Video Overview
འདི་ནི་བུ་མོ་ལྡོམ་པོ་ཞིག་རི་ཁྲོད་པས་གཉོར་ནས་རྒྱལ་བོའི་བཙུན་མོར་གྱུར་ཞིང་རི་ཁྲོད་པས་བྱིན་རླབས་གནང་བའི་གཏམ་རྒྱུད་ཅིག་ཡིན།
- གུ་རུ་སེམས།གནའ་ཞིག་ལ།
- རྒན་མོ་མ་བུ་གཉིས་ཡོད་པ་རེད།
- རྒན་མོ་མ་བུ་གཉིས་ལ་ར་མ་ལྔ་དྲུག་ཅིག་ཡོད།
- དེ་ནས་རྒན་མོ་མ་བུ་གཉིས་ཀྱིས་ར་མ་ཚོ་འཚོས་ནས།
- བུ་མོས་ར་མ་འཚོས་ནས་སྒྲོལ་མ་བཏོན་ཏེ།
- ར་མ་ཚོ་ནགས་གསེང་གྱེན་ལ་དེད་ནས།
- ཉིན་ཞིག་ལ་བུ་མོ་ཡིས་ར་མ་ཚོ་བོར་སོང་།
- བོར་ནས་ཕྱིར་འཁོར་ནས་ཨ་མ་ཡོད་སར་ཡོང་དུས།
- ཨ་མ་ཡིས་མེ་བུས་ནས་བསྡད་ཡོད།
- ཨ་མ་ལགས་ར་མ་ཚོ་བོར་སོང་བས་ཅི་ཞིག་བྱེད་ཟེར།
- སོང་ནས་འཚོལ་ཞེས་བཤད་དེ།
- རྒན་མོ་ཡིས་ལག་ཏུ་མེ་ཆ་ཞིག་བཞག་ནས་འགྲོ་རུ་བཅུག
- དེ་ལྟར་འགྲོ་རུ་བཅུག་ནས།
- བུ་མོ་ཡིས་སྒྲོལ་མ་འདོན་ཞོར་དུ་ར་མ་བཙལ་ནས།
- ནགས་གསེང་གྱེན་ལ་སོང་དུས།
- ནགས་གསེང་ཞིག་ན་མཚམས་པ་ངར་བ་ཞིག་བཞུགས་ཡོད།
- དེ་ནས་མཚམས་པ་ཡི་མཚམས་ཁང་ནང་ལ་སོང་ནས།
- མཚམས་པ་ཡི་ཕྱག་གནས་ལ་ཁྱོད་ཀྱིས་མོ་ཞིག་ཐོབ་དང་།
- མོའི་ར་མ་ཚོ་བོར་སོང་བ་རེད།
- ཨ་མ་ཡིས་ར་མ་ཚོ་མ་རྙེད་ན་ཁྱོད་ཡུལ་ལ་ཡོང་མི་དགོས་ཟེར།
- དེ་ལྟར་བཤད།
- ཡ་ཡ་ཟེར་ནས་མཚམས་པས་མོ་ཞིག་བཏབ་ནས།
- ར་མ་ཚོ་རྙེད་རྒྱུ་མེད་ཀི་ཟེར།
- ཨ་མའི་ཕྱིར་ཡུལ་ལ་ཡོང་མི་དགོས་ཟེར་ན།
- ཁྱོད་ངའི་ཇ་མ་བྱས་ནས་སྡོད།
- དེ་ལྟར་བཤད་པས་ཡ་ཡ་ཟེར་ནས།
- བུ་མོ་ཡིས་སྒྲོལ་མ་འདོན་ཞོར་དུ།
- མཚམས་པར་ཆུ་བླངས་ནས་ཇ་མ་བྱས་ནས་བསྡད།
- ཉིན་ཞིག་ལ།
- རྒྱལ་བོ་ཚང་ཡང་ཐག་ཉེ་ཞིག་ན་ཡོད།
- རྒྱལ་བོ་ཡི་བུ་རྟ་རྫི་བྱས་ནས་བསྡད་ཡོད།
- རྒྱལ་བོ་ཡི་བུ་ཡིས།
- ཨ་ཨ་ང་དེ་རིང་རྟ་འཚོ་རུ་སོང་དུས།
- ནགས་གསེང་གན་ན་བུ་མོ་ཡག་པོ་ཞིག་ཡོད་གི
- མཚམས་པ་ལ་ཆུ་བླངས་ནས་བསྡད་ཡོད།
- དེ་ཡིན་ན་ཨ་ཕ་ལགས་གན་ང་ལ་ཆུང་མར་དགོས་ཟེར།
- དེ་ནས་ཡ་ཡ་ཟེར་ནས།
- ཁོ་སློང་དུ་འགྲོ་ལ་མཚམས་པ་དེས་སྟེར་རྒྱུ་རེད་བསམ་ནས།
- སློང་དུ་སོང་།
- དེ་ནས་སློང་དུ་སོང་དུས་མཚམས་པ་ཡིས་དེ་མི་སྟེར་ཟེར།
- དེ་ཁོའི་ཆུ་ལེན་ཇ་མ་ཡིན།
- དེ་བྱིན་བཏང་ན་ཁོར་ཆུ་ལེན་ཇ་མ་མེད་ན།
- ཁོས་ཀྱང་བཟོད་ནི་མ་རེད་ཟེར།
- མི་སྟེར་ན་ཁོང་གིས་སང་ཉིན་ཁྱོད་ཀྱི་ཐོག་ཏུ་དམག་དྲངས་རྒྱུ།
- དམག་དྲངས་ནས་ཁྱོད་ཀྱི་རྗེས་ལ་ཡོང་རྒྱུ།
- ཁྱོད་ཚང་གི་བུ་མོའི་རྗེས་ལ་ཡོང་རྒྱུ།
- བུ་མོ་ཁྲིད་ནས་འགྲོ་རྒྱུ་ཟེར།
- དེ་ནས་ཡ་ཡ་བུ་མོ་མི་སྟེར་ཁོ་ཐག་ཡིན།
- ཁྱོད་ཀྱིས་དམག་དྲངས་རྒྱུ་ན།
- ཅི་ཞིག་བྱེད་ན་ཁྱོད་ཀྱིས་ལྟོས་ཟེར།
- རྒྱལ་བོ་ཕྱིར་སོང་།
- ཕྱིར་སོང་ནས་ཕྱིའི་ནངས་མོར།
- དམག་ཡོང་རྒྱུ་རེད།
- བུ་མོ།
- འུ་གཉིས་ཀྱིས་དོ་དགོང་ས་དོང་ཞིག་བརྐོ།
- ཁྱོད་ས་འོག་ཏུ་སྦས།
- ངས་ས་དོང་གི་ཁ་བཅད་ནས་འཇོག
- སང་ཉིན་ང་དུམ་བུ་མང་བོར་བྱས་ནའང་ཁྱོད་ས་ཁར་མ་འབུད་ཟེར།
- ཁྱོད་ཁྱེར་ནས་བུད་འགྲོ་བ་རེད་ཟེར།
- ཡ་ཡ་ཟེར་ནས་བུ་མོ་ས་དོང་ཁོག་ཏུ་སྦས་ནས།
- གཉིས་ཀྱིས་ཁ་བཅད་དེ་དེ་ལྟར་བཞག
- ཁོ་ཡིས་བུ་མོ་ས་དོང་ནང་དུ་བཅུག
- དེ་ཡི་བར་དུ་དམག་ཚོ་ཐོན་པ་རེད།
- བླ་རྒན་དྲུད་ནས་གཅེར་ནས།
- གཉོག་ནས་དེ་ལྟར་བྱས་པས།
- བུ་མོ་ཡིས་བློས་མ་ཐོང་བར།
- བླ་རྒན་བསད་པ་རེད་འདོད་ནས།
- ཡར་ས་ཁ་བུད་དུས་དམག་གིས་བཟུང་ནས་བུད་སོང་།
- སོང་ནས་རྒྱལ་བོ་ཚང་ནས་ལོ་གཅིག་འགོར་དུས།
- གཡོག་པོ་གཡོག་མོ་དག་གིས་འཕྱ་སྨོད་བྱས་ནས།
- རྒྱལ་བོའི་བུ་ལ་ཨ་ཡེ་ཞིག་ཡོང་ན་ཡང་།
- ལྡོམ་པོ་མི་བདག་མེད་པ་ཞིག་བླངས་ནས།
- ཕེ་་་ཁྱོད་འདྲའི་ཨ་ཡེ་ཞིག་ལེན་ན་འདི་འདྲ་ཞིག་ཡིན་པ་ལས།
- དེ་ལྟར་བཤད་ནས་འཕྱ་སྨོད་བྱས་ནས།
- རྒྱལ་བོ་ཡིས་འདང་བརྒྱབ་ནས་བདེན་གི
- ཁོ་རྒྱལ་བོ་ཞིག་གི་བུ་ལ།
- ཨ་ཡེ་མི་བདག་མེད་པ་ཞིག་བླངས་ན་མིང་མི་བཟང་གི
- མནའ་མ་གན་ཁྱེར་སོང་ནས།
- གཡོག་མོ་ཆུ་ལེན་ཚོའི་ནང་དུ་བཞག་ཟེར།
- དེ་ལྟར་གཡོག་མོ་ཆུ་ལེན་ཚོའི་ནང་དུ་བཞག་པ་རེད།
- བུ་མོ་དེས་སྒྲོལ་མ་འདོན་ཞོར་དུ་ཆུ་འཁུར་ནས།
- ཆུ་འཁུར་ནས་ཉིན་ཞིག་ལ།
- བན་དེ་རྟ་ངང་བ་ཞོན་པ་ཞིག་ཆུ་ཁ་དེར་ཐོན་པ་རེད།
- ཆུ་ཁ་དེར་ཐོན་ནས།
- མོ་རྗེས་མ་ཡིན།
- ཆུ་འཁུར་ནས་འགྲོ་དུས།
- ཡ་བུ་མོ་ཁྱོད་འདིར་ཤོག་དང་ཟེར།
- དེ་ནས་གམ་ལ་རྒྱུགས་ནས་སོང་སྟེ།
- ཡ་ཅི་ཞིག་བཤད་པ་ཡིན་ནམ་ཨ་ཁུ་ཟེར།
- ངས་ཁྱོད་ལ་གཡུ་ཞིག་སྟེར།
- འདི་ཁྱོད་ཀྱིས་རྐེ་ལ་བཏགས་ནས།
- ཁྱོད་ཚང་གི་རྒྱལ་བོ་དང་།
- ཁྱོད་ཀྱི་རྒད་པོ་གཉིས་ཀྱིས་མཐོང་ས་ལ་བཏགས་ནས་སྡོད།
- ཁྱོད་གཡུ་འདི་སུས་བྱིན་ཟེར་ན།
- མོའི་ནུ་བོས་བྱིན་པ་ཡིན།
- མོའི་ནུ་བོ་ཉི་མ་བདུན་གྱིས་ཁྱེད་ཚང་ལ་ཡོང་རྒྱུ་ཟེར།
- མོར་སྐོར་ཞིག་རྒྱག་རྒྱུ་ཟེར་བ་རེད་ཅེས་ཤོད་ཟེར།
- ཁྱོད་ཀྱིས་དེ་ལྟར་ཤོད་ཟེར་བར་ཨོ་ཡ་ཟེར།
- མོས་གཡུ་དེ་རྐེ་ལ་བཏགས་ནས་ཆུ་འཁུར་ནས་ཡུལ་ལ་སོང་།
- རྒྱལ་བོ་དང་བུ་གཉིས་ཀྱི་མཐོང་ས་ནས།
- གཡུ་དེ་རྐེ་ནས་གཡུགས་ནས་དེ་ལྟར་བྱས།
- རྒྱལ་བོ་ཡིས་མཐོང་ནས།
- ཨ་རོད་བུ་མོ་ཁྱོད་ཀྱིས་རྐེ་ཡི་གཡུ་དེ་སུས་བྱིན་པ་ཡིན།
- ཁྱོད་སྔོན་ལ་དེ་འདྲ་ཞིག་མེད་ལ།
- ཁོང་ཚང་ལ་མནའ་མ་ཡོང་དུས།
- དེ་སུས་སྟེར་ཏེ་ངའི་ནུ་བོས་བྱིན་པ་ཡིན་ཟེར།
- ཨ་ཙི་ཁྱོད་ཀྱི་ནུ་བོ་གང་ན་ཡོད་ཟེར།
- མོའི་ནུ་བོ་ཁེ་ཉིན་མོ་ཆུ་འཁུར་རུ་སོང་དུས།
- ཆུ་ཁར་ཐོན་ཏེ་མོར་བསྐོར་བརྒྱག་ཏུ།
- དེ་ནས་ཉི་མ་བདུན་གྱི་རྗེས་སུ་ཁྱོད་ཚང་ལ་ཡོང་རྒྱུ་ཟེར།
- ཁྱོད་ཚང་གིས་གྲ་སྒྲིག་བྱོས་ཟེར།
- དེའི་དུས་སུ་རྒྱལ་བོ་ཕ་བུ་གཉིས་ཀྱིས།
- བུ་མོ་གཡོག་མོ་ཆུ་ལེན་ཚོའི་གྲལ་ནས་ཡར་ལ་བླངས་ནས།
- མནའ་མ་ཡི་ནུ་བོ་ཡོང་དགོས་ཞེས་གྲ་སྒྲིག་བྱས།
- ཟས་བུ་རམ་ཀ་ར་ཡི་སྡེར་ཁ་བསྒྲིགས་ནས་བསྡད་པས།
- ཉི་མ་བདུན་གྱི་རྗེས་སུ་ཐོན་པ་རེད།
- ཐོན་ནས་བུ་དེ་ཡིས།
- ཉི་མ་བདུན་གྱི་རྗེས་སུ་ཁྱོད་ཚོ་ངའི་རི་ནང་དུ་བོས་པ་ཡིན།
- ཁྱོད་ཚོ་ཤོག་ཟེར།
- ཁོ་བུ་མོ་དེའི་ནུ་བོ་ཡིན་ཟེར།
- དེ་ལྟར་བཤད་པས་ཡ་ཡ་ཟེར།
- རྒྱལ་བོ་ཕ་བུ་གཉིས་ཀྱིས་ཅི་བྱེད་འདི་བྱེད་མ་ཤེས་པར།
- འགྲོ་ཁར་རྟ་ལ་ཞོན་ན་དེ་མ་རེད།
- སེང་གེ་གཉིས་ལ་ཞོན་ནས་སོང་ན་བཟང་བ་རེད།
- གསེར་གྱི་ཅ་ནེ་དང་དངུལ་གྱི་ཅ་ནེ་གཉིས་ཡོད།
- དེ་ལག་ཏུ་བཟུང་ནས་སེང་གེ་གཉིས་ལ་ཞོན་ནས།
- བུ་མོ་ནངས་མོར་འགྲོ་དུས་བུ་དེ་ཡིས།
- ཨ་རོད་ཁྱོད་རྟ་དཀར་པོ་ལ་ཞོན་ནས་ཤོག
- ལམ་དཀར་པོ་ཞིག་ཡོད།
- ཁྱོད་ཀྱིས་དེ་དེད་ནས་ཤོག་ཟེར་བར་ཡ་ཡ་ཟེར།
- ལམ་དཀར་པོ་དེད་ནས་ཡོང་བ་ཡིན།
- ཡོང་ནས་བུ་དེ་ཚང་ལ་ཐོན་དུས།
- ངོ་མ་ཅན་གི་འཇའ་ཁ་དོག་སྣ་ལྔ་ཡིས།
- ཁང་བ་ལ་དེ་ལྟར་ཤར་ཡོད་པ་ཞིག
- རྒྱལ་བོ་ཕ་བུ་གཉིས་ཞོན་ནས་ཡོང་བ་དེ།
- ཁྱི་རྒན་གཉིས་ལ་ཞོན་ནས་བུ་དེ་ཚང་གི་སྒོ་ཁ་ལ་ཐོན་ཡོད།
- གཉིས་ཀ་ངོ་ཚ་ནས།
- ཅི་ཞིག་བྱེད་རྒྱུ།
- མི་འཛུལ་རྒྱུ་རེད་ཐོན་འདུག
- འཛུལ་ན་གཉིས་ཀའི་ཞོན་པ་དེ།
- སེང་གེ་མིན་པར་ཁྱི་རྒན་གཉིས་ཡིན་པ་རེད།
- དེ་ནས་ངོ་ཚ་ནས།
- བུ་དེ་ཚང་གི་སྒོ་ཁ་ན་སེང་གེ་གཉིས་ཡོད་པ་དེ།
- སེང་གེ་ངོ་མ་ཡིན་པ་རེད།
- དེ་ནས་གཉིས་ཀ་ཁྱིམ་ན་སོང་ནས་ཚང་མས་སྟོན་མོ་བྱས་ནས།
- ཉི་མ་བདུན་ལ་སྟོན་མོ་བྱས་ནས་ཕྱིར་ལམ་ལ་ཆས།
- བུ་མོ་འགྲོ་ཁར།
- བུ་དེ་ཡིས་ཁྱོད་ཀྱིས་སྒྲོལ་མ་བཏོན་ནས།
- ཁྱོད་སྒྲོལ་མའི་ཞིང་ཁམས་ལ་ཐོན་པ་རེད།
- དེ་ཡིན་ན་ཁྱོད་ལ་ནུ་བོ་ཟེར་བ་ཞིག་ཡོད་པ་མ་རེད།
- ཁྱོད་དེ་ལྟར་དཀའ་བ་ལ།
- དེ་བས་སྒྲོལ་མའི་བྱིན་རླབས་ཀྱིས།
- ཁྱོད་ཡར་ལ་སྒྲོལ་མའི་ཞིང་ཁམས་ལ་ཡོང་བ་ཡིན།
- ཚང་མ་ཕྱིར་ལམ་ལ་ཆས།
- ཕྱིར་ལམ་ལ་ཆས་ནས་སོང་དུས་བུ་མོས་གང་ནས་འདུག་རྒྱུ་ཟེར་ན།
- རྒྱལ་བོ་ཚང་གི་དེའི་ཁ་བླངས་ནས་དེ་ལྟར་བསྡད་དུས།
- ཁང་བརྩེག་གི་ནང་དུ་སོང་ནས་བསྡད་པ་རེད།
- བུ་མོ་ཡིས་ངས་མཆོད་པ་མཆོད་བཤམ་བྱེད་རྒྱུ་ཡིན།
- མོས་ཁ་བཏོན་འདོན་དགོས་ཟེར་ནས་བུ་མོ་ངར་བ་ཞིག་ཡིན་པ་རེད།
- དེ་ལྟར་བཤད་ནས་བུ་མོ་ངར་བ་ཞིག་ཡིན་ནི་རེད།
- ཡར་ལ་ཁང་བརྩེག་གི་ནང་ན།
- མཆོད་པ་མཆོད་བཤམ་བྱས་ནས་བསྡད་ཡོད།
- ཉིན་ཞིག་མོ་ཡི་ཨ་མ་གྲང་ནས།
- ལྡོམ་ནས་ལྟོགས་ནས་གྲང་ནས།
- དེ་ལྟར་རྒྱལ་བོ་ཚང་གི་ཕོ་བྲང་གི་སྒོ་ཁར་ཐོན་པ་རེད།
- ཐོན་པས་གཡོག་པོ་གཡོག་མོ་ཚང་མས།
- ཡར་ལ་ཡོང་དུ་མ་བཅུག་བར།
- ཁ་ཅིག་གིས་སྨྱོན་པ་རེད་ཟེར།
- ཁ་ཅིག་གིས་བླུན་པོ་རེད་ཟེར་ནས།
- དེ་ལྟར་ཡར་ལ་ཡོང་དུ་མ་བཅུག་པར་བསྡད་དུས།
- བུ་མོ་ཡིས་ཁང་བརྩེག་གི་ནང་ནས་མར་ལ་བལྟས་དུས།
- དེ་མོ་ཡི་ཨ་མ་རེད།
- ཨ་ལ་དེ་ཡར་ལ་ཡོང་དུ་བཅུག་ཟེར་ནས།
- མོ་སྔོན་ལ་རྒྱུགས་ནས།
- ཨ་མ་ཁྱོད་ཐོན་པ་ཡིན་ནམ་ཟེར་ནས་ཐོན་པ་ཡིན་ཟེར།
- ངེད་གཉིས་འགྲོ་ནས་ཁྱོད་ཀྱི་གོན་པ་བརྗེ།
- ཨ་མའི་གོན་པ་བརྗེ་ནས།
- ཁ་ལག་གཙང་མ་ཞིག་བཀྲུས་ནས།
- ཁྱོད་ཀྱིས་མོ་ལ་ཡར་འདི་ན་ཡང་མཆོད་ཁང་ཞིག་ཡོད།
- ཁྱོད་ཀྱིས་འདིའི་ནང་དུ་གཙང་སྦྲ་བྱོས།
- མཆོད་པ་མཆོད་མེ་བཤམ་ནས།
- ཁྱོད་ཀྱི་ཟ་འཐུང་དང་གོན་པ་རྒྱལ་བོས་བཀོད་སྒྲིག་བྱེད་པ་རེད།
- ཁྱོད་དེ་ལྟར་སྡོད་ཟེར།
- ཡ་ཡ་ཟེར་ནས་ཨ་མས་མཆོད་པ་མཆོད་མར་བཤམ་ནས།
- དེ་ལྟར་ལེགས་པོར་བསྡད་ནས།
- ཉིན་ཞིག་ཨ་མ་ལོ་ལོན་སོང་།
- ཨ་མ་གྲོངས་སོང་།
- གྲོངས་སོང་བས་བུ་མོས་ཨ་མ་གྲོངས་མ་ཐག་ཏུ།
- ཐོག་ཏུ་རས་དཀར་པོ་ཞིག་བཀབ་ནས་བཞག
- དེ་ནས་ཁོང་གི་ཨ་མར་ན་ཚ་བྱུང་སོང་།
- ཁྱོད་ཚོ་མ་ཡོང་ཟེར་ནས།
- ཉི་མ་དྲུག་བདུན་ཞིག་གི་རྗེས་སུ་སྐུ་གཤེགས་སོང་ཟེར།
- དེ་ནས་རྒྱལ་བོ་ཚང་གིས།
- འདིའི་ཨ་མ་སྐུ་གཤེགས་སོང་ན།
- ཨ་མ་དེ་ཡར་མར་ལ།
- སྐར་མ་ཡང་འགྲོ་མི་དགོས་པ་ཅི་ཡིན་འདོད་ནས།
- ཁོ་སོང་ནས་དེ་རིང་འཆོར་གི་མ་བཅུག་པར་བལྟ་དགོས་འདོད་ནས།
- སོང་ནས་བལྟས་དུས་ཐོག་ཏུ་རས་དཀར་པོ་ཞིག་བཀབ་ཡོད།
- དེ་ནས་ཡ་མནའ་མ།
- སྐུ་འདི་འཇོག་ས་མི་བཟང་གི་ཟེར་ནས།
- ཐོག་ནས་རས་དཀར་པོ་དེ་ཡར་ཕྱེ་དུས།
- ཨ་མ་ཡང་སྐུ་ཞིག་ཏུ་གྱུར་ནས།
- འབག་སྐུ་ཞིག་ཏུ་གྱུར་ནས་བཞུགས་ཡོད།
- བླ་མ་ཡི་སྐུ་གདུང་ལྟར་བསྡད་ཡོད།
- དེ་ནས་ཚང་མ་སྐྱིད་པོ་བདེ་མོ་བྱས་ནས་བསྡད་པ་རེད།