Skip to main content Skip to search
01 Sep 2018
7 min 42 sec
Video Overview
Creators: 
Duptho, Sonam Chophel

Karma Yangzom and her friends learnt this song from their elders in the village. According to the participants, they said that young people generally do not give much interest to learn from the elders and tend to look for their music outside. The context of the song that people are subject to change over time. The lyrics of the song request sacred objects, natural elements and figures to remain without any change. For example, the dharma friends were believed to be loyal and sacred, and they are requested to abide.

གླུ་གཞས་འཐེན་མི་འདི་ སག་སྟེང་རྒེད་འོག་ བོ་རང་མང་གཡུས་ཚན་ལས་ ཀརྨ་དབྱངས་འཛོམས་དང་ཆ་རོགས་ཚུ་ཨིནམ་ད་ ལོ་ངོ་ལེ་ཤ་ཅིག་གི་ཧེ་མ་ལས་ གཡུས་ཚན་འདི་ནང་ གླུ་གཞས་འདི་འཐེན་སྲོལ་ཡོད་རུང་ ག་ཟེར་གིས་ བརྩམས་བཞག་བཞགཔ་ཨིན་ན་ ཁ་གསལ་སྦེ་སླབ་མ་ཤེས་རུང་ ཁོ་རའི་ཕམ་ཚུ་ལས་སྦེ་ གླུ་གཞས་འདི་ལྷབ་སྦྱངས་འབད་ནུག། འདི་ནང་བཅའ་མར་གཏོགས་མི་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པའི་ན་གཞོན་ཚུ་ ཕྱི་གླིང་གི་ཞབས་བྲོ་དང་ས ྙན་ཆ་ཚུ་ལུ་ཤུགས་ཐལ་མི་ལུ་བརྟེན་ གླུ་གཞས་འདི་ཚུ་ལུ་ སྤྲོ་མ་ལན་མི་བཏུབ་པས་ཟེར་མས། ཏེ་གླུ་གཞས་ཀྱི་ཚིག་འདི་ནང་ ད་རེས་ནངས་པ་ དུས་ཀྱི་འགྱུར་བ་དང་བསྟུན་ ང་བཅས་ར་མི་ཚུ་ཡང་འགྱུར་འགྱོཝ་མ་ཚད་ རང་བཞིན་གནས་སྟངས་དང་ ནང་རྟེན་རྩ་ཅན་ འདི་ལས་ཆོས་གྲོགས་ཚུ་ཡང་འགྱུར་སོང་སྟེ་ དམ་ཚིག་མ་འཁྲུག་པར་ བརྟན་ཏོག་ཏོ་སྦེ་སྡོད་བཅུག་ཟེར་བའི་སྨོན་ལམ་བཏབ་མས།

Transcript search
No results found for this search
0 of 0
  • སངས་རྒྱས་རྡོ་རྗེ
    ད་ ང་བཅས་ སག་སྟེང་པའི་ ལུགས་སྲོལ་ དཔོན་ཆེ་ཆུང་ ག་བཟུམ་བྱོན་རུང་ བླ་མ་ག་བཟུམ་བྱོན་རུང་ ཏེ་ ང་བཅས་ཀྱི་ གདན་འདྲེན་གྱི་ ཞབས་བྲོ་བཟུམ་ཅིག་སྦེ་ ཞབས་བྲོ་ཅིག་འཐོན་སྲོལ་ཡོད། ཏེ་ ཨ་ནི་ཚིག་གཅིག་དེ་ཅིག་ ཨ་ནཱ་ལས་ མར་ ང་གིས་ཞུ་བལྟ་གེ་ཟེར་ཞུ་ནི།
  • སངས་རྒྱས་རྡོ་རྗེ
    དགུང་སྟོད་མཐོན་པོ་ ཕྱི་ལ་བཞུགས་པའི། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    ཁྲི་གདུང་ཉི་མ་ ནང་ལ་བཞུགས་པའི། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    གངས་སྟོད་མཐོན་པོ་ ཕྱི་ལ་བཞུགས་པའི། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    སེང་ཆེན་དཀར་མོ་ ནང་ལ་བཞུགས་པའི། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    རྫོང་སྟོད་མཐོན་པོ་ ཕྱི་ལ་བཞུགས་པའི། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    དབང་ཆེན་དཔོན་པོ་ ནང་ལ་བཞུགས་པའི། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    དགོན་སྟོད་མཐོན་པོ་ ཕྱི་ལ་བཞུགས་པའི། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    མཚན་ལྡན་བླ་མ་ ནང་ལ་བཞུགས་པའི། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    གཡུས་སྟོད་མཐོན་པོ་ ཕྱི་ལ་བཞུགས་པའི། །ཕྱི་ལ་བཞུགས་པའི། །བཅགས་རི་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    དྲིན་ཅན་ཕ་མ་ ནང་ལ་བཞུགས་པའི། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །ནང་ལ་བཞུགས་པའི། །ནོར་བུ་ལས་སེ་འདྲ། །
  • སངས་རྒྱས་རྡོ་རྗེ
    ལ་སོ་ལགས་ བཀྲིན་ཆེ།