Video Overview
An introduction to the children's game Hiding Prayer Beads.
- ཕྲེང་སྦེད་ནི་བྱིས་པ་ཚོས་རྩེད་རྒྱུ་ཅན་པོ།
- ཕྲེང་སྦེད་བྱས་ཚེ།
- ཕྲེང་བ་འདི་ལྟར་མང་ཉུང་མེད་པར་གས་གཉིས་བྱས་ཏེ།
- མི་གཉིས་ཀྱིས་ཕྲེང་སྦེད་བྱེད་དགོས་ནི་རེད།
- གཅིག་འདི་ཕྱོགས་ནས་བསྡད།
- གཅིག་འདི་ཕྱོགས་ནས་ནས་བསྡད་ཚེ།
- ཕྲེང་ལུང་དེ་འདི་ལྟར་དུ་གཅིག་གཅུས་ནས།
- འདི་གཉིས་ལས་ཁྱོད་ལ་གང་དགོས་ཞེས་
- དཔེར་བཞག་ན་འདི་ཕྱོགས་ཀྱི་མི་དེས་ཁོ་ལ་
- འདི་དགོས་ཟེར་བ་ན། འདི་ལྟར་དུ་ཁ་ཕྱེ་སྟེ།
- འདི་ཁོ་རང་གི་ཕྱོགས་དེ་རེད། དེ་ནས་སྐུང་དགོས།
- སྐུང་དུས་ཕྲེང་རྡོག་མང་པོ་སྐུང་ཁུལ་བྱེད་དགོས།
- འདི་ལྟར་བཟུང་སྟེ། འདིའི་ནང་དུ་ཕྲེང་རྡོག་ཅི་ཡོད་འདྲི་དགོས།
- བཅུ་ཐམ་པ་ཡོད་ཟེར་ན། འདི་ལྟར་ཁ་ཕྱེ་དུས་བཞི་ལས་མེད།
- འོ་ན་དྲུག་གི་ཁེད་མེད། དྲུག་གི་ཁེད་མེད་ན་འདི་ཕྱོགས་ནས་
- ཕྲེང་རྡོག་དྲུག་ཕར་ལ་བྱིན་དགོས།
- དེའི་འཕྲོར་ཅིག་ཤོས་དེས་ཡང་དེ་ལྟར་བྱས་སྐུང་བར།
- ཁེད་བཞག་ན། ཚང་མ་བྱིན་དགོས།
- མ་ཁེད་ན་ཅི་ཙམ་གྱི་མ་ཁེད་པ་དེ་ཙམ་
- གཅིག་གིས་གཅིག་ལ་བྱིན་དགོས།
- བྱིན་རེས་བྱས་དུས་བར་སྐབས་ཤིག་ནས་
- ཕྲེང་རྡོག་ལ་མང་ཉུང་ཤོར་ཡོང་།
- མི་ཐུབ་མཁན་དེར་ཕྲེང་བ་ཚར་འགྲོ།
- གཅིག་ཤོས་དེར་ཇེ་མང་ཇེ་མང་བྱས་མི་ཚར་བ་ཡིན།
- ཕྲེང་སྐུང་ནི་དེ་ལྟར་བྱེད་རྒྱུ་ཞིག་ཡིན་ནི་རེད།