Video Overview
A shepherd’s wife is abducted by a female demon, but returns home through torma fire-offerings.
- འབྲུག་སྐྱིད།གནའ་ཞིག་ལ་བུ་མོ་ཞིག་ཡོད།
- མོ་ལུག་རྫི་ཡིན་པ་རེད།
- ཚེ་གང་བོར་ལུག་ཚོ་མཐོ་མགོ་ནས་ཐུར་དུ་འགྲོ་བ་རེད།
- དེ་ནས་ཚེ་གང་བོར་མོ་རྗེས་ལ་སོང་ནས།
- དེ་ན་གཉིད་ས་ཞིག་ཡོད་པ་དེ་ནས་གཉིད་ནས་བསྡད།
- དེ་ནས་ཉིན་ཞིག་ལ་མོ་ཡིས་རྨི་ལམ་རྨིས་པར།
- མི་འགའ་ཡོང་ནས།
- ཨ་ཡེ་ཞིག་གིས་མོ་ཡི་སྔས་མགོ་ནས་ལག་སྐོར་གཡས་ལ་སྐོར།
- དེ་ནས་མོ་འདྲེ་ཡིས་ལོག་སོང་།
- དེ་ནས་མི་འགའ་སྟེ་འགྲོ་རོགས་འགའ་ཡོད་པ་རེད།
- དེ་ཚོར་དང་མཉམ་དུ་སོང་བ་ཡིན།
- དེ་ནས་ཁྱིམ་ཚང་ཞིག་གི་འདབས་ལ་སོང་ནས།
- ཁྱིམ་ཚང་ཞིག་གིས་སོ་མ་རི་བཀལ་ནས་ཡོང་བ་ཡིན།
- དེ་ནས་ཁོ་ཚོ་དེར་སོང་ནས་བསྡད་དུས།
- བུ་དེ་སྔོན་ལ་བལྟ་རུ་ཐོན།
- དེ་ནས་ང་ཚོས་གན་གི་སྲོག་ལེན་ཟེར་དུས།
- སྲོག་ལེན་ཟེར་ནས་གམ་དུ་སོང་།
- བུ་དེས་རྟ་སྒྱོག་ལ་བཅུག་ནས་གཉིད་སོང་།
- ཁ་ནང་ནས་མེ་འབར་ནས།
- སྣ་ནང་ནས་དུ་བ་ཡོང་ནས།
- དེ་ནས་ཁོ་ཚོས་སྲོག་ལེན་མི་ཐུབ་གི་ཟེར།
- དེ་ནས་ཁོ་ཚང་གི་རུ་ཐོན་ཐལ་ཟེར།
- རུ་ཐོན་དུས་བྱིས་པའི་སྲོག་ལེན་ཐུབ་ཀི་ཟེར།
- དེ་ལྟར་བླངས་པ་རེད་ཟེར།
- རྡོ་ཐོག་ལ་བཞག་ནས།
- བྱིས་པ་ཡིས་ཨག་བཏབ་ནས་ཤི་ལ་ཉེ་ཟེར།
- དེ་ནས་ཁོ་ཚང་མྱུར་དུ་སོང་ནས།
- བླ་མ་ཞིག་ཁྲིད་ནས་ཡོང་།
- དེ་ནས་ཡོང་ནས་དེས་བཏོན་ནས།
- ཁོང་ཚོའི་སྲོག་ཕྱིར་མི་སྟེར་བ་རེད།
- དེ་ནས་ཁོང་ཚོ་དེ་ཚང་གིི་གྲུ་ག་ནས་བསྡད་པས།
- ཉིན་ཞིག་ལ་བསྔགས་རྒན་ཞིག་སྟེ།
- སེན་མོ་དཀྱིས་ནས་གཏོར་མ་བཅོས་ན།
- ཕ་རོལ་ལ་བཅོས་ནས་སོང་ན།
- ཕྱིར་བཤིག་ནས་ཐོན་ཡོང་བ་དེ་འདྲ་ཞིག་ཡོང་བ་རེད།
- དེ་འདྲ་ཞིག་ཡོང་བ་རེད་ཟེར།
- དེ་ནས་ཁོང་ཚོས་བར་ཞིག་ལ།
- གཞན་གྱིས་མེ་སྒོང་ཞིག་བརྒྱབ་པ་རེད།
- དེ་ནས་ཁོང་ཚོ་འགྲོ་ཡ་ཟེར་དུས།
- ཁོང་ཚོ་འགྲོ་ཡ་ཟེར་དུས་འགྲོ་རྒྱུ་མེད།
- ཁོང་ཚོ་ཚང་མ་ལྕགས་ཀྱིས་བཀྱིག་ཡོད་ཟེར།
- དེ་ལྟར་བཤད་པ་ཡིན།
- དེ་ནས་བསྔགས་རྒན་གྱིས།
- བུ་མོ་དེ་ཨ་ཡེ་ཞིག་ཡིན།
- དེའི་ཕན་ཆད་ན་ཡང་ཨ་ཡེ་ཞིག་ཡོད་གི་ཟེར།
- འདྲེ་རྒན་འདྲ་བ་དེའི་ནང་ན།
- བསྔགས་རྒན་འདྲེ་རྒན་ཞིག་དང་།
- ཨ་ཁུ་འདྲེ་རྒན་ཞིག་ཡོད།
- དེ་གཉིས་ཀྱིས་སྔོན་ན་གན་ཁྱེར་ཐལ་ཟེར།
- སྔོན་ན་བསྔགས་རྒན་འདྲེ་རྒན་ཟེར་བ་ཁྱེར་སོང་ནས།
- དེ་ལྟར་མི་ཟེར་བ་རེད།
- སྔོན་ན་ཨ་ཁུ་འདྲེ་རྒན་ཟེར་བ་ཁྱེར་ནས་སོང་སྟེ།
- མེ་ནང་དུ་གཡུགས་པ་རེད།
- དེ་ནས་ཨ་ཡེ་ཡང་མེ་ནང་དུ་གཡུགས་པ་རེད།
- དེ་ནས་བསྔགས་རྒན་འདྲེ་རྒན་ཟེར་བ།
- གསེར་མཛུབ་མགོ་ནས་མི་ཆུང་བ་ཡུངས་དཀར་འདྲ་བ་ཡོང་ནས།
- བལྟས་དུས་བསྔགས་རྒན་འདྲེ་རྒན་མ་ལྷུང་བ་རེད།
- དེ་ནས་ཡང་གཅིག་ཡོང་ནས།
- བསྔགས་རྒན་མེ་ནང་དུ་འཕངས་བ་རེད།
- དེ་ནས་མོ་ཡང་འཕངས་པ་རེད།
- དེ་ནས་མོ་སད་དུས།
- དེང་མ་ལུག་རྫི་ནས་མོ་གཉིད་སའི་ས་དེ་ན་ཡོད་གི་ཟེར།
- དེ་ནས་མོ་ཕྱིར་ཡུལ་ལ་སོང་བ་རེད།