Skip to main content Skip to search
17 Feb 2017
5 min 51 sec
Video Overview
Creators: 
Rinchen Dorji, Khandu, Sonam Chophel, Rinchen Dorji

“The High Lama is Teaching” (Yar Gungying Lama Chö Nangdo), performed in this video by Sangay Dema and her friend from Langmikha village in Paro District, is an old boedra song. Sangay Dema learned this song from her mother. She and her mother are now the lead singers and dancers in their village. She says that this kind of folk song is on the verge of extinction, since most young people have no interest in learning them, preferring instead to listen to Western and Korean pop music. The lyrics to the song urge one to seek the Dharma with devotion from religious masters. “This is the only truly beneficial thing to do while living in this universe,” says the song. 

 

སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ གླང་མིག་ཁ་གཡུས་ཚན་ལས་ སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཀྱིས་སྦེ་འཐེན་མི་ ཡར་དགུང་དབྱིངས་བླ་མ་ཆོས་གནང་དོ་ཟེར་མི་འདི་ བོད་སྒྲའི་གླུ་གཞས་རྙིངམ་ཅིག་ཨིནམ་ད་ སངས་རྒྱས་སྒྲོལ་མ་གིས་ གླུ་གཞས་འདི་མོ་རའི་ཨའི་ལས་སྦྱངས་ནུག། སངས་རྒྱས་སྒྲོལ་མ་དང་ མོ་རའི་ཨའི་འདི་ ད་རེས་ནངས་པ་གཡུས་ཁའི་རྩེ་དཔོནམོ་ཨིནམ་ད་ མོ་གིས་འབད་བ་ཅིན་ ད་རེས་ནངས་པའི་ ན་གཞོན་ཚུ་གིས་ འདི་བཟུམ་གྱི་ཞབས་བྲོ་ཚུ་ལུ་ སྤྲོ་བ་མ་བསྐྱེདཔ་ལས་བརྟེན་ ཉམས་འགྱོ་ནི་གི་ཉེན་ཁག་སྦོམ་འདུག་གསེས་མས། ཏེ་གླུ་གཞས་འདི་ནང་ ད་རེས་ནངས་པ་ ང་བཅས་ར་ལུ་ རང་དབང་ཡོད་པའི་དུས་ཚོད་ཁར་ བླམ་ལས་ཆོས་ཞུ་སྟེ་ ཚེ་ཕྱི་མ་ཕན་པའི་དམ་ཆོས་ ཡང་དག་ཅིག་བསྒྲུབ་གེ་གསེས་མས། 

 

Transcript search
No results found for this search
0 of 0
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    ཡར་དགུང་དབྱིངས་བླ་མ་ཆོས་གནང་དོ་ལ། །དགུང་ལས་ཁྲི་གདུགས་ཉི་མ་ལས་ཆོས་ཞུ་ད། །ཆོས་ཞུ་ད།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་ Sangay Dolma & Friends
    ཆོས་ཅིག་གནང་ག་མི་གནང་ཕ་བླ་མ་ལ། །ཆོས་སེམས་ཆེ་ག་མི་ཆེ་ལས་མཆེད་གྲོགས་ཚོ། །མཆེད་གྲོགས་ཚོ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་ Sangay Dolma & Friends
    མཆེད་གྲོགས་/ཕྲུག་ཅན་གྱི་ཞབས་ལ་གསོལ་བ་འདེབས་ལ། །ཞབས་ཁྲ་ཨོཾ་སངས་མ་ཎི་ལས་པདྨེ་ཧཱུཾ། པདྨེ་ཧཱུཾ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་ Sangay Dolma & Friends
    ཡར་དགོན་བཟང་བླ་མ་ཆོས་གནང་དོ་ལ། །དགོན་ལས་མཚན་ལྡན་བླ་མ་ལས་ཆོས་ཞུ་ད། །ཆོས་ཞུ་ད།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    ཆོས་ཅིག་གནང་ག་མི་གནང་ཕ་བླ་མ་ལ། །ཆོས་སེམས་ཆེ་ག་མི་ཆེ་ལས་མཆེད་གྲོགས་ཚོ། །མཆེད་གྲོགས་ཚོ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    མཆེད་གྲོགས་ཅན་གྱི་ཞབས་ལ་གསོལ་བ་འདེབས་ལ། །ཞབས་ཁྲ་ཨོཾ་སངས་མ་ཎི་ལས་པདྨེ་ཧཱུཾ། པདྨེ་ཧཱུཾ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    ཡར་རྫོང་ཆེན་བླ་མ་ཆོས་གནང་དོ་ལ། །རྫོང་ལས་དབང་ཆེན་དཔོན་པོ་ལས་ཆོས་ཞུ་ད། །ཆོས་ཞུ་ད།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    ཆོས་ཅིག་གནང་ག་མི་གནང་ཕ་བླ་མ་ལ། །ཆོས་སེམས་ཆེ་ག་མི་ཆེ་ལས་མཆེད་གྲགས་ཚོ། །མཆེད་གྲོགས་ཚོ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    མཆེད་གྲོགས་ཅན་གྱི་ཞབས་ལ་གསོལ་བ་འདེབས་ལ། །ཞབས་ཁྲ་ཨོཾ་སངས་མ་ཎི་ལས་པདྨེ་ཧཱུཾ། པདྨེ་ཧཱུཾ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    ན་གཡུས་བཟང་བླ་མ་ཆོས་གནང་དོ་ལ། །གཡུས་ལས་ཡབ་ཡུམ་གཉིས་ཀུ་ལས་ཆོས་ཞུ་ད། །ཆོས་ཞུ་ད།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    ཆོས་ཅིག་གནང་ག་མི་གནང་ཕ་བླ་མ་ལ། །ཆོས་སེམས་ཆེ་ག་མི་ཆེ་ལས་མཆེད་གྲོགས་ཚོ། །མཆེད་གྲོགས་ཚོ།
  • སངས་རྒྱས་སྒྲོལ་མ་དང་ ཆ་རོགས་ཚུ་
    མཆེད་གྲོགས་ཅན་གྱི་ཞབས་ལ་གསོལ་བ་འདེབས་ལ། །ཞབས་ཁྲ་ཨོཾ་སངས་མ་ཎི་ལས་པདྨེ་ཧཱུཾ། པདྨེ་ཧཱུཾ།། །།