Skip to main content Skip to search
28 Aug 2018
2 min 48 sec
Rating
0
No votes yet
Video Overview
Creators: 
Sonam Tobgye, Ugyen

དགུང་སྟོད་མཐོན་པོ་གསེར་གྱི་ཀ་བ་ལ་ཟེར་མི་གླུ་གཞས་འདི་ནང་ དམ་པའི་ཆོས་གཅིག་ཁར་སྒྲུབ་མི་ ཆོས་གྲོགས་ཚུའི་བར་ན་ཡོད་པའི་འབྲེལ་བའི་སྐོར་ལས་སླབ་ཨིནམ་ད་ འདི་ནང་གནམ་དང་ཉིམ་འདི་ དཔེ་གཟུགས་སྦེ་བཀོད་ཐོག་ལས་ དོན་ང་བཅས་རའི་མི་ཚེ་ལུ་མནོ་བསམ་བཏང་སྟེ་ གསེར་དང་གཡུ་བཟུམ་སྦེ་འགྱུར་བ་མེདཔ་སྦེ་སྡོད་པའི་རེ་བ་བསྐྱེདཔ་ཨིན་པས། གླུ་གཞས་འདི་ནང་ ཆོས་གྲོགས་ཀྱི་བར་ནའི་ ཐ་དང་དམ་ཚིག་འདི་ གསེར་གྱི་ཀཝ་ལས་སྒྲིང་སྒྲིང་དང་ གཡུའི་སྡོང་པོ་ལས་ཡང་རིངམོ་སྦེ་གནས་བཅུག་ཟེར་བའི་ སྨོན་ལམ་བཏབ་མས། གླུ་གཞས་ཀྱི་ཚིག་ལུ་ཉནམ་ད་ ནོར་བུ་སྒྲོལ་མ་དང་ བསོད་ནམས་ལྷ་མོ་གིས་ ཚིགས་བཅད་གཉིས་ལས་མ་འཐེནམ་ལས་ ཞབས་བྲོ་འདི་མཇུག་མ་བསྡུཝ་བཟུམ་ཅིག་ཡོདཔ་ད་ ངོ་མ་འབད་བ་ཅིན་ དཔེ་གཟུགས་ཅན་གྱི་གླུ་གཞས་འདི་ཚུ་ནང་ སྤང་དང་ཤ་བ་ ཆུ་དང་ཉ་མོ་ཟེར་ དཔེ་ལེ་ཤ་ཅིག་འོང་དགོཔ་ཨིན།

Show More

  • ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ Norbu Dema & Sonam Lhamo
    དགུང་སྟོད་མཐོན་པོ་གསེར་གྱི་ཀ་བ་ལ་ཅིག་འདྲ་སོང་། །ཁྲི་གདུགས་ཉི་མ་གཡུ་ཡི་སྡོང་པོ་ལ་ཅིག་འདྲ་སོང། །གསེར་གྱི་ཀ་བ་འགྱུར་ལྡོག་མེད་པ་ལ་ཅིག་བཞུགས་ཡོད། །གཡུ་ཡི་སྡོང་པོ་རྒྱུན་ཆད་མེད་པ་ལ་ཅིག་བཞུགས་ཡོད། །གཡུ་ཡི་སྡོང་པོ་རྒྱུན་ཆད་མེད་པ་ལ་ཅིག་བཞུགས་ཡོད། །
  • ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ Norbu Dema & Sonam Lhamo
    རང་སེམས་དགའ་་་་་་ རང་སེམས་དགའ་བ་ལུས་སེམས་སྐྱིད་པ་ལ་ཅིག་བཞུགས་ཡོད། །ཆོས་གྲོགས་དག་ལ་དམ་ཚིག་གཙང་མ་ལ་ཅིག་བཞུགས་ཡོད། །ཆོས་གྲོགས་དག་ལ་དམ་ཚིག་གཙང་མ་ལ་ཅིག་བཞུགས་ཡོད། །
  • ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ Norbu Dema & Sonam Lhamo
    གངས་སྟོད་མཐོན་པོ་གསེར་གྱི་ཀ་བ་ལ་ཅིག་འདྲ་སོང་། །སེང་ཆེན་དཀར་མོ་གཡུ་ཡི་སྡོང་པོ་ལ་ཅིག་འདྲ་སོང། །གསེར་གྱི་ཀ་བ་འགྱུར་ལྡོག་མེད་པ་ལ་ཅིག་བཞུགས་ཡོད། །གཡུ་ཡི་སྡོང་པོ་རྒྱུན་ཆད་མེད་པ་ལ་ཅིག་བཞུགས་ཡོད། །གཡུ་ཡི་སྡོང་པོ་རྒྱུན་ཆད་མེད་པ་ལ་ཅིག་བཞུགས་ཡོད། །
  • ནོར་བུ་སྒྲོལ་མ་དང་བསོད་ནམས་ལྷ་མོ Norbu Dema & Sonam Lhamo
    རང་སེམས་དགའ་བ་ལུས་སེམས་སྐྱིད་པ་ལ་ཅིག་བཞུགས་ཡོད། །ཆོས་གྲོགས་དག་ལ་དམ་ཚིག་གཙང་མ་ལ་ཅིག་བཞུགས་ཡོད། །ཆོས་གྲོགས་དག་ལ་དམ་ཚིག་གཙང་མ་ལ་ཅིག་བཞུགས་ཡོད། །ལགས་སོ་ལགས།། །།