Skip to main content Skip to search
05 Jun 2018
8 min 4 sec
Video Overview
Creators: 
Dawa Tshering

Dotey from Choongkha village sings a zhungdra song about the high clear sky, which is the residence of the sun, the dense forest as the dwelling place of the tiger, the lake that is home to the fish, the fortress that is the residence of the lord, a monastery home for the lama, and a beautiful village the dwelling place of the father and mother.

༉  ཆུ་ཁ་རྫོང་ཁག་ སྦོང་སྒོར་རྒེད་འོག་ སྤང་མེ་ཁ་གཡུས་ཚན་ནང་ལས་རྡོ་བཏེག་གིས་ གླུ་གཞས་ཡར་ལ་དགུང་སངས་ཟེར་མི་འདི་འཐེན་ཏེ་འདུག གླུ་གཞས་འདི་ནང་ གནམ་ཧོནམ་འདི་ ཉིམ་སྡོད་ས་དང་ ནགས་ཚལ་སྟུག་པོ་ཅན་འདི་ གཅན་གཟན་སྟག་སྡོད་ས་ མཚོ་འདི་ཉ་མོ་སྡོད་ས་ རྫོང་ཆེན་འདི་དཔོན་པོ་བཞུགས་ས་ དེ་ལས་གཙུག་ལག་ཁང་འདི་ བླམ་བཞུགས་ས་དང་གཡུས་བཟང་ཁྲ་མོ་འདི་ ཕམ་བཞུགས་ས་ཨིན་ཟེར་ འཐོནམ་ཨིན་མས། གླུ་གཞས་འདི་ཉན་བལྟ་བ་ཅིན་ ཧིང་སང་ས་ཅིག་ག་ནི་ཡང་ཧ་གོ་མི་ཚུགས་དོ་ཡོདཔ་ཨིན་རུང་ ཁོ་ར་གི་ཧོངས་ལས་འབད་བ་ཅིན་ གླུ་གཞས་འཐེན་སྡོད་པའི་བར་ན་ར་ གཅིག་འཛོལ་སོ་ནུག་ ལོག་བཅོ་དགོ་ག་ ཟེར་སླབ་སྦེ་ར་འཐེནམ་ཨིན་པས།

Transcript search
No results found for this search
0 of 0
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཨོཾ་ཆུང་ས་ལ་མ་ཎི་བཙུགས་པདྨེ་ཧཱུྃ་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་དགུང་སངས་མཚན་བཞུགས་ས་ཡར་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་ཁྲི་གདུགས་མཚན་བཞུགས་ས་བུམ་པ་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་གངས་སྟོད་མཚན་བཞུགས་ལ་ཡར་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། །ཡར་ལ་གངས་སྟོད་མཚན་བཞུགས་ས་བུམ་པ་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: འ་ནཱ་ལས་གཅིག་འཛོལ་སོ་ནུག བཅོ་དགོ་ག་ལགས?
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད། ཡར་ལ་དར་སེང་མཚན་བཞུགས་ས་བུམ་པ་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་སྤང་གཤོང་མཚན་བཞུགས་ས་ཡར་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་ཤཝ་རྒས་མཚན་བཞུགས་བུམ་པ་ཨའོ་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་ནགས་སྟོད་མཚན་བཞུགས་ས་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་སྟག་མོའི་བཞུགས་སུ་བུམ་པ་ཨའོ་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་མཚོ་སྟོད་མཚན་བཞུགས་ཡར་བཞུགས་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་གསེར་མིག་མཚན་བཞུགས་ས་བུམ་པ་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་དགོན་ས་མཚན་བཞུགས་ས་ཡ་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་མཚན་ལྡན་མཚན་བཞུགས་ས་བུམ་པ་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་རྫོང་ཆེན་མཚན་བཞུགས་ས་ཡ་བཞུགས་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་དབང་ཆེན་མཚན་བཞུགས་ས་ཡ་བཞུགས་བཞུགས་ལ་ནི་ཨོཾ་མས་རེད། །
  • ཨཔ་རྡོ་བཏེག་
    Ap Dotey: ཨོཾ་མས་རེད་ལ། ཡར་ལ་དབང་ཆེན་མཚན་བཞུགས་ས་བུམ་པ་ཨའོ་བཞུགས་ལ་ནི་ཨོཾ་མས་རེད། །ལགས་སོ།། །།