Video Overview
འདི་ནི་འཚམས་པ་ཞིག་གིས་ཆར་བཀག་ནས་ཨ་མྱེས་གཉན་ཆེན་གྱི་མིག་ཕུད་ཅིང་གཞི་བདག་གིས་ཤ་ཇི་ལྟར་ལེན་པ་མཐོང་བའི་གཏམ་རྒྱུད་ཅིག་ཡིན།
- གུ་རུ་སེམས།དེང་མ་ཞིག་ལ།
- ལོ་གང་བོར་བསྡད་ཡོད་པའི་མཚམས་པ་ངར་བ་ཞིག་ཡོད།
- མཚམས་པ་དེའི་འདབས་ན།
- ཕ་རྫི་དཀར་ལྡང་ར་འདྲ་བ་ཞིག་ཡོད།
- དེ་ནས་ཉིན་ཞིག་ལ་མཚམས་པ་དེ།
- ཡར་སྟོད་ལ་སོང་ནས་བསྡད་ཡོད་དུས།
- ཕ་རྫི་དཀར་ལྡང་གི་གམ་དུ་སྐྱི་མི་དཀར་ནག་གཉིས་ཐོན་པ་རེད།
- ཐོན་ནས་ཕ་རྫི་དཀར་ལྡང་གི་ཁོག་ཏུ་འཛུལ་སོང་།
- ཨ་ཡ་མཚན་ཁོ་ད་བར་དུ་འདི་ནས་ལོ་མཚམས་ཚེ་མཚམས་བསྡད་ནས།
- ཕ་རྫི་གན་ལ་ཁོག་པ་ཡོད་པ་མ་ཤེས།
- གན་ཅི་ཞིག་ཡིན་ནམ།
- གན་གི་ཁོག་ཏུ་སྐྱ་མི་དཀར་ནག་གཉིས་འཛུལ་ཐལ།
- ཡ་སོང་ནས་དེ་རིང་བལྟ་དགོས་འདོད་ནས།
- ཁ་རོག་ལ་འཇབ་ནས་སོང་སྟེ་བལྟས་དུས།
- ཁོག་ན་ཁ་བརྡ་བྱེད་བཞིན་ཡོད།
- གོང་གི་མཚམས་པ་དེས་ལོ་ཧྲིལ་བོར།
- སེར་བ་བཀག་ནས་ཆར་འབབ་ཏུ་མི་འཇུག་གི
- སང་ཉིན་ཉིན་གུང་སྤྲིན་བྱེའུ་མགོ་འདྲ་བ་ཞིག་གི་ནང་ནས།
- མཚམས་པ་གན་ལ་ཐོག་འཕངས་ནས་གསོད་རྒྱུ་ཡིན་ཟེར།
- དེ་ནས་ཁོ་ཕྱིར་ཡོང་།
- ཕྱིར་ཡོང་ནས་ཅུང་མ་འགོར་བར།
- སྐྱ་མི་དཀར་ནག་གཉིས་བུད་སོང་།
- དེ་ནས་ཕ་རྫི་དཀར་ལྡང་ཡོང་ནས།
- ཨ་ཡེ་ཞིག་ཐོན་པ་རེད།
- ཡོང་ནས་ཨ་ཁུ་མཚམས་པར།
- ཁྱོད་ཀྱིས་སང་ཉིན་སེམས་ཆུང་བྱོས།
- སྤྲིན་བྱེའུ་མགོ་འདྲ་བ་ཞིག་གི་ནང་ནས།
- འབྲུག་ཅིག་གྲགས་ནས་ཁྱོད་ལ་ཐོག་གིས་བརྒྱག་རྒྱུ་རེད་ཟེར།
- ཨོ་ཡ་ཡ་ཟེར།
- དེ་ནས་རྒན་མོ་དེ་ཕྱིར་སོང་ཤུལ་དུ།
- མཚམས་པ་ཡིས་ཐུམ་བཟུང་བ་རེད།
- ཐུམ་བཟུང་ནས་འཇིག་རྟེན་ཞིག་ན།
- ཐུམ་བཟུང་ནས་ཡུངས་དཀར་སྤར་བ་གང་བཟུང་ནས་བསྡད་པ་ཡིན།
- ཕྱིའི་ཉིན་ཉིན་གུང་དང་ནངས་མོར།
- ཁོའི་གཤོང་བ་དང་རྔོག་ཞྭ་དེ་ཁྱེར་ནས།
- ཁོའི་སེར་བ་འགོག་སའི་ཐོ་བ་ཡོད་པ་དེ་ནས།
- གཤོང་བ་ཡར་་བརྩིངས་ནས།
- མགོར་རྔོག་ཞྭ་བསྐོན་ནས།
- ཁོ་བསྡད་ཡོད་པའི་རྔ་མ་དེ་བསྟན་ནས།
- སེར་བ་འགོག་པའི་ཚུལ་བསྟན་ནས་བཞག་པ་རེད།
- དེ་ནས་ཁོ་ཡིས་དེའི་སྟེང་ནས་བསྡད་པ་རེད།
- བསྡད་ནས་ཉིན་གུང་སྤྲིན་བྱེའུ་མགོ་འདྲ་བ་འཐིབ་ནས།
- རྔོག་ཞྭ་གོན་ནས་ཡོང་སྟེ།
- གཤོང་བ་དེའི་མགོར་ཐོན་པ་རེད།
- དེར་ཐོན་དུས་འབྲུག་གཅིག་གྲགས་ནས།
- ཐོག་འཕངས་ནས་དུ་བ་ཞིག་འཁོར་ནས།
- དེའི་ཚད་ལ་མཚམས་པ་ཡིས།
- ཡུངས་དཀར་སྤར་བ་གང་གིས་བརྒྱབ་ནས།
- སྤྲིན་ཐར་ཐོར་དུ་བཏང་ནས་བུད་སོང་།
- གནམ་ཐང་ནས་བུད་སོང་།
- དེ་རེད།
- ཁོ་ཡི་རྔོག་ཞྭ་དེ་གཤོང་བ་ཡི་གམ་དུ་བླངས་ནས།
- གཤོང་བ་སྒྲིག་ནས་བཞག་ཡོད།
- དེ་ནས་དེ་རེད།
- གནམ་ཐང་སོང་།
- དེའི་རྗེས་ནས་ཨ་སྐྱི་བ་ཞིག་ཡར་ལྷ་ས་ལ་འགྲོ་བཞིན་ཡོད།
- སྐྱ་མི་དཀར་ནག་གཉིས་ཨ་སྐྱི་བ་དེའི་གམ་དུ་ཐོན།
- ཁོང་གི་ཨ་མྱེས་གཉན་ཆེན་གྱི་མིག་ནང་དུ།
- ཡུངས་དཀར་དཔོན་རྒན་ཞིག་གིས་ཁྱེར་སོང་ནས།
- ཐོག་གིས་བརྒྱབ་ནས་ཁྱེར་ནས་སོང་སྟེ།
- ཁོང་གི་ཨ་མྱེས་གཉན་ཆེན་གྱི་མིག་ནང་དུ།
- དེ་ལྟར་ཡུངས་དཀར་འཚིག་སོང་།
- ཁྱོད་ངེས་པར་དུ་ཕེབས་དགོས་ཟེར།
- ཁོ་ཡར་ལྷ་སར་འགྲོ་དགོས།
- ཕེབས་པའི་ཁོམ་པ་མེད་གི་ཟེར།
- ཨ་ཁུ་ལོ་ལོ་ཁྱོད་ངེས་པར་དུ་འགྲོ་དགོས།
- ཁོ་ཡར་གནམ་ཞིག་ལ་ཅི་ལྟར་ཕེབས།
- དེ་སྐྱོན་མེད།
- ཁོང་གི་རྟ་ཡི་ཕང་བར་ཞོན་ནས།
- ཁྱོད་ཀྱིས་མིག་བཙུམ་དང་ཕྱེ་ཟེར་དུས་ཐོན་ཡོད།
- དེ་ལྟར་བཤད་པས་ཡ་ཡ་ཟེར།
- རྟ་ཡི་གོང་ལ་ཞོན་ནས།
- མིག་བཙུམ་ཟེར་ནས་མིག་བཙུམ་པ་རེད།
- ཡ་མིག་ཕྱེ་ཟེར་ནས་ཨ་མྱེས་གཉན་ཆེན་གྱི་ཕོ་བྲང་ནང་དུ་ཐོན་ཡོད།
- ཨ་མྱེས་གཉན་ཆེན་ཟེར་བ།
- མིག་གི་ནང་དུ་ཡུངས་དཀར་སོང་ནས།
- ཨ་ཡ་ཨ་མ་ཟེར་ནས་ངུས་ནས་འགྲོ་བ་རེད།
- དེ་ནས་བླ་རྒན་གྱིས་བཏོན་ནས་ཕུ་བཏབ་པས།
- ཡུངས་དཀར་ཚོ་གཅིག་རེ་གཅིག་རེ་ཕུ་བཏབ་ནས།
- སྨན་ཞིག་བརྒྱབ་ནས།
- ཕྱིིའི་ནངས་མོར་ལྷུང་སོང་།
- མིག་དྲག་ནས་དེ་ལྟར་བསྡད་ཡོད།
- དེ་ནས་ཁྱོད་ལ་ཅི་ཞིག་གིས།
- འབུལ་བ་དགོས་པ།
- དེ་ད་རུང་བཤད་ནས་མི་ཤེས་པ་རེད།
- ཁྱོད་དེང་མ་ཡི་གནས་དེར་སྐྱེལ་ཟེར།
- ཡ་ཡ་ཟེར།
- དེ་ནས་ཁོ་སོང་ནས་དེ་གཉིས་ལ་བཤད་ནས།
- ཁྱོད་གཉིས་སོང་ནས་ཨ་ཁུ་འདིར་ལ་ཤ་ཁྱེར་ནས་ཤོག།
- འདི་ལ་མགྲོན་བྱེད།
- ཤ་བཙོ་དགོས་ཟེར།
- དེ་ནས་ཁྱོད་སོང་ཟེར་བ་རེད།
- སྐྱ་མི་དཀར་པོ་དེས།
- ཁྱོད་ཀྱིས་བཤད་ནས་བསྡད་འདུག
- གཅིག་ལ་ཁྱོད་སོང་ཁྱོད་ངར་བ་རེད།
- ཡ་ཡ་ཟེར་ཏེ་དེ་ནས་སོང་།
- གཅིག་གིས་མཛོ་མོ་འཁོར་མོ་ཞིག་བཞོས་ནས་བསྡད་ཡོད།
- དེའི་གམ་དུ་སོང་ནས།
- ཨོ་ཡ་ཨུ་རྒྱན་གྱིས་སྲུང་ཟེར་ནས་མ་ཤི་བ་རེད།
- དེའི་མར་ལ་སོང་ནས་གཅིག་གིས་མཛོ་མོ་ནག་པོ་ཞིག
- ཨ་ཡེ་ཞིག་གིས་བཞོས་ནས་བསྡད་ཡོད།
- དེའི་གམ་དུ་སོང་ནས་ཡང་གིས་ཐོ་བརྒྱབ་ནས།
- འདི་ས་ཆེན་གྱི་ཤ་ཡིན་ཟེར་ནས་ཤི་སོང་།
- དེ་ནས་དེའི་ཤ་ཁྱེར་ནས་བུད་ཡོང་།
- དེའི་ཤུལ་དེ་མཛོ་རྒན་མ་བཤས་ནས།
- ཤ་ཟ་བ་ལ་བལྟས་དུས་ཁོག་པ་ལྕེ་གང་ལས་མེད།
- དེ་ཡིན་ཏེ་ཁོ་ཡིས་མཐོང་ནས་བསྡད་ཡོད།
- མཚམས་པ་ཁོ་ཡིས་རྗེས་ཐུར་དུ་བལྟས་ནས།
- ཤ་ཟེར་བ་ཅི་ལྟར་ལེན་དུ་འགྲོ་བ།
- དེ་ལྟར་བལྟས་ནས་བསྡད་ན་དེ་འདྲ་ཞིག་རེད།
- དེ་ནས་ཤ་ཅན་པོ།
- ཚང་མས་ཟ་བ་ཤ་ཡིན་པ་རེད།
- མར་ན་ཐང་གིས་དེ་ཚོས་བལྟ་བཞིན་པ་ལྕེ་ཡིན་པ་རེད།
- མཛོ་མོ་བཤས་ནས་ཁོག་པ་ལྕེ་ཡིས་བཀང་ཡོད།
- དེ་ནས་ཁོ་ཡིས་དེང་མ་ཡི་གནས་དེར་སྐྱེལ་ནས།
- ཁྱོད་སང་ཉིན་ཡར་ན།
- རི་ཞིག་ཡོད་པ་ཁྱོད་གན་ན་ཤོག
- གན་ན་ཤོག་དང་ཁྱོད་འབུལ་བ་འདྲ་བ་གན་ན་བཞག་ཡོད་ཟེར།
- དེ་ནས་ཡ་ཡ་ཟེར།
- ཕྱིའི་ཉིན་ཁོ་དེ་གྱེན་ན་སོང་ནས།
- ཉི་མའི་གུང་ཞིག་ལ་རི་མགོར་དེར།
- འབྲུག་གྲགས་ནས་ཐོག་འཕངས་ནས།
- གློག་འཁྱུགས་ནས་དེ་ལྟར་བྱས།
- དེ་ནས་ཕྱི་དྲོ་ས་རུབ་ལ་ཉེ་དུས།
- ཁོ་ཐོན་དུས་གཡུ་དང་བྱུ་རུ།
- འཇིག་རྟེན་འདི་ན་སྤུངས་ནས་བཞག་ཡོད།
- ཁོ་ཡི་འབུལ་བ་དེ་ཡིས་ཚབ་བྱས་པ་རེད།