Video Overview
Shabo Kyid from Gartsé in Repgong tells the story of a hermit's daughter sent to marry a king and the hardships she faced.
བརྙན་འདིར་རི་ཁྲོད་པའི་བུ་མོ་ཞིག་རྒྱལ་བོའི་བཙུན་མོར་སོང་བའི་ལམ་བར་དུ་རི་ཁྲོད་པས་གསུང་བའི་འགྲོ་ལུགས་ལྟར་མ་བསྒྲུབས་པའི་མཇུག་འབྲས་བརྗོད་ཡོད།
བརྙན་འདིར་རི་ཁྲོད་པས་བུ་མོ་ཞིག་རྙེད་པ་དེ་ལྷ་མོ་ཞིག་ཡིན་ལ་ནར་སོན་རྗེས་རྒྱལ་བོ་ཚང་གི་བཙུན་མོར་བསླངས། རྒྱལ་བོ་ཚང་ལ་བག་མར་འགྲོ་སྐབས་རི་ཁྲོད་པས་བུ་མོའི་ལག་ལ་དབུ་སྐྲ་དང་སྐེ་ཕྲེང་བཅས་སྤྲད་ནས་ལམ་བར་གྱི་ཉག་ཀ་གསུམ་ཡོད་པ་རེ་རེ་ནས་ཕྱག་རེ་འཚལ་དགོས་ཚུལ་བརྗོད། ཡིན་ཡང་བུ་མོ་གནས་ལ་འགྲོ་སྐབས་སེམས་སྡུག་ནས་ཉག་ཀ་གཉིས་ལ་ཕྱག་འཚལ་རྒྱུ་བརྗེད་སོང་། རྒྱལ་བོའི་མཁར་ལ་ཐོན་རྗེས་རྒྱལ་བོའི་བཙུན་མོ་གཞན་དག་ནི་འདྲེ་མོ་ཏག་ཏག་ཡིན་པས་ལྷ་མོ་ལ་གནོད་པ་གང་མང་བྱས་ཏེ་ཕྱིར་བདའ་ནས་རི་ཁྲོད་པའི་འདུག་གནས་སུ་སླེབས། ཡང་རི་ཁྲོད་པས་མོའི་ལག་ལ་དབུ་སྐྲ་དངསྐེ་ཕྲེང་བཞག་ནས་རྒྱལ་བའི་མདུན་དུ་དམིགས་རྩེ་ཐོན་ཞེས་ནས། ལྷ་མོས་ཀྱང་དེ་ལྟར་བསྒྲུབས་པས་རྒྱལ་བོས་རང་ཤུགས་ཀྱིས་ལྷ་མོ་ལ་རྗེས་སུ་ཡི་རངས་བྱས་པ་དང་འདྲེ་མོ་རྣམས་ཀྱང་བཏུད། འདིས་རང་ལས་ཆེ་བ་ཕ་མ་དང་རྒན་པོའི་གཏམ་ལ་ཉན་དགོས་པ་བརྗོད་ཡོད།
这段视频简述由于修行者的女儿在嫁给国王时没有按照修行者的嘱咐而遇到的各种难处。
本短片简述了一位修行者捡来女儿是个仙女,当到了出嫁的年龄国王来提亲了。出嫁时修行者给女儿送了一丝头发跟项饰并且嘱咐在路上的三个山谷都要磕头并祈祷。但是女儿因为太伤心而忘了磕头,到了国王城发现国王的其他妃子都是妖精,害得把修行者女儿赶出来了。修行者又给女儿送了一丝头发跟项饰并让她在国王面前念经,仙女依从了修行者的指示。国王不禁崇敬仙女且打败了妖精。说明不听老人言,吃亏在眼前的道理。
- བྲག་ཁུང་ཞིག་གི་ནང་དུ་མཚམས་པ་ཞིག་བཞུགས་ནས་བསྡད་ཡོད།
- ཁོ་རང་སྒོ་ཕྱི་རུ་ཕེབས་པ་ན་ཡུ་མོ་ཞིག་གིས་བྱིས་པ་ཞིག་ཁྱེར་ཡོང་ཡོད།
- དེ་ནས་མཚམས་བྱིས་པ་དེ་སྙིང་རྗེ་ནས་གཉོར་སྐྱོང་བྱས་པ་ཡིན།
- དེ་ནི་ལྷ་མོ་ཞིག་ཡིན་པ་དང་།
- རྒྱལ་བོ་ཞིག་གིས་ཁོ་ལ་བཙུན་མོ་དགོས་ཞེས་ནས་ཁྲིད་པ་ཡིན།
- དེ་ནས་མཚམས་པས་དབུ་སྐྲ་རེ་འགའ་ག་བུར་ཞིག་གི་ནང་དུ་བསྡུས་ནས།
- ཁྱོས་འདི་སྐེད་ལ་བཏགས་ནས་ཉག་ག་གོང་མའི་ནང་དུ་འགྲོ་དུས།
- བླ་མའི་སྐུ་ལ་གསོལ་བ་འདེབས་ཞེས་ནས་གསོལ་བ་བཏབ་ནས་ཕྱག་གསུམ་འཚོལ།
- ཉག་ག་བར་མའི་ནང་དུ་འགྲོ་བའི་དུས་ལ།
- བླ་མའི་གསུང་ལ་གསོལ་བ་འདེབས་ཞེས་ནས་ཕྱག་གསུམ་འཚོལ།
- ཉག་ག་ཞོལ་མའི་ནང་དུ་འགྲོ་བའི་དུས་ལ།
- བླ་མའི་ཐུགས་ལ་གསོལ་བ་འདེབས་ཞེས་ནས་ཕྱག་གསུམ་འཚོལ་ཏེ་སོང་ཞེས་པ་ན།
- མོ་རང་འགྲོ་བའི་དུས་སུ་སེམས་སྡུག་ནས་ངུ་ཞོར་དུ་སོང་བས།
- ཉག་ག་ཕྱི་མ་མ་གཏོགས་ལས་ཕྱག་འཚལ་རྒྱུ་བརྗེད་སོང་བ་རེད།
- དེ་ནས་མོ་རང་རྒྱལ་བོ་ཚང་གི་མདུན་དུ་སོང་ནས་གཅོད་བཏོན་ནས་བསྡད་པ་ཡིན།
- རྒྱལ་བོ་ཚང་གི་གམ་དུ་འདྲེ་མོ་ཏག་ཏག་ཡོད་པ་ཡིན།
- འདྲེ་མོ་ཚོས། རྒྱལ་བོ་ལྷ་རྟ་བསད་ཟིན་ལྷ་མོས་བསད་ཞེས་མགོ་སྐོར་བཏང་།
- རྒྱལ་བོ་ལྷ་ཡག་བསད་ཟིན་ལྷ་མོས་བསད།
- ལྷ་མོས་ཁོ་ཚོའི་བུ་བསད་ཟིན་ཞེས་ནས།
- རྒྱལ་པོ་ཚང་གིས་ལྷ་མོ་གདའ་བ་རེད།
- དེ་ནས་ལྷ་མོ་ཕྱིར་བྲག་ཁོང་དེ་ཡོད་སེར་ཕྱིར་ཕེབས་པ་ན།
- མཚམས་པས་རྗེས་ལ་གཟིགས་ཡོད་པས་ཕྱག་འཚལ་རྒྱུ་བརྗེད་སོང་བས།
- ཉག་ག་ཞོལ་མོ་ནས་མ་གཏོགས་ཕྱག་མ་འཚལ་བས།
- མཚམས་པ་ཕེབས་སོང་བ་རེད།
- དེ་ནས་མོ་རང་ངུ་བཞིན་ཡོད་པས།
- བྱ་དཀར་པོ་ཞིག་གི་སྤྲུལ་ནས་མཚམས་པ་ཕྱིར་ཁྲི་ཐོག་ཏུ་ཕེབས།
- དེའི་འཕྲོ་ནས་་་ད་ཁྱོད་ལ་འདང་རྒྱག་མེད།
- གལ་ཏེ་ཁྱོས་ཉག་ག་ཆོའི་ནང་དུ་ཕྱག་འཚལ་ཡོད་ཀྱིས་ན་འདི་འདྲ་བྱུང་མེད།
- ཁྱོས་བརྗེད་སོང་བ་རེད།
- ད་ཐེངས་སོང་ནས་རྒྱལ་བོ་ཚང་གི་མདུན་ནས་རྩེ་ཐོན་ན་སྡོད་དང་།
- ཁྱོད་འདང་རྒྱག་མེད་ཞེས་ནས།
- དབུ་སྐྲ་དང་ག་བུར་ཞིག་གནང་ནས།
- མོས་རྩེ་བཏོན་ནས་བསྡད་པ་ན།
- རྒྱལ་བོས་ཉན་ནས་བསྡད་ཡོད།
- འདྲེ་མོ་ཚོས་ང་ཚོས་རྒྱལ་བོ་ལྷ་རྟ་བསད་ནས་ལྷ་མོའི་མགོར་འཕངས།
- བླ་མ་ཁྱོད་ཀྱི་མདུན་ནས་ཐོ་ལོ་བཤགས།
- རྒྱལ་བོ་ལྷ་ཡག་བསད་ནས་ལྷ་མོའི་མགོར་འཕངས།
- བླ་མ་ཁྱོད་ཀྱི་མདུན་ནས་ཐོ་ལོ་བཤགས།
- ཁོ་ཚོས་ཁོ་ཚོའི་བུ་བསད་ནས་ལྷ་མོའི་མགོར་འཕངས་པ་ཞེས་ཐོ་བཤགས་བྱེད་ཁུལ་བྱས་ནས།
- རྗེས་ནས་རྒྱལ་བོ་ཚང་གིས་ལྷ་མོར་རྗེས་སུ་ཡི་རངས་བྱས་ནས་འདྲེ་མོ་ཆོ་བཏུལ་བ་ཡིན།