་འདི་ ཕམ་སྤུན་ཆ་དང་ལྟ་ལྟོ་ཚང་ བླམ་དང་སློབ་མ་ སློབ་དཔོན་དང་སློབ་ཕྲུག་བཟུམ་ཅིག་མ་འཕྱད་པར་ཡུན་རིངམོ་སོང་བའི་མཐའ་མར་འཕྱད་དེ་ འཕྱད་པའི་དགའ་ཚོར་ལུ་དང་ འཕྱད་ཚར་བའི་མཐའ་མར་སོ་སོར་ཁ་འབྱལ་བའི་སྐབས་ལུ་ འཐེན་དོ་ཡོདཔ་མས། དེ་ཡང་ ད་ལོར་མཇལ་བས་སེམས་པ་དགའ་སྟེ་དང་ ཤུལ་ལས་ལོག་སྟེ་འཕྱད་ཚུགས་པའི་སྨོན་ཚིག་ཚུ་འཐོནམ་ཨིན་མས། གླུ་གཞས་དེ་ཡང་ འབྱུང་ཁུངས་དང་བྱུང་རབས་ བརྩམས་པ་པོ་ཚུ་མི་ཤེས་དོ་ཡོདཔ་ཨིན་རུང་ མོ་ར་འབད་བ་ཅིན་ མོ་རའི་ཨའི་པདྨ་ལྷ་སྒྲོན་ལས་ལྷབ་ལྷབ་ཨིན་པས།
- Trashigang
- Phongme
- པདྨ་དབྱངས་འཛོམས་Pema Yangzom: དགུང་སྟོད་མཐོན་པོ་ལ་མོའི་ཕར་རྒྱན་(རྒྱབ་)སོ་ཡ། །ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱན་(རྒྱབ་)སོ་ཡ་ལ། །ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སོ་ཡ། །ཚུར་ལ་ཡོང་བའི་ལ་མོའི་[(དབུ་སྐྲ་)?]སོ་ཡ། །ད་ལོར་མཇལ་བའི་སེམས་དཔའ་དགའ་སོང་སོ་ཡ་ལ། ། སང་ཕོད་མཇལ་བའི་སྨོན་ལམ་ལན་གཅིག་བཏབ། །
- པདྨ་དབྱངས་འཛོམས་Pema Yangzom: གངས་སྟོད་མཐོན་པོ་ལ་མོའི་ཚུར་རྒྱན་(ཕར་རྒྱབ་)སོ་ཡ། །སེང་ཆེན་དཀར་མོ་ལ་མོའི་ཚུར་རྒྱན་(རྒྱབ་)སོ་ཡ། ། ཚུར་ལ་ཡོང་བའི་ལ་མོའི་(དབུ་སྐྲ་)སོ་ཡ་། །ད་ལོར་མཇལ་བའི་སེམས་དཔའ་དགའ་སོང་སོ་ཡ་ལ། །སང་ཕོད་མཇལ་བའི་སྨོན་ལམ་ལན་གཅིག་བཏབ། །
- པདྨ་དབྱངས་འཛོམས་Pema Yangzom: སྤང་སྟོད་མཐོན་པོ་ལ་མོའི་ཚུར་རྒྱན་(ཕར་རྒྱབ་)སོ་ཡ། །ཤཝ་རྒས་ར་བཅུ་ལ་མོའི་ཚུར་རྒྱན་(རྒྱབ་)སོ་ཡ། །ཚུར་ལ་ཡོང་བའི་ལ་མོའི་(དབུ་སྐྲ་)སོ་ཡ་། །ད་ལོར་མཇལ་བའི་སེམས་དཔའ་དགའ་སོང་སོ་ཡ་ལ། །སང་ཕོད་མཇལ་བའི་སྨོན་ལམ་ལན་གསུམ་བཏབ། །
- པདྨ་དབྱངས་འཛོམས་Pema Yangzom: ནག་སྟོད་མཐོན་པོ་ལ་མོའི་ཚུར་རྒྱན་(ཕར་རྒྱབ་)སོ་ཡ། ། སྟག་མོའི་རིས་མཛེས་ལ་མོའི་ཚུར་རྒྱན་(རྒྱབ་)སོ་ཡ། །ཚུར་ལ་ཡོང་བའི་ལ་མོའི་(དབུ་སྐྲ་)སོ་ཡ། །ད་ལོར་མཇལ་བའི་སེམས་དཔའ་དགའ་སོང་སོ་ཡ་ལ། །སང་ཕོད་མཇལ་བའི་སྨོན་ལམ་ལན་གཅིག་བཏབ། །
- པདྨ་དབྱངས་འཛོམས་Pema Yangzom: གཙང་(དགོན་)སྟོད་མཐོན་པོ་ལ་མོའི་ཚུར་རྒྱན་(ཕར་རྒྱབ་)སོ་ཡ། །མཚན་ལྡན་བླ་མ་ལ་མོའི་ཚུར་རྒྱན་(རྒྱབ་)སོ་ཡ་ལ། །མཚན་ལྡན་བླ་མ་ལ་མོའི་ཚུར་རྒྱབ་སོ་ཡ། །
- པདྨ་དབྱངས་འཛོམས་Pema Yangzom: རྫོང་སྟོད་མཐོན་པོ་ལ་མོའི་ཕར་རྒྱན་(རྒྱབ་)སོ་ཡ། །དབང་ཆེན་དཔོན་པོ་ལ་མོའི་ཚུར་རྒྱན་(རྒྱབ་)སོ་ཡ། །ཚུར་ལ་ཡོང་བའི་ལ་མོའི་(དབུ་སྐྲ་)སོ་ཡ། །ད་ལོར་མཇལ་བའི་སེམས་དཔའ་དགའ་སོང་སོ་ཡ་ལ། །སང་ཕོད་མཇལ་བའི་སྨོན་ལམ་ལན་གཅིག་བཏབ། །
- པདྨ་དབྱངས་འཛོམས་Pema Yangzom: གཡུས་སྟོད་མཐོན་པོ་ལ་མོའི་ཕར་རྒྱན་(རྒྱབ་)སོ་ཡ། །དྲིན་ཅན་ཕ་མ་ལ་མོའི་ཚུར་རྒྱན་(རྒྱབ་)སོ་ཡ། །ཚུར་ལ་ཡོང་བའི་ལ་མོའི་(དབུ་སྐྲ་)སོ་ཡ་། །ད་ལོར་མཇལ་བའི་སེམས་དཔའ་དགའ་སོང་སོ་ཡ་ལ། །སང་ཕོད་མཇལ་བའི་སྨོན་ལམ་ལན་གཅིག་བཏབ། །
- པདྨ་དབྱངས་འཛོམས་Pema Yangzom: རྫོགས་སོ་ཡི་ ལགས་སོ།། །།