Skip to main content Skip to search
20 Jun 2018
7 min 9 sec
Video Overview
Creators: 
Duptho, Sonam Chophel

Yeshi Choden of Pangthang Village in Phongmey, Tashigang sings a Boedra song called Gungtey Thonpo Olokepi Keyul Marey (The High Sky is Not the Birthplace of a Child). This song describes a series of relationships between two items, such as the sky and the sun, the mountain and the lion, the ocean and the golden fish, the village and the parents, and the temple and the master. The lyrics also say that those places can be visited by horse, and tea and drinks will be offered. The song is performed in a circular formation of around five to twenty dancers. The origin and the composer of the song are unknown.

 

བཀྲིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་སྤང་ཐང་ལས་ཨིན་མི་ ཡེ་ཤེས་ཆོས་སྒྲོན་གྱི་ འབོད་སྒྲའི་ཞབས་ཁྲ་ སྒུང་སྟོད་ཐེན་པོ་ཨོ་ལ་སྐྱེས་པའི་མ་རེད་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ཡང་  འཛིག་རྟེན་བྱེད་པ་པོ་གཉིས་ཀྱི་ བར་ན་འགྲེལ་བཤད་རྐྱབ་ ཨིན་མས། དེ་ཡང་ གནམདང་ཉིམ་ གངས་དང་སེང་གེ་ ས་གཞི་དང་ཀ་ཤ་ རྒྱ་མཚོ་དང་གསེར་གྱི་ཉ་ གཡུས་དང་ཕམ་  ལྷ་ཁང་དང་སློབ་དཔོན་ཚུ་གི་བར་ན་ ཨིན་མས། དེ་མ་ཚད་ ཞབས་ཁྲའི་ཚིག་འདི་ནང་ ས་གནས་འདི་ཚུ་ནང འགྱོ་དགོ་པ་ཅིན་ རྟ་གུ་བཞོན་ཏེ་འགྱོ་ཚུགསཔ་ཨིན་མས དེ་འི་སྐབས་ཇ་དང་ཆང་སྟོན་ ཡང་ཕུལཝ་ཨིན་མས།  ཞབས་ཁྲ་འདི་འབོད་སྒྲ་ ཨིནམ་ལས་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་ དེའི་འབྱང་ཁུངས་དང་ རྩོམ་པ་པོ་འདི་ མ་ཤེས་མས།

 

Transcript search
No results found for this search
0 of 0
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    དགུང་སྟོད་མཐོན་པོ་ཨ་ལོ་སྐྱེས་བའི་སྐྱེས་ཤིང་(སྐྱེས་པའི་སྐྱེས་ཡུལ་)མ་རེད་ལ་སོ། །ཁྲི་གདུགས་ཉི་མ་ཨ་ལོ་འགྲོ་བའི་རྟ་ལ་ཁྱེར་སོང་(ཤོག་)ལགས་སོ། །ཕར་ལ་འགྲོ་འགྲོ་འགྲོ་འགྲོ་རྟ་ལས་སྐྱེལ་བ་སླེབས་སོང་(རྟ་ཕོའི་སྐྱེལ་མ་ཡོད་རེད་)ལགས་སོ། །ཚུར་ལ་ཡོང་ཡོང་ཇ་དང་ཇ་ཤིང་བསུ་སླེབས་སོང་(ཇ་དང་ཆང་གིས་བསུ་བ་)ལགས་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    གངས་སྟོད་མཐོན་པོ་ཨ་ལོ་སྐྱེས་བའི་སྐྱེས་ཤིང་(སྐྱེས་པའི་སྐྱེས་ཡུལ་)མ་རེད་ལགས་སོ། །སེང་ཆེན་དཀར་མོ་ཨོ་ལོ་འགྲོ་བའི་རྟ་ལ་ཁྱེར་སོང་(ཤོག་)ལགས་སོ། །ཕར་ལ་འགྲོ་འགྲོ་འགྲོ་འགྲོ་རྟ་ལས་སྐྱེལ་བ་སླེབས་སོང་(རྟ་ཕོའི་སྐྱེལ་མ་ཡོད་རེད་)ལགས་སོ། །ཚུར་ལ་ཡོང་ཡོང་ཇ་དང་ཇ་ཤིང་བསུ་བ་སླེབས་སོང་(ཇ་དང་ཆང་གིས་བསུ་བ་)ལགས་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    སྤང་སྟོད་མཐོན་པོ་ཨོ་ལོ་སྐྱེས་བའི་སྐྱེས་ཤིང་(སྐྱེས་པའི་སྐྱེས་ཡུལ་)མ་རེད་ལགས་སོ། །ཤཝ་རྒས་རྭ་བཅུ་ཨོ་ལོ་འགྲོ་བའི་རྟ་ལ་ཁྱེར་སོང་(ཤོག་)ལགས་སོ། །ཕར་ལ་འགྲོ་འགྲོ་འགྲོ་འགྲོ་རྟ་ལས་སྐྱེལ་བ་སླེབས་སོང་(རྟ་ཕོའི་སྐྱེལ་མ་ཡོད་རེད་)ལགས་སོ། །ཚུར་ལ་ཡོང་ཡོང་ཇ་དང་ཇ་ཤིང་བསུ་བ་སླེབས་སོང་(ཇ་དང་ཆང་གིས་བསུ་བ་)ལགས་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ནགས་སྟོད་མཐོན་པོ་ཨོ་ལོ་སྐྱེས་བའི་སྐྱེས་ཤིང་(སྐྱེས་པའི་སྐྱེས་ཡུལ་)མ་རེད་ལགས་སོ། །དོམ་བུར་གཉིས་ཀ་(སྟག་མོ་རིས་མཛེས་)ཨོ་ལོ་འགྲོ་བའི་རྟ་ལ་ཁྱེར་སོང་(ཤོག་)ལགས་སོ། །ཕར་ལ་འགྲོ་འགྲོ་འགྲོ་འགྲོ་རྟ་ལས་སྐྱེལ་བ་སླེབས་སོང་(རྟ་ཕོའི་སྐྱེལ་མ་ཡོད་རེད་)ལགས་སོ། །ཚུར་ལ་ཡོང་ཡོང་ཇ་དང་ཇ་ཤིང་བསུ་བ་སླེབས་སོང་(ཇ་དང་ཆང་གིས་བསུ་བ་)ལགས་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    མཚོ་སྟོད་ཕྱོགས་ལ་(མཐོན་པོ་)ཨོ་ལོ་སྐྱེས་བའི་སྐྱེས་ཤིང་(སྐྱེས་པའི་སྐྱེས་ཡུལ་)མ་རེད་ལགས་སོ། །གསེར་མིག་ན་མོ་(ཉ་མོ་)ཨོ་ལོ་འགྲོ་བའི་རྟ་ལ་ཁྱེར་སོང་(ཤོག་)ལགས་སོ། །ཕར་ལ་འགྲོ་འགྲོ་འགྲོ་འགྲོ་རྟ་ལས་སྐྱེལ་བ་སླེབས་སོང་(རྟ་ཕོའི་སྐྱེལ་མ་ཡོད་རེད་)ལགས་སོ། །ཚུར་ལ་ཡོང་ཡོང་ཇ་དང་ཇ་ཤིང་བསུ་བ་སླེབས་སོང་(ཇ་དང་ཆང་གིས་བསུ་བ་)ལགས་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    རྫོང་སྟོད་ཕྱོགས་ལ་(མཐོན་པོ་)ཨོ་ལོ་སྐྱེས་བའི་སྐྱེས་ཤིང་(སྐྱེས་པའི་སྐྱེས་ཡུལ་)མ་རེད་ལགས་སོ། །དབང་ཆེན་དཔོན་པོ་ཨོ་ལོ་འགྲོ་བའི་རྟ་ལ་ཁྱེར་སོང་(ཤོག་)ལགས་སོ། །ཕར་ལ་འགྲོ་འགྲོ་འགྲོ་འགྲོ་རྟ་ལས་སྐྱེལ་བ་སླེབས་སོང་(རྟ་ཕོའི་སྐྱེལ་མ་ཡོད་རེད་)ལགས་སོ། །ཚུར་ལ་ཡོང་ཡོང་ཇ་དང་ཇ་ཤིང་བསུ་བ་སླེབས་སོང་(ཇ་དང་ཆང་གིས་བསུ་བ་)ལགས་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    དགོན་སྟོད་ཕྱོགས་ལ་(མཐོན་པོ་)ཨོ་ལོ་སྐྱེས་བའི་སྐྱེས་ཤིང་(སྐྱེས་པའི་སྐྱེས་ཡུལ་)མ་རེད་ལགས་སོ། །མཚན་ལྡན་བླ་མ་ཨོ་ལོ་འགྲོ་བའི་རྟ་ལ་ཁྱེར་སོང་(ཤོག་)ལགས་སོ། །ཕར་ལ་འགྲོ་འགྲོ་འགྲོ་འགྲོ་རྟ་ལས་སྐྱེལ་བ་སླེབས་སོང་(རྟ་ཕོའི་སྐྱེལ་མ་ཡོད་རེད་)ལགས་སོ། །ཚུར་ལ་ཡོང་ཡོང་ཇ་དང་ཇ་ཤིང་བསུ་བ་སླེབས་སོང་(ཇ་དང་ཆང་གིས་བསུ་བ་)ལགས་སོ། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    གཡུས་སྟོད་ཕྱོགས་ལ་(མཐོན་པོ་)ཨོ་ལོ་སྐྱེས་བའི་སྐྱེས་ཤིང་(སྐྱེས་པའི་སྐྱེས་ཡུལ་)མ་རེད་ལགས་སོ། །ཡབ་ཡུམ་གཉིས་ཀྱི་ཨོ་ལོ་འགྲོ་བའི་རྟ་ལ་ཁྱེར་སོང་(ཤོག་)ལགས་སོ། །ཕར་ལ་འགྲོ་འགྲོ་འགྲོ་འགྲོ་རྟ་ལས་སྐྱེལ་བ་སླེབས་སོང་(རྟ་ཕོའི་སྐྱེལ་མ་ཡོད་རེད་)ལགས་སོ། །ཚུར་ལ་ཡོང་ཡོང་ཇ་དང་ཇ་ཤིང་བསུ་བ་སླེབས་སོང་(ཇ་དང་ཆང་གིས་བསུ་བ་)ལགས་སོ།། །།