Video Overview
An account of a fight between Ngaba Meu Tsang and Gyelrong Trochu.
- Gyelrong
- Ngawa
- ཕྱི་ཁྲི་སྡེ་དགུང་གི་སྐར་མ།།
- ནང་སྟོང་སྡེ་དཔོན་གྱི་བཅུ་སྡེ།།
- ཁོའི་བཅུ་སྡེ་བཅུ་བོའི་གྲལ་ན།།
- སྐྱིད་འགོ་འཛོམས་མོ་རོང་གཉིས་ཀ།
- སྐྱིད་མགོ་ལུས་འཛོམས་གི་ཉི་མ།།
- བཀྲ་ཤིས་བའི་ལ་བོ་ཁོས་ལེན།།
- དགུང་ཨ་སྔོན་རོང་བ་ཚང་གི།།
- འབྲུག་ཕོ་ཆུང་རོང་བའི་རྣམ་ལོ།།
- ཁྱོའི་འཛིན་གི་འདོ་བ་བྲ་ནག།
- ཤ་གྲུག་གི་མ་ལག་སྟེང་ལ།།
- དབྱར་ཤེའུ་ཐིག་ཤྭ་ཕོའི་སྙེད་རེད།།
- སྒའི་ཕྱི་རུ་ཕྱག་ན་རྡོ་རྗེ།།
- སྒའི་སྔ་རུ་སྒྲོལ་མ་ལྗང་མོ།།
- ཡོབ་གཉིས་ཀ་ཉི་ཟླ་ཁ་སྤྲོད།།
- ཁྱོའི་ཡོབ་ལུང་སངས་རྒྱས་སྟོང་སྐུ།།
- ཕྱག་གཡས་ཀྱི་མདུང་མོ་བ་དན།།
- མདུང་བ་དན་དུག་ནག་དགྲ་རེད།།
- དགྲ་འདུལ་འདོད་སྡུག་པའི་རྩེ་རེད།།
- ཁྱོའི་མདུང་སྐེད་བཟང་དྲུག་སྨན་རེད།།
- སྐྱིད་ཁ་ཏོག་འཛོམས་ཀི་ཞལ་རེད།།
- ཁྱོའི་མདུང་འགོ་ནག་པོ་དུག་རེད།།
- དགྲ་འདུལ་འདོད་སྡུག་པའི་རྩེ་རེད།།
- ཁྱོའི་མདུང་རྒྱན་གོས་དཀར་ལྗངས་དཀར།།
- རྗེ་བླ་མ་གསུམ་གྱི་ཕྱག་མདུད།།
- སྐྱབས་སྟོང་གི་མཚོན་སྲུང་དེ་རེད།།
- ནགས་དགའ་ལྡན་ཧུ་ར་ཕྱུག་མོའི།།
- སྟག་དར་མའི་རྨེའུ་སྒང་སྦྱིན་པ།།
- དཔའ་ཡོད་ནོ་དོམ་ནག་སྨྱོན་པ།།
- དོམ་སྨྱོན་པས་སྨྱོ་ཆང་འཐུང་ཉིན།།
- ཁྱོས་རྒྱུགས་ཚད་རང་གིས་བཟུང་ནས།།
- ཁ་བཀོད་པ་སྡེ་ལ་ཞོག་དང་།།
- བུ་དགྲ་ལྷ་ཅན་པོའི་དཔེ་རེད།།
- དཔོན་བསོད་ནམ་ཅན་པོའི་དར་རེད།།
- ཁྱོའི་རྒྱུགས་ལྷ་ཡུལ་ལྷའི་རྟ་ནག།
- ཁྱོའི་ཕྲག་ལྷ་མ་ཅིག་དཔལ་ལྷ།།
- ཁྱོའི་ཐབ་ལྷ་དམ་ཅན་རྡོར་ནག།
- ལྷ་སྲུང་མ་གསུམ་གྱི་བདག་པོ།།
- རྒྱ་ཁྲོ་ཆུ་གདིང་གི་འཁྲུག་རུང་།།
- སྐྲག་མི་དགོས་བྱེད་ཀི་གླུ་རེད།།
- སྒར་ཁྲ་ཁྲའི་ཀིརྟིའི་གླིང་ན།།
- དཔལ་རྒྱལ་རྡོ་རྗེ་དཔལ་རྩལ།།
- ཁྲ་གྱི་ལེ་དམག་གི་ཁ་འཛིན།།
- ཁོའི་མིང་ལ་བསོད་ནམ་ཆོས་འཕེལ།།
- གླུ་གོང་ནས་གོང་དུ་འཕེལ་དགོས།།
- ཁོས་དེ་ལྟར་ལེན་གི་ཟེར་ནས།།
- དཔོན་ཁ་ཡ་འགོ་བར་གཅིག་འོར།།