Video Overview
Rinchen Dema from Joenkhar village sings the boedra song “Gungtoed Thoenpo Yala Khay Khay.” This song well-known across Bhutan, though its tunes and lyrics vary from region to region. People from Sakteng Gewog sing this in different occasions—working in the fields, while travelling or when muleteers take precipitous paths. This song has been recorded and broadcasted through the radio before, but this is its first recording in Dakpakha dialect. The lyrics to this song seem to be in Sanskrit, making it more difficult for the common people to understand the beauty of this traditional song.
༉ བཀྲ་ཤིས་སྒང་རྫོང་ཁག་ སག་སྟེང་ཇོན་ཁར་ལས་ རིན་ཆེན་སྒྲོལ་མ་གིས་ བོད་སྒྲའི་གླུ་གཞས་དགུང་སྟོད་ཡ་ལ་ཀེ་ཀེ་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ ལུང་ཕྱོགས་སོ་སོ་ནང་ལས་ཕར་ཡང་འཐེན་སྲོལ་ཡོདཔ་ཨིན་རུང་ ལུང་ཕྱོགས་ཀྱི་སྲོལ་དང་བསྟུན་ཏེ་ གདངས་དབྱངས་ཡང་ཨ་ཙི་རེ་མ་འདྲཝ་སྦེ་འཐེན་དོ་ཡོདཔ་མ་ཚད་ ཚིག་གི་ཐད་ཁར་ཡང་ ཨ་ཙི་རེ་མ་འདྲཝ་སྦེ་འཐེནམ་ཨིན་པས། གླུ་གཞས་འདི་ འབྱུང་ཁུངས་དང་བྱུང་རབས་ དེ་ལས་བརྩམ་པ་པོ་ཚུ་མི་ཤེས་དོ་ཡོདཔ་ཨིན་རུང་ དང་ཕུ་ལས་འཐེན་སྲོལ་ཡོདཔ་ཨིན་པས། དགུང་སྟོད་ཡ་ལ་ཀེ་ཀེའི་གླུ་གཞས་འདི་ ཚིག་དང་འཁྲིལ་བ་ཅིན་ རང་གི་བློ་སེམས་དམ་པའི་ཆོས་ལུ་འགྱུར་བཅུག་ནི་གི་སྨོན་ཚིག་ཅིག་ཨིན་མས། དེ་ཡང་ དགུང་སྟོད་ཡ་ལ་ཀེ་ཀེ །དགུང་སྨད་མ་ལ་སྨད་སྨད། །དགུང་དང་ཁྲི་གདུགས་ཉི་མ། །མ་འགྱུར་བརྟན་དུ་བཞུགས་ཤོག །འགྱུར་ཏ་འགྱུར་འགྱུར་ཟེར་ན། །དམ་པའི་ཆོས་ལ་འགྱུར་ཤོག །ཆོས་འདི་པདྨའི་བཀའ་ཐང་། །བློ་ལ་སིམ་པར་གནང་ཤོག་ཟེར་ དགུང་དང་ཁྲི་གདུགས་ཉི་མ་འདི་འགྱུར་བ་མེད་པར་གཏན་ཏོག་ཏོ་སྦེ་བཞུགས་ ག་དེ་ཅིག་སྦེ་འགྱུར་རང་འགྱུར་བ་ཅིན་ རང་གི་བློ་སེམས་འདི་དམ་པའི་ཆོས་ཕྱོགས་ལུ་འགྱུར་ཏེ་ ཆོས་དེ་ཡང་པདྨའི་བཀའ་ཐང་གི་དོན་དག་ཚུ་ རང་གི་སེམས་ཁར་འཛུལ་བར་ཤོག་ཟེར་ བློ་སེམས་དམ་པའི་ཆོས་ཕྱོགས་ལུ་འགྱུར་བའི་སྨོན་ཚིག་ཅིག་ཨིན་པས།
- Trashigang
- Sakteng
- རིན་ཆེན་སྒྲོལ་མ་Rinchen Dolma: དགུང་སྟོད་ཡར་ལ་ཀེ་ཀེ །དགུང་སྨད་མར་ལ་གཞོལ་གཞོལ། །དགུང་དང་ཁྲི་གདུགས་ཉི་མ། །མ་འགྱུར་བརྟན་དུ་བཞུགས་ཤོག །མ་འགྱུར་བརྟན་དུ་བཞུགས། །
- རིན་ཆེན་སྒྲོལ་མ་Rinchen Dolma: འགྱུར་ལྟ་འགྱུར་འགྱུར་ཟེར་ན། །དམ་པའི་ལྷ་ཆོས་འགྱུར་ཡོད། །ཆོས་ཅིག་པདྨའི་བཀའ་ཐང། །བློ་ལ་ནི་སིམ་པར་གནང་ཤོག །བློ་ལ་ནི་སིམ་པར་གནང་ཤོག །
- རིན་ཆེན་སྒྲོལ་མ་Rinchen Dolma: གངས་སྟོད་ཡར་ལ་ཀེ་ཀེ །གངས་སྨད་མར་ལ་གཞོལ་གཞོལ། །གངས་དང་སེང་ཆེན་དཀར་མོ། །མ་འགྱུར་བརྟན་དུ་བཞུགས་ཤོག །མ་འགྱུར་བརྟན་དུ་བཞུགས། །
- རིན་ཆེན་སྒྲོལ་མ་Rinchen Dolma: འགྱུར་ལྟ་འགྱུར་འགྱུར་ཟེར་ན། །དམ་པའི་ལྷ་ཆོས་འགྱུར་ཡོད། །ཆོས་ཅིག་པདྨའི་བཀའ་ཐང། །བློ་ལ་ནི་སིམ་པར་གནང་ཤོག །བློ་ལ་ནི་སིམ་པར་གནང་ཤོག །
- རིན་ཆེན་སྒྲོལ་མ་Rinchen Dolma: སྤང་སྟོད་ཡར་ལ་ཀེ་ཀེ །སྤང་སྨད་མར་ལ་གཞོལ་གཞོལ། །སྤང་དང་ཤཝ་རྒས་རྭ་བཅུ། །མ་འགྱུར་བརྟན་དུ་བཞུགས་ཤོག །མ་འགྱུར་བརྟན་དུ་བཞུགས། །
- རིན་ཆེན་སྒྲོལ་མ་Rinchen Dolma: འགྱུར་ལྟ་འགྱུར་འགྱུར་ཟེར་ན། །དམ་པའི་ལྷ་ཆོས་འགྱུར་ཡོད། །ཆོས་ཅིག་པདྨའི་བཀའ་ཐང། །བློ་ལ་ནི་སིམ་པར་གནང་ཤོག །བློ་ལ་ནི་སིམ་པར་གནང་ཤོག །
- རིན་ཆེན་སྒྲོལ་མ་Rinchen Dolma: གཡུས་སྟོད་ཡར་ལ་ཀེ་ཀེ །གཡུས་སྨད་མར་ལ་གཞོལ་གཞོལ། །གཡུས་དང་དྲིན་ཅན་ཕ་མ། །མ་འགྱུར་བརྟན་དུ་བཞུགས་ཤོག །མ་འགྱུར་བརྟན་དུ་བཞུགས། །
- རིན་ཆེན་སྒྲོལ་མ་Rinchen Dolma: འགྱུར་ལྟ་འགྱུར་འགྱུར་ཟེར་ན། །དམ་པའི་ལྷ་ཆོས་འགྱུར་ཡོད། །ཆོས་ཅིག་པདྨའི་བཀའ་ཐང། །བློ་ལ་ནི་སིམ་པར་གནང་ཤོག །བློ་ལ་ནི་སིམ་པར་གནང་ཤོག །
- རིན་ཆེན་སྒྲོལ་མ་Rinchen Dolma: ལགས་སོ།། །།