Video Overview
This is a video of Tsethar Bum from Yonru Village in Chentsa singing "The High, Middle, and Low Doors of Religion." This song is part of a collection of folk songs from the Rebgong cultural area.
- ༼ ཡེ་དུང་ལོ་ལོ་་་་་་་་་ཡ་རེ་ལེན་་་་་་ཞང་ཨ་དབྱངས་ཟེར་ར་གླུ་ཞིག་ལེན། ༽
- སྒོ་གོང་མ་བར་མ་༼དུང་ལོ་ལོ་༽ཞོལ་མ་གསུམ། །
- སྒོ་གོང་མ་དམ་པའི་ཆོས་ཀྱི་སྒོ། །
- དམ་པའི་ཆོས་སྒོ་སྤོས་ཀྱིས་ཕྱེས། །
- ཆོས་ཆད་ལྷག་མི་ཤོར་སྨོན་ལམ་འདེབས། །
- སྒོ་བར་མ་གཡུང་དྲུང་བོན་གྱི་སྒོ། །
- དཡུང་དྲུང་བོན་སྒོ་གསེར་གྱིས་ཕྱེས། །
- ཚེ་བར་ཆད་མེད་པའི་སྨོན་ལམ་འདེབས། །
- སྒོ་ཞོལ་མ་སྨུག་པོ་གཉན་གྱི་སྒོ། །
- སྨུག་པོ་གཉན་སྒོ་གླུ་ཡིས་ཕྱེས། །
- ཁྱིམ་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས། །