Video Overview
Rinchen Wangmo from Khoma gewog in Lhuntse district sings “Gungtoed Thoenpo” , which loosely translates as “The High Sky”. The song expresses a request that the spiritual master or root teacher come back and gives blessings to us. The lyrics recall that the master was offered locally brewed alcohol in the previous year, and suggest that he or she come again to receive this year’s share.
༉ ལྷུན་རྩེ་རྫོང་ཁག་ མཁོ་མ་རྒེད་འོག་ལས་ རིན་ཆེན་བཟང་མོ་དང་ཆ་རོགས་ཀྱིས་ བོད་སྒྲའི་གླུ་གཞས་ དགུང་སྟོད་མཐོན་པོ་ཟེར་མི་འདི་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ མཚན་ལྡན་གྱི་བླམ་མམ་དགེ་བའི་བཤེས་གཉེན་འདི་ ལོག་བྱོན་ཞིནམ་ལས་ ང་བཅས་ཆ་ཁྱབ་ལུ་དམ་པའི་ཆོས་གནང་སྟེ་བཀའ་དྲིན་བསྐྱང་གནང་ཟེར་ གསོལཝ་བཏབ་ཨིན་མས། གླུ་གཞས་ཀྱི་ཚིག་ནང་ ལོ་ཧེ་མམ་ནང་ བླམ་ལུ་སྦང་ཆང་དྲངས་མི་ཚུ་སེམས་ཁར་ལྷང་ལྷང་དྲན་དོ་ཡོདཔ་ད་ བླམ་མཆོག་ད་རུང་ཡང་ལོག་བྱོན་ཏེ་ དུས་ཅི་གི་བགོ་བཤའ་འདི་བཞེས་པར་བྱོན་གནང་ཟེར་བའི་དོན་ཨིན་མས། གླུ་གཞས་འདི་ ནམ་ལས་བྱུང་བྱུངམ་ཨིན་ན་ ག་གིས་བརྩམས་བརྩམས་ཨིན་ན་མ་ཤེས་པའི་གུ་ལུ་ ཡོངས་གྲགས་གནམ་མེད་ས་མེད་ཅིག་མེདཔ་ཨིན་པས།
- Lhuntse
- Rinchen Wangmo and friend: དགུང་ལ་སྟོད་མཐོན་པོ་མཐོན་པོའི་ཕྱོགས་ལ་བཞུགས་ལ་ཡོད། །ཁྲི་ལ་གདུགས་ཉི་མ་སེམས་པ་ཞུ་དང་[བརྒྱ་བསམ་ལ། །བརྒྱ་བསམ་?]ལྷ་ཡི་སྲས་ལས་མོ། །གླིང་སངས་ལ་གླིང་སངས་ཆོས་ཀྱི་ཕོ་ལས་བྲང་། །རིན་ཆེན་དབང་མོ་དང་ཆ་རོགས་
- Rinchen Wangmo and friend: གངས་ལ་སྟོད་མཐོན་པོ་མཐོན་པོའི་ཕྱོགས་ལ་བཞུགས་ལ་ཡོད། །སེང་ལ་ཆེན་དཀར་མོ་སེམས་པ་ཞུ་དང་བརྒྱ་བསམ་ལ། །བརྒྱ་བསམ་ལྷ་ཡི་སྲས་ལེ་མོ། །གླིང་སངས་ལ་གླིང་སངས་ཆོས་ཀྱི་ཕོ་ལེ་བྲང་། །རིན་ཆེན་དབང་མོ་དང་ཆ་རོགས་
- Rinchen Wangmo and friend: སྤང་ལ་སྟོད་མཐོན་པོ་མཐོན་པོའི་ཕྱོགས་ལ་བཞུགས་ལ་ཡོད། །ཤཝ་ལ་བྱ་(ཤཝ་ལ་རྒས་)གཡུ་མོ་སེམས་པ་ཞུ་དང་བརྒྱ་བསམ་ལ། །བརྒྱ་བསམ་ལྷ་ཡི་སྲས་ལེ་མོ། །གླིང་སངས་ལ་གླིང་སངས་ཆོས་ཀྱི་ཕོ་ལེ་བྲང་། །རིན་ཆེན་དབང་མོ་དང་ཆ་རོགས་
- Rinchen Wangmo and friend: མཚོ་ལ་སྟོད་མཐོན་པོ་མཐོན་པོའི་ཕྱོགས་ལ་བཞུགས་ལ་ཡོད། །ཉའུ་ཅུང་གསེར་མོ་སེམས་པ་ཞུ་དང་བརྒྱ་བསམ་ལ། །བརྒྱ་བསམ་ལྷ་ཡི་སྲས་ལེ་མོ། །གླིང་སངས་ལ་གླིང་སངས་ཆོས་ཀྱི་ཕོ་ལེ་བྲང་། །རིན་ཆེན་དབང་མོ་དང་ཆ་རོགས་
- Rinchen Wangmo and friend: གྲལ་ལ་(རྫོང་ལ་)སྟོད་མཐོན་པོ་མཐོན་པོའི་ཕྱོགས་ལ་བཞུགས་ལ་ཡོད། །བླ་མ་ལ་སློབ་དཔོན་སེམས་པ་ཞུ་དང་བརྒྱ་བསམ་ལ། །བརྒྱ་བསམ་ལྷའི་སྲས་ལེ་མོ། །གླིང་སངས་ལ་གླིང་སངས་ཆོས་ཀྱི་ཕོ་ལེ་བྲང་། །རིན་ཆེན་དབང་མོ་དང་ཆ་རོགས་
- Rinchen Wangmo and friend: ལགས་སོ་ལགས།། །།རིན་ཆེན་དབང་མོ་དང་ཆ་རོགས་