20 Jun 2018
7 min 27 sec
Video Overview
Creators:
Duptho, Sonam Chophel
In this video, a group of men from Thrakthri village in Sakteng Gewog sings “The High Sky” (Gungtoed Thoenpo), a boedra song. The song expresses a request that the dharma teacher come back and give blessings. The song has been sung in their village since very old times. Unsure of who composed the song, they said they learned the song from village elders.
མོང་སྒར་རྫོང་ཁག་ དགོངས་འདུས་རྒེད་འོག་ དག་ས་གཡུ་ཚན་ལས་ ཚེས་བཅུ་ལ་གིས་འཐེན་མི་གླུ་གཞས་ དགུང་སྟོད་འཐོན་པོ་ ལ་མོའི་ཕར་རྒྱབ་ན་ཟེར་མི་འདི་ སུམ་ཆང་སེར་མོ་ཟེར་ཡོད་པའི་ ཆང་འདིའི་སྐོར་ལས་ཨིནམ་ད་ འདི་ནང་མང་ཤོས་ཅིག་ པདྨ་བུད་ཁྲི་དང་ པདྨ་མཁའ་འགྲོ་ཟེར་མི་གི་ མིང་བཏོན་ཏེ་ ཨམ་སྲུ་དང་ ཆང་གི་སྐོར་ལས་ ལོག་ཅི་ལོག་ཅི་སྦེ་ སླབ་ཨིན་པས།
- Trashigang
- Sakteng Thrak Thri
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsམེ་ཏོག་ཆུང་རུང་མཆོད་པའི་ཟས་ མཆོད་པ་ཕུལ་ན་རྟེན་འབྲེལ་ཚུལ་ཟེར་ ད་ ང་རའི་སག་སྟེང་རྒེད་འོག་དང་ གཡུས་བཅུ་ཐམ་འདི་དང་ དེ་ལས་གཡུས་ བོ་རོང་མང་ ཁྲག་ཁྲིག་ ལྗོང་མཁར་ སྤྱི་འོག་ལྔ་ཡོད་ཟེར་ཞུཝ་ཨིན་ལགས། སྤྱི་འོག་ལྔ་ནང་ལུ་ ང་བཅས་རའི་དཔོན་ཕེབས་སྟེ་ བློན་པོ་དང་གཅིག་བྱོན་ཏེ།
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsགཅིག་གི་གཅིག་ལུ་ ཕར་ཚུར་འགྱོ་བའི་དོན་ལུ་དང་ ང་བཅས་རའི་ཁ་ཐུག་ལས་ གླུ་ཚིག་གཉིས་གསུམ་དེ་ཅིག་ཞུ་གེ་ མེ་ཏོག་ཆུང་རུང་མཆོད་པའི་ཟས་ མཆོད་པ་ཕུལ་ན་རྟེན་འབྲེལ་ཚུལ་ཟེར་ དང་ཕུ་གིས་ལམ་ལུགས་སྲོལ་ ང་བཅས་རའི་འབྲོག་པའི་ལམ་ལུགས་སྲོལ་ གཅིག་ཨིན་ཟེར་ ང་བཅས་རའི་ མི་དབང་མངའ་བདག་རིན་པོ་ཆེ་ཡབ་སྲས་ཀྱི་ དེ་ལས་དཔལ་ལྡན་འབྲུག་པའི་ ཆོས་སྲིད་གཉིས་ལྡན་གྱི་བསྟན་པ་ ང་བཅས་རའི་གཡུས་སྒོ་ནང་ལུ་ དང་པོ་ང་བཅས་རའི་ གཅིག་གི་གཅིག་ལུ་ཡོད་མི་འདི་ ང་བཅས་ཚུ་གིས་མདོར་བསྡུས་སུ་ཅིག་ཞུ་ནི་ཟེར་
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsང་བཅས་རའི་ལུམ་པའི་ནང་ལུ་་་་་་དགའ་སྐྱིད་ཀྱི་ངང་ལུ་ ཕམ་བུ་ཚུ་འཛོམས་ གཉེན་ཉེ་འཁོར་ བླམ་དཔོན་བྱོནམ་ད་ ཡར་ལུ་བསྐྱལ་ད་ མར་ལུ་ཕེབས་ད་ གླུ་ཚིག་གཉིས་གསུམ་དེ་ཅིག་ཞུ་གེ་ཟེར་
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsཡ་ལགས་ལོ། དགུང་སྟོད་མཐོན་པོ་བདེ་སྡུག་ཨིན་པའི་སོ་ཡ་ལ། །ཁྲི་གདུགས་ཉི་མ་བཞུགས་དོ་ཨིནམ་ལས་སོ་ཡ་ལ། །ཁྲི་གདུགས་ཉི་མ་བཞུགས་དོ་ཨིནམ་ལས་སོ་ཡ་ལ། ། ཨའུ་ཨའུ་ཨོ་ཧོ།
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsད་ ང་རང་འདི་ མེ་རག་སག་སྟེང་ རྒེད་འོག་འདི་ སྤྱི་འོག་ཁྲག་ཁྲིག་ ས་གནས་སོ་ན་ལས་ ང་བཅས་རའི་ལྟོ་ཚང་གིས་ དྲི་བ་དྲིས་ལན་ ནཱ་བྱོན་ ང་བཅས་རའི་ཁ་ཐུག་ལས་ གླུ་གཞས་ ཚིག་གཉིས་གསུམ་དེ་ཅིག་ཞུ་གེ་ཟེར་ བཀྲིས་བདེ་ལེགས།
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsལགས་སོགས་ལ། གངས་སྟོད་མཐོན་པོ་མེ་ཏོག་ཨིན་པས་སོ་ཡ་ལ། །ཁྲི་གདུགས་ཉི་མ་བཞུགས་དོ་མེད་ཡ་ལ། །སེང་ཆེན་དཀར་མོ་བཞུགས་དོ་མེད་སོང་། །
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsཨ་ བཞུགས་ཁཱན་མི་གི་བཀྲ་ཤིས་ཡངས་ཆགས་སོ་ཡ་ལ། །སྤེལ་ཁཱན་མི་གི་སྤྱི་བསམ་དངས་དུ་ཞུ་ཡ་ལ། །སྤེལ་ཁཱན་མི་གི་སྤྱི་བསམ་དངས་དུ་ཞུ་ཡ་ལ། ། ཨའུ་ཨའུ་ཨ་ཧོ།
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsསྤང་སྟོད་མཐོན་པོ་བདེ་སྡུག་ཨིན་པས་སོ་ཡ་ལ། །ཁྲི་གདུགས་ ཚེས་ ཕ་མོ་བཞུགས་དོ་ཨིན་པས་སོ་ཡ་ལ། །ཤ་བ་རྭ་བཅུ་བཞུགས་དོ་ཨིན་པས་སོང་། །
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsཁྲོམ་ཁར་མི་སྡེ་སྤྱི་བསམ་ཁྲོམ་མཐོང་ཤོག་ཡ་ལ། །སྡོད་ཁཱན་མི་སྡེ་བཀྲ་ཤིས་གཡང་ཆགས་ཤོག་ཡ་ལ། །སྡོད་ཁཱན་མི་སྡེ་བཀྲ་ཤིས་གཡང་ཆགས་ཤོག ། ཨའུ་ཨའུ་ཨ་ཧོ།
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsགཡུས་སྟོད་མཐོན་པོ་བདེ་སྡུག་ཨིན་པས་སོ་ཡ་ལ། །དྲིན་ཅན་ཕ་མ་བཞུགས་དོ་ཨིན་པས་སོ་ཡ་ལ། །དྲིན་ཆེན་ཕ་མ་བཞུགས་དོ་ཨིན་པས་སོང་། །
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsཨ་ ཁྲོམ་ཁར་མི་སྡེ་སྤྱི་བསམ་དོན་དུ་སོ་ཡ་ལ། །བཞུགས་ཁཱན་མི་སྡེ་བཀྲ་ཤིས་གཡང་ཆགས་ཤོག་ཡ་ལ། །བཞུགས་ཁཱན་མི་སྡེ་བཀྲ་ཤིས་གཡང་ཆགས་ཤོག་ཡ་ལ། ། ཨའུ་ཨའུ་ཨ་ཧོ།
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsནང་ཉིད་མ་མཆོད་ས་ཐག་རིམ་སོང་སོ་ཡ་ལ། །ཟླ་སྒོ་ཐོས་པའི་སེམས་ཀྱང་རྩེ་མོ་སོང་ཡ་ལ། །ཟླ་སྒོ་ཐོས་པའི་སེམས་ཀྱང་བདག་སྐྱོང་སོང་། །
- པངྨ་དབང་འདུས་དང་ཆ་རོགས་ཚུ Pema Wangdi & Friendsཨའུ་ཨའུ་ཨ་ཧོ། ད་ལྟོ་ཕེབས་ཅིག་ ཤུལ་ལས་ལོག་འཕྱད་གེ་ ལགས་སོ་ལགས།