Skip to main content Skip to search
21 Jun 2018
2 min 47 sec
Video Overview
Creators: 
Duptho, Sonam Chophel

Ugyen from Radhi Gewog, Tashigang sings an old boedra song entitled Gungtey Thonpo Sergi Kawa Dra (The High Sky is Like a Golden Pillar). The composer of this song compares the sky with immortal golden and sliver pillars. He then offers the inner and the outer beauty of the song to those pillars of the sky. The outer beauty of the song is the most auspicious among all, and the inner beauty of the song is like stars symbolizing an undying dedication and faith. Since the song is an auspicious song, it is performed in auspicious celebrations, occasions and gatherings. The composer and origin of the song are unknown.

 

བཀྲིས་སྒང་རྫོང་ཁག  རདྷི་རྒེད་འོག་ལས་འབད་མི་ ཨྱོན་གི་བོད་སྒྲ་རྙིང་ཤོས་ སྒང་སྟོད་ཐེན་པོ་གསེར་གྱི་ཟླ་ཝ་འདྲ་ ཟེར་མི་འདི་འཐེནམ ཨིན་མས། ཞབས་ཁྲ་འདི་ཡང་ རྩམ་པ་པོ་གིས་གནམ་ཁ་འདི་ ཨ་རྟག་ར་སྡོད་ནི་ཡོད་པའི་ གསེར་དང་གངུལ་གྱི་ཀཝ་གཉིས་ཀྱི་བར་ན་ ཁྱད་པར་བཤདཔ་ཨིན་མས། དེ་ལས་ཁོ་གི་ གླུ་གཞས་ཀྱི་ཕྱི་ནང་གཉིས་ཀྱི་ མཛེས་པ་འདི་གནམ་ཁའི་ཀཝ་ལུ་ ཕུལ་ནུག། གླུ་གཞས་ཀྱི་ཕྱིའི་མཛེས་པ་འདི་ ག་ར་ལས་དགེ་ཚན་ཅན་གཅིག་ འབད་ རྩིཝ་ཨིན་མས།  གླུ་གཞས་འདི་གི་ནང་གི་མཛེས་པ་འདི་ དུས་གཏན་རྐྱང་ ལྷག་བསམ་རྣམ་དག་དང་ཡིད་ཆེས་ཡོད་མི་ སྐར་མ་ལུ་དཔེ་བཞག་ནུག།   ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས  དགའ་སྟོན་དང་རྟེན་འབྲེལ་  ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • ཨོ་རྒྱན་ Ugyen
    དགུང་སྟོད་མཐོན་པོ་གསེར་གྱི་ཀ་བ་(ལ)་དང་འདྲ་(ལ)། །གསེར་གྱི་ཀ་བ་(ལ)དང་མ་འགྱུར་གཏན་དུ་ལ་སེ་(ཅིག་)བཞུགས། །ཞབས་ཁྲ་འདི་ཕྱི་ལ་ཤེད་ཤེད། །ཕྱི་གི་ཀུན་བཟང་འདི་ཆོས་སྒྲོན་ཞབས་ཁྲ། །ཞབས་ཁྲ་ནང་ལ་རུག་རུག །ནང་གི་གླུ་མོ་འདི་ཀརྨའི་ཞབས་ཁྲ། །ཞབས་ཁྲ་འདི་མང་པོ་མིང་དགོ །དམ་ཚིག་གཙང་མ་(ལ་)དང་བཞུགས་ཡོད། །དམ་ཚིག་གཙང་མ་(ལ་)དང་མ་འགྱུར་གཏན་དུ་ལ་སེ་(ཅིག་)བཞུགས། །
  • ཨོ་རྒྱན་ Ugyen
    གངས་སྟོད་མཐོན་པོ་དངུལ་གྱི་ཀ་བ་(ལ་)དང་འདྲ་(ལ)། །དངུལ་གྱི་ཀ་བ་(ལ)དང་མ་འགྱུར་གཏན་དུ་ལ་སེ་(ཅིག་)བཞུགས། །ཞབས་ཁྲ་འདི་ཕྱི་ལ་ཤེད་ཤེད། །ཕྱི་གི་ཀུན་བཟང་འདི་ཆོས་སྒྲོན་ཞབས་ཁྲ། །ཞབས་ཁྲ་ནང་ལ་རུག་རུག །ནང་གི་གླུ་མོ་འདི་ཀརྨའི་ཞབས་ཁྲ། །ཞབས་ཁྲ་འདི་མང་པོ་མིང་དགོ །དམ་ཚིག་གཙང་མ་(ལ་)དང་བཞུགས་ཡོད། །དམ་ཚིག་གཙང་མ་(ལ་)དང་མ་འགྱུར་གཏན་དུ་ལ་ཅིག་བཞུགས། །ལགས་སོ།། །།