Skip to main content Skip to search
15 Dec 2011
3 min 20 sec
Video Overview
Creators: 
Unknown

A doctor introduces the medicinal flower called utpala.

毛瓣绿绒蒿入药广泛,对肝脏及肺部的热病效果显著.然而过渡的采摘,使药物来源日渐减少 来源于西藏本地的藏药材

Transcript search
No results found for this search
0 of 0
  • བྱས་ཙང་འདི་ལ་ཆ་བཞག་ན་གཙོ་བོ་དེ་ཨུཏྤལ། བྱས་ཙང་ཨུཏྤལ་ལ་ཆ་བཞག་ན་ང་ཚོས་གཞུང་ལུགས་ནང་ཁུལ་ལ་བྱས་པ་ཡིན་ན་ཨུཏྤལ་ལ་རིགས་གསུམ་དབྱེ་བ་ཕྱེ་ཀྱི་རེད། 
    byas tsang 'di la cha bzhag na gtso bo de ut+pl/_byas tsang ut+pl la cha bzhag na nga tshos gzhung lugs nang khul la byas pa yin na ut+pl la rigs gsum dbye ba phye kyi red/_
  • ཨུ་ཏྤལ་སྔོན་པོ་བྱས། ཨུཏྤལ་དམར་པོ་བྱས། ཨུཏྤལ་སེར་པོ། བྱས་དཀར་པོ་བྱས་བཞི་ཡོད་ཟེར་གསུངས་པ་རེད། ད་ཡིན་ནའི་ད་ལྟ་ཨུཏྤལ་དཀར་པོ་དེ་ངས་མཐོང་མ་མྱོང་།
    u t+pal sngon po byas/_ut+pl dmar po byas/_ut+pl ser po/_byas dkar po byas bzhi yod zer gsungs pa red/_da yin na'i da lta ut+pl dkar po de ngas mthong ma myong /
  • ད་ཡིན་ནའི་ལའི་ངས་མཐོང་བ་དེ་ག་རེ་ཟེར་ན་ཨུཏྤལ་སྔོན་པོ་བྱས། སེར་པོ་བྱས། དམར་པོ་བྱས་དེ་གས་དེ་ཨ་ནི་མཐོང་བྱས་བྱས་དེ་འདྲས་ཡིན།
    da yin na'i la'i ngas mthong ba de ga re zer na ut+pl sngon po byas/_ser po byas/_dmar po byas de gas de a ni mthong byas byas de 'dras yin/
  • བྱས་ཙང་ཨུཏྤལ་དེ་ལ་ཆ་བཞག་ན་ད་གིན་གོང་ལ་ཞུས་པ་གནང་བཞིན། གངས་ལྷ་ནང་བཞིན་གྱི་སྤྱིར་བཏང་གི་ས་ཆ་དམའ་པོ་དེ་འདྲས་ལ་སྐྱེས་ཀྱི་མ་རེད། 
    byas tsang ut+pl de la cha bzhag na da gin gong la zhus pa gnang bzhin/_gangs lha nang bzhin gyi spyir btang gi sa cha dma' po de 'dras la skyes kyi ma red/_
  • ང་རང་ཚོའི་བོད་རང་གི་ས་ཆ་ཡང་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་བཞི་སྟོང་དང་ལྔ་སྟོང་ཡན་གྱི་ས་ཆ། རྫའི་སིང་་ལ་མ་གཏོགས་ཡོའོ་མ་རེད།
    nga rang tsho'i bod rang gi sa cha yang rgya mtsho'i ngos las spyi khri bzhi stong dang lnga stong yan gyi sa cha/_rdza'i sing la ma gtogs yo'o ma red/
  • འདི་ལ་ཆ་བཞག་ན་ལའི་སྤྱིར་བཏང་གི་བོད་ཡོངས་ཀྱི་ས་ཆ་ལ་ཧ་ལམ་མི་འདུག སྤྱིར་བཏང་བྱས་ན་ད་འདི་མང་ཤོས་དེ་ག་པ་རེད་བྱས་ན་ང་རང་ཚོའི་ད་ལྟ་ལྷ་ས་རྒྱུད་ཀྱི་ས་ཆ་ཡིན་ན་མང་པོ་ཡོའོ་རེད། 
    'di la cha bzhag na la'i spyir btang gi bod yongs kyi sa cha la ha lam mi 'dug_spyir btang byas na da 'di mang shos de ga pa red byas na nga rang tsho'i da lta lha sa rgyud kyi sa cha yin na mang po yo'o red/_
  • སྔོན་མ་ལ་ཆ་བཞག་འོང་མདོ་སྡེ་དང་ཅིག་འབྲས་སྤུངས་ཀྱི་རྒྱབ་ལོག་དེ་བར་རྒྱན་པོའི་དབུ་རྩེ་ཟེར་ཡས་དེ་འདྲས་སྟོད་ལུང་གཞོང་པ་ལྷ་ཆུའི་ཕུ་དང་། འོང་སྟོད་ལུང་ཡབ་ཀྱི་ནང་འོང་དེའི་རྒྱུད་ལ་ཆ་བཞག་ན་མ་གཏོགས་ཅིག་གི་སྤྱིར་བཏང་གི་བོད་ཀྱི་ས་ཆའི་ནང་ཁུལ་ལ་དཔེར་ན་ཕར་བྱང་ངོས་ལའི་མི་འདུག་ཕར་ལྷོ་ཁ་ངོས་ལའི་མི་འདུག་ད་སྨན་འདི་དཀོན་པོ་ཞེ་པོ་རེད།
    sngon ma la cha bzhag 'ong mdo sde dang cig 'bras spungs kyi rgyab log de bar rgyan po'i dbu rtse zer yas de 'dras stod lung gzhong pa lha chu'i phu dang /_'ong stod lung yab kyi nang 'ong de'i rgyud la cha bzhag na ma gtogs cig gi spyir btang gi bod kyi sa cha'i nang khul la dper na phar byang ngos la'i mi 'dug phar lho kha ngos la'i mi 'dug da sman 'di dkon po zhe po red/
  • བྱས་ཙང་འདི་ལ་ཆ་བཞག་ན་ཨུཏྤལ་འདི་ལ་ཆ་བཞག་ན་ང་ཚོའི་བོད་ཀྱི་སྨན་ནང་ཁུག་ལ་ཆ་བཞག་ན་ཨུཏྤལ་དེ་ཞེ་དྲག་གི་བེད་སྤྱོད་བཏང་ཡས་དེ་མང་པོ་རེད།
    byas tsang 'di la cha bzhag na ut+pl 'di la cha bzhag na nga tsho'i bod kyi sman nang khug la cha bzhag na ut+pl de zhe drag gi bed spyod btang yas de mang po red/
  •  བྱས་ཙང་ཁོ་རའི་ནུས་པའི་ནང་ཁུག་ལ་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན། ཨུཏྤལ་གློ་མཆིན་ཚ་བ་མ་ལུས་སེལ་ཟེར་འོང་། གློ་བ་དང་མཆིན་པ་དང་ཚ་བའི་ན་ཚ་ལ་ཕན་གྱི་ཡོད་ཟེར། 
    _byas tsang kho ra'i nus pa'i nang khug la ga re bshad kyi yo'o red zer na/_ut+pl glo mchin tsha ba ma lus sel zer 'ong /_glo ba dang mchin pa dang tsha ba'i na tsha la phan gyi yod zer/_
  • འོང་ང་ཚོའི་བོད་སྨན་གྱི་སྨན་གྱི་སྦྱོར་སྡེའི་ནང་ཁུག་ལ་ཆ་བཞག་ན་གཙོ་བོ་མང་ཆེ་བ་ཅིག་གི་ནང་ཁུག་ལ་ཨུཏྤལ་མེད་པ་དེ་འདྲས་ཁྱོན་ནས་ཡོང་གི་མི་འདུག
    'ong nga tsho'i bod sman gyi sman gyi sbyor sde'i nang khug la cha bzhag na gtso bo mang che ba cig gi nang khug la ut+pl med pa de 'dras khyon nas yong gi mi 'dug
  • ད་ཡིན་ན་ལའི་ཉེ་དུས་ལོ་ཁ་ཤས་ནང་ཁུལ་ལ་ཆ་བཞག་ན་སྨན་བཟོ་མཁན་དེ་མང་རུ་མང་རུ་མང་རུ་ཕྱིན་སྨན་རྩ་དེ་རྦད་དེ་རྩ་བསྐོག་བཏངབྱས་བྱས། 
    da yin na la'i nye dus lo kha shas nang khul la cha bzhag na sman bzo mkhan de mang ru mang ru mang ru phyin sman rtsa de rbad de rtsa bskog batangabyasa byas/_
  • འོང་ད་ད་ལྟ་ཨུཏྤལ་ལ་ཆ་བཞག་ན་རྩ་བའི་ཆ་ནས་བྱས་ན་རྐང་དེ་མ་སོང་སྟོངས་འགྲོ་གྱི་འདུག
    'ong da da lta ut+pl la cha bzhag na rtsa ba'i cha nas byas na rkang de ma song stongs 'gro gyi 'dug
  • བྱས་ཙང་འདི་ལ་ཆ་བཞག་ན་ལའི་མངོན་ནས་དྲང་ནས་ཀྱི་ད་སྨན་འདིའི་བཟོ་འདྲ་དེ་འདྲས་རྩ་བ་དང་མ་སོང་སྟོངས་པ་ཡིན་ན་ཨ་ནི་གཞུག་མག་མ་འོངས་པའི་དུས་ལ་ཆ་བཞག་མངོན་ནས་དྲང་ནས་ང་རང་ཚོ་བོད་སྨན་གྱི་ག་རེ་ཟེར་དགོས་རེད་ད།
    byas tsang 'di la cha bzhag na la'i mngon nas drang nas kyi da sman 'di'i bzo 'dra de 'dras rtsa ba dang ma song stongs pa yin na a ni gzhug mag ma 'ongs pa'i dus la cha bzhag mngon nas drang nas nga rang tsho bod sman gyi ga re zer dgos red da/
  • བྱས་ཙང་འདིའི་སྐོར་ལ་ཆ་བཞག་ན་ངས་ཆ་བཞག་ན་ལའི་ས་ཆ་མང་པོ་ལ་རྟོག་ཞིབ་བྱེད་ཀ་ཕྱིན་བྱས་བྱས་དེ་འདྲས་རེད་
    byas tsang 'di'i skor la cha bzhag na ngas cha bzhag na la'i sa cha mang po la rtog zhib byed ka phyin byas byas de 'dras red
  • ད་མཐའ་མ་མཐའ་མ་འི་དུས་ལ་ཆ་བཞག་ན་ད་ལྟ་གྲོ་མོ་ལ་འོང་སྨན་འདི་འདུག་
    da mtha' ma mtha' ma 'i dus la cha bzhag na da lta gro mo la 'ong sman 'di 'dug
  • སྨན་རྒྱུའི་ཐོན་ཁུངས་ཟེར་དགོས་རེད་པས་དེ་ཡིན་ན་རྩ་བསྐོག་འགྲོ་ཡས་ཀྱི་ཉན་ཁ་དེ་མ་སོང་ཆེན་པོ་ཅིག་འདུག་ཟེར།
    sman rgyu'i thon khungs zer dgos red pas de yin na rtsa bskog 'gro yas kyi nyan kha de ma song chen po cig 'dug zer/
  • ད་ཡིན་ན་ལའི་གྲོ་མོ་ལ་དུག་དའི་གྲོ་མོའི་དེ་ཡང་འདི་དང་མི་འདྲ་གྲོ་མོ་དེ་ས་ཆ་དམའ་པོ་ཡིན་ཙང་ཡར་ག་རེ་ཟེར་དགོས་རེད་ཟེར་ན།
    da yin na la'i gro mo la dug da'i gro mo'i de yang 'di dang mi 'dra gro mo de sa cha dma' po yin tsang yar ga re zer dgos red zer na/
  • མཐོ་པོ་དེ་འདྲས་ལ་འདུག་ག ཁོ་རང་སྨན་ཁོ་རང་ཆ་བཞག་ན་སྤོངས་ཆེན་པོ་དེ་འདྲས་ཡར་འོང་ལྷ་སའི་འདི་ལས་མི་འདྲ། ཡར་གཟུགས་པོ་དེ་མ་སོང་ཆེ་བ་དེ་འདྲས་རེད།
    mtho po de 'dras la 'dug ga_kho rang sman kho rang cha bzhag na spongs chen po de 'dras yar 'ong lha sa'i 'di las mi 'dra/_yar gzugs po de ma song che ba de 'dras red/
  • ད་ཡིན་ན་ལའི་གྲོ་མོའི་དེ་ལ་ཆ་བཞག་ལ་ད་ག་རེད། ད་ད་ལྟ་ག་རེ་རེད་ཟེར་ན་གྲོ་མོའི་དེ་རྩ་བའི་ཆ་ནས་རྐང་སྟོངས་འགྲོ་གྱིས་ཟེར།
    da yin na la'i gro mo'i de la cha bzhag la da ga red/_da da lta ga re red zer na gro mo'i de rtsa ba'i cha nas rkang stongs 'gro gyis zer/
  • གྲོ་མོའོ་དེ་ད་གྲོ་མོ་རང་གི་ས་ཆ་ལ་མེད་པ་བྱས་ག་རེ་བྱེད་ཀྱི་ཡོའོ་རེད་ཟེར་ན་ཡང་ང་རང་ཚོའི་འབྲས་ལྗོངས་ཡོའོ་རེད་པ་འབྲས་ལྗོངས་ཀྱི་ས་ཆ་ལ་ཡང་མི་ཕྱིན་བྱས་བསྐོག་ག་འགྲོ་གི་དགོས་ཀྱི་ཡོའོ་རེད།
    gro mo'o de da gro mo rang gi sa cha la med pa byas ga re byed kyi yo'o red zer na yang nga rang tsho'i 'bras ljongs yo'o red pa 'bras ljongs kyi sa cha la yang mi phyin byas bskog ga 'gro gi dgos kyi yo'o red/
  •  བྱས་ཙང་སྨན་རྩྭ་འདི་ཚོའི་བཟོ་འདྲ་དེ་འདྲས་ཡིན་ན་ད་ལྟ་ང་རང་ཚོའི་བོད་ཀྱི་ནང་ཁུལ་ནས་ཆ་བཞག་ན་མངོན་ནས་དྲང་ནས་ནུས་པ་དེ་མ་སོང་ཁྱད་དུ་འཕགས་པ་དེ་འདྲས།
    _byas tsang sman rtswa 'di tsho'i bzo 'dra de 'dras yin na da lta nga rang tsho'i bod kyi nang khul nas cha bzhag na mngon nas drang nas nus pa de ma song khyad du 'phags pa de 'dras/
  • ཨུཏྤལ་གྱི་ནུས་པ་དེ། ད་ཡིན་ན་ཡང་། ཁྱོད་གང་ལྟར་སྨན་བཟོ་མཁན་དེ་མང་རུ་མང་རུ་ཕྱིན་མི་ཚང་མ་ལོག་ག་རེ་རེད་ཟེར་ན་དངུལ་ལ་རྔམ།
    ut+pl gyi nus pa de/_da yin na yang /_khyod gang ltar sman bzo mkhan de mang ru mang ru phyin mi tshang ma log ga re red zer na dngul la rngam/
  • རྗེས་མའི་་སྨན་རྩྭའི་ཐོན་ཁུངས་ལ་བསམ་བློ་ཡག་པོ་བྱས་མ་བཏང་བྱས། ཨ་ནི་རྩ་བསྐོག་བཏང་བྱས་འཁྱེར་ཡོང་ནས་བྱས་ཙང་འདི་ལ་ཆ་བཞག་ན་མངོན་ནས་དྲང་ནས་ང་རང་ཚོའི་སྨན་རྩའི་ནང་ཁུག་ནས་གཙོ་བོ་ཅིག་ད་ལྟ་ཨུཏྤལ་སྔོན་པོ་དེ་ཨོའོ་དེ་བེད་སྤྱོད་བཏང་ཡས་ལུགས་སྲོལ་དེ་འདྲས་རེད་ཟེར།
    rjes ma'i sman rtswa'i thon khungs la bsam blo yag po byas ma btang byas/_a ni rtsa bskog btang byas 'khyer yong nas byas tsang 'di la cha bzhag na mngon nas drang nas nga rang tsho'i sman rtsa'i nang khug nas gtso bo cig da lta ut+pl sngon po de o'o de bed spyod btang yas lugs srol de 'dras red zer/