Skip to main content Skip to search
04 Jan 2016
2 min 49 sec
Video Overview
Creators: 
Tibetan & Himalayan Library, Dudul Dorjee

This is a video of Tsethar Bum from Yonru Village in Chentsa singing a song called "The High, Middle, and Low Peaks." This song is part of a collection of folk songs from the Rebgong cultural area.

འདི་ནི་ཨ་མདོ་རེབ་གོང་ས་ཁུལ་གྱི་བཀྲ་ཤིས་འཇོག་པའི་གླུ་ཞིག་ཡིན།

གླུ་འདི་ཡང་བཀྲ་ཤིས་འཇོག་པའི་གླུའི་རིགས་སུ་གཏོགས་པ་དང་། ཚན་པ་དང་པོའི་ནང་དུ་ཕ་ཨ་ཁུ་འཛོམས་པའི་བཀྲ་ཤིས་བཞག་ཡོད་པ་དང་། གཉིས་པའི་ནང་དུ་མ་སྲི་མོ་འཛོམས་པའི་བཀྲ་ཤིས་བཞག  གསུམ་པའི་ནང་དུ་བུ་བུ་མོ་འཛོམས་པའི་བཀྲ་ཤིས་བཞག་ཡོད།

Transcript search
No results found for this search
0 of 0
  • ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན། །
  • རྩེ་གོང་མ་བར་མ་ཞོལ་མ་གསུམ༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • རྩེ་གོང་མའི་མགོ་ནས་རྒོད་ཚང་བཞག ༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • ཕ་ཨ་ཁུ་རྒོད་པོ་རང་འདུས་རེད༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • གཏམ་མྱི་ལ་མ་རེ་བཀྲ་ཤིས་འཇོག ༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • རྩེ་བར་མའི་མགོ་ནས་གླག་ཚང་བཞག༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • མ་སྲི་མོ་གླག་མོ་རང་འདུས་རེད༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • སྐྱིད་མྱི་ལ་མ་རེ་སྐྱིད་ཞིག་ཡོད༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • འདི་ཡང་ཡང་སྐྱིད་པའི་བཀྲ་ཤིས་འཇོག༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • རྩེ་ཞོལ་མའི་མགོ་ནས་ཁྲ་ཚང་བཞག ༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • བུ་ཁྲ་ཕྲུག་གླག་ཕྲུག་རང་འདུས་རེད༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །
  • དགྲ་མི་ལ་མ་རེ་བཀྲ་ཤིས་འཇོག ༼ཡེ་་་་གླུ་བ་ལོ་ལོ་་་་་་གླུ་ཞིག་ཡ་རེ་ལེན༽། །