Skip to main content Skip to search
11 Jan 2017
2 min 48 sec
Video Overview
Creators: 
Rinzin Dema, Khandu, Sonam Choghel

This song sung by Sherub Dorji from Langmikha village of Dogar gewog in Paro district was a good bye song. He sings only the first section of the song while the rest follows in the same manner with changes in the subject such as the meadow and the deer, fish and lake etc. In the first section Sherub sang, the pyrics says, the high sky is behind the mountain while the sun is at the fore front of the mountain. Its been long that we did not meet last year but it was nice to see you this year. The horse and stuff are the offering to the Lama and blessed strongs are the gift from the Lama. To those leaving, offer the good bye drink, the drinks of ara and singchang. To those staying offer fruits of auspiciousness, the auspicious fruits of doma and pani (betel leaves and nut).

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ གླང་མིག་ཁ་གཡུས་ཚན་ལས་ ཤེས་རབ་རྡོ་རྗེ་གིས་འཐེན་མི་གླུ་གཞས་ དགུང་སངས་འཐོན་པོ་ལམ་མི་ཕར་རྒྱབ་ན་འདི་ ཁ་བྲལ་ལེགས་སྨོན་གྱི་ གླུ་གཞས་ཅིག་ཨིན་པས། ཁོ་གིས་ གླུ་གཞས་ཀྱི་ཚ ིག་བཅད་དང་པ་འདི་འཐེན་ཞིནམ་ལས་ གཞན་མི་ཚུ་རིགས་འགྲེ་སྟེ་སྦཻ་ སྤང་དང་ ཀ་ཤ་ ཉ་དང་ མཚོ་སྦེ་ དོན་ཚན་སོར་ཡི་སོར་ཡི་བཙུགས་ཏེ་འཐེནམ་ཨིན་པས། ཚིག་རྐང་དང་པ་འདི་ནང་ ཤེས་རབ་རྡོ་རྗེ་གིས་ དགུང་སྟོན་འཐོན་པོ་ལ་མོའི་ཕམ་རྒྱབ་ན། །ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་ན། །ནང་ཧིང་མ་མཇལ་ས་ཐག་རྒྱང་ལས་རིང་སོང་། །དུས་ཅི་མཇལ་བའི་ཞལ་ལ་དགའ་སོང་། །རྟ་དང་གོས་ཆེན་བླ་མའི་ཕྱག་མཇལ། །བྱིན་རླབས་སྲུང་སྐུད་བླ་མའི་གསོལ་རས། །བྱོན་པའི་མི་ལ་བྱོན་ཆང་དྲང་ཤོག །བྱོན་ཆང་ཨ་རག་བདུད་རྩི་དྲང་ཤོག །བཞུགས་པའི་མི་ལ་བཞུགས་གྲལ་དྲང་ཤོག །བཞུགས་གྲལ་རྡོག་མ་པ་ནེ་དྲང་ཤོག །

Transcript search
No results found for this search
0 of 0
  • ཤེས་རབ་རྡོ་རྗེ།
    དགུང་སངས་མཐོན་མོ་ལ་མོའི་ཕར་རྒྱབ་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    ཁྲི་གདུགས་ཉི་མ་ལ་མོའི་ཚུར་རྒྱབ་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    ན་ཧིང་མ་མཇལ་ས་ཐག་རྒྱང་ལས་རིང་སོང་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    དུས་ཅི་མཇལ་བའི་ཞལ་ལ་དཀར་ཅུང་སྭོ་ཡ་ལ།
  • ཤེས་རབ་རྡོ་རྗེ།
    དུས་ཅི་མཇལ་བའི་ཞལ་ལ་དཀར་ཅུང་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    དར་དང་གོས་ཆེན་བླ་མའི་ཕྱག་མཇལ་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    བྱིན་རླབས་སྲུང་སྐུད་བླ་མའི་གསོལ་ར་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    བྱིན་རླབས་སྲུང་སྐུད་བླ་མའི་གསོལ་ར་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    བྱོན་པའི་མི་ལ་བྱོན་ཆང་དྲངས་ཤོག་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    བྱོན་ཆང་ཨ་ར་བདུད་རྩི་དྲངས་ཤོག་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    བྱོན་ཆང་ཨ་ར་བདུད་རྩི་དྲངས་ཤོག་སྭོ་ཡ་ལ། །
  • ཤེས་རབ་རྡོ་རྗེ།
    བཞུགས་པའི་མི་ལ་བཞུགས་གྲལ་དྲངས་ཤོག་སྭོ་ཡ་ལ།
  • ཤེས་རབ་རྡོ་རྗེ།
    བཞུགས་གྲལ་རྡོག་མ་པ་ནེ་དྲངས་ཤོག་སྭོ་ཡ་ལ།།
  • ཤེས་རབ་རྡོ་རྗེ།
    བཞུགས་གྲལ་རྡོག་མ་པ་ནེ་དྲངས་ཤོག་སྭོ་ཡ་ལ།།ལགས་སོ།། །།