Skip to main content Skip to search
28 Jan 2016
5 min 29 sec
Video Overview
Creators: 
Rinzin Dema, Tshering Bidha

A group of women from Sangkiri in Haa sing an auwsa called “From the High Auspicious Pass.”

 

ཧཱ་ སངས་སྐྱིད་རི་ལས་ ནང་གི་ཨམ་ཆ་ཁྱབ་ཀྱིས་ ཨའོ་ས་ མཐོའོ་བཀྲ་ཤིས་ཤར་སའི་ལ་ལས། ཟེར་མི་འདི་འཐེནམ་ཨིན་མས། ཁོང་གིས་བཤད་མི་ནང་ ཚིག་འབད་ས་སོ་སོ་ཨིན་རུང་ དོན་དག་ཅོག་ར་གཅིགཔ་ཨིན་ ཟེར་བཤད་ནི་འདུག དེ་འབདཝ་ད་ ཅོག་ར་གཅིགཔ་ཨིན་ ཟེར་མི་འདི་ ག་འདི་དང་ཅོག་ར་གཅིག་ ཟེར་སླབ་ཨིན་ན་ ཧིང་སང་ས་སྦེ་ བཤད་ནི་མིན་འདུག ཨིན་རུང་ མཐོའོ་བཀྲ་ཤིས་ཤར་སའི་ལ་ལས། ཟེར་ ཁོང་ཆ་ཁྱབ་ཀྱིས་ མ་བཏུབ་བཏུབ་སྦེ་འཐེན་ཏེ་འདུག།

 

Transcript search
No results found for this search
0 of 0
  • གསང་སྐྱིད་རིའི་ཨམ་ཚུ:
    ང་བཅས་ནང་གི་ཨམ་ཚུ་གིས་ཁ་ཐུག་ལས་ད་རུང་ཨའོ་ས་ཅིག་ཕུལ་ནི་འབད་དོ། །ཏེ་ཚིག་འདི་མ་འདྲ་བའི་དོན་དག་འདི་གཅིག ཡ་ད་ཨམ་རྒྱལ་མོ་འཐེན་ཤིག
  • གསང་སྐྱིད་རིའི་ཨམ་ཚུ:
    ཡ་ད་འཐེན་ནི་ཨིན་ན? ཨིན་འཐེན་ཤིག
  • གསང་སྐྱིད་རིའི་ཨམ་ཚུ:
    མཐོའོ་བཀྲ་ཤིས་ཤར་སའི་ལ་ལས་དབའེ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ལམ་བསལ་གཡུ་བཅུ་དྲུམ་འདི་སྨོ་དབའེ། །
  • གསང་སྐྱིད་རིའི་ཨམ་ཚུ:
    མཇལ་དགོ་སེམས་ལུ་ཡོད་པ་དབའེ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ལམ་འགོར་ལམ་ས་ཐག་རིང་འདི༼ཏེ༽། །
  • གསང་སྐྱིད་རིའི་ཨམ་ཚུ:
    དུས་ནམ་ལུ་མཇལ་ནི་མིན་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    བྱ་ཁམས་པ་ཁམ་པའི་ནེ་ཙོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཁྱོད་ཁམས་པའི་གཡུས་ལུ་བཞུགས་མ་རེད། །
  • གསང་སྐྱིད་རིའི་ཨམ་ཚུ:
    ང་ཤ་ཁྲག་ཅན་གྱི་བྱི་ཅུང་འདི་དབའེ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འགྱོ་བའི་ལམ་ལུ་བལྟ་སོང་གེ །ཡ་ལ་སོ།།