Skip to main content Skip to search
15 Dec 2011
1 min 30 sec
Rating
0
No votes yet
Video Overview
Creators: 
Unknown

A doctor introduces the medicinal herb called "tsa."

Show More

  • བྱས་ཙང་། འདི་ལ་ཡོད་པའི་སྨན་དེ་ཚོར་ཆ་བཞག་ན་སྤྱིར་བཏང་བྱས་ན་མང་ཆེ་བ་ང་རང་ཚོའི་བོད་རང་གི་ས་ཆ་ནས་ཐོན་པའི་སྨན་འདི་འདྲས་རེད།
  • སྨན་རྩ་རེད། བྱས་ཙང་འདི་ལ་ཆ་བཞག་ནའི་ང་རང་ཚོའི་སྤྱིར་བཏང་བྱས་ན་སྔོན་མ་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་ཁུག་༼ལོགས་༽ལ་ཆ་བཞག་ན་ང་རང་ཚོ་སྨན་རྩིས་ཁང་རང་གིས་བཏབ་བྱས་བྱས། འོ། ཁུངས་དེ་མ་སོང་ན་འཁྱོལ་གྱི་ཡོའོ་རེད།
  • བྱས་ཙང་ང་རང་ཚོའི་ད་ལྟ་སྨན་རྩིས་ཁང་རྙིང་པའི་ད་ལྟ། ཕྱི་ལོགས་འདི་གས་འདི་ལ་ཆ་བཞག་ན་སྔོན་མ་རྦད་དེ་འདམ་རྭ་རེད། དེ་རིང་སང་ནང་བཞིན་ཁང་པ་འདི་འདྲས་ཁྱོན་ནས་ཡོའོ་མ་རེད། ད་ལྟ་སྨན་ཁང་རྙིང་པ་འདི་ན།
  • བྱས་ཙང་འདིའི་གཡས་གཡོན་འདི་གས་ལ། ཕྱེད། རྦད་དེ་མ་ནུ་བཏབ་བྱས་བྱས། མ་ནུ་བཏབ་ནི། བྱས་ཙང་ལོ་གཉིས་དང་གསུམ་འགྲོ་དུས་ཙམ་ནས་ཆ་བཞག་ན་ཨ་ནི་མ་ནུ་ཚུར་གཞི་ནས་ཨ་ནི་ལེན་ཡས་ཡོད་པ་འདི་འདྲས་རེད།
  • བྱས་ཙང་མ་ནུ་ཟེར་དུས་ཙམ་ནས་ཨ་ནི་གཙོ་བོ་དེ་ག་རེ་རེད་ཟེར་ན་འདི་རྩ་བ་མ་གཏོགས་སྤྱིར་བཏང་གི་མེ་ཏོག་བཏང་བའི་ལུགས་སྲོལ་ཡོའོ་མ་རེད། མེ་ཏོག་དང་ལོ་མ་འདི་འདྲས།
  • ཡིན་གཅིག་མིན་གཅིག་སྟོན་ཁ་སླེབས་དུས་ཙམ་ནས་ཆ་བཞག་ན་ཨ་ནི་རྩ་བ་དེ་མ་གཞི་ནས་བཀོག་དགོས་རེད།
  • བྱས་ཙང་འདི་སྔོན་མ་ནས་ཐོན་སྐྱེད་དེ་མ་སོང་འབོར་ཆེན་པོ་བྱེད་ཀྱི་རེད། བྱས་ཙང་འདི་ཡིན་ན་ང་རང་ཚོ་སྨན་རྩིས་ཁང་རང་གི་སྔོན་མ་ནས་ཆ་བཞག་ན་ལྡུམ་རྭའི་ནང་ཁུལ་ལ་བཏབ་བྱས་བྱས་འདི་འདྲས་རེད།
  • བྱས་ཙང་འདིའི་ནུས་པ་འདི་ལ་ཆ་བཞག་ན་མ་ནུ་པ་ཏྲས་རླུང་ཁྲག་ཚ་བ་སེལ་ཟེ་མ་ནུས་རླུང་དང་ཁྲག་དང་ཚ་བ་འདི་འདྲས་ཀྱི་ན་ཚ་བཅོས་ཐུབ་ཀྱི་ཡོད་ཟེ།
  • བྱས་ཙང་ང་རང་ཚོའི་ད་ལྟ་ཆམ་པའི་སྨན་གྱི་ནང་ཁུལ་ནས་ཆ་བཞག་ན་སྐད་གྲགས་ཡོད་པའི་འཕྲུལ་ཐང་ཟེར་ཡས་བྱེད་དགོས་རེད་པཱ། འན།ང་ཚོ་སྨན་རྩིས་ཁང་གི་འཕྲུལ་ཐང་ཟེར་ཡན་འདི་ཚ་བ་ཚུར་སྨིན་ཡས་ཀྱི་ཆམ་པ་བརྒྱབ་སོང་ན།
  • འདི་ལ་ཆ་བཞག་ན་ཡིན་གཅིག་གིས་མིན་གཅིག་གིས་སྨན་རྩིས་ཁང་གི་ཡོན་ཀྲང་མཁྱེན་རབ་ནོར་བུས་སྐབས་དེ་དུས་ནས་ཆ་བཞག་ན། མ་ནུའི་ཁནྜ་སྐྱོན་ནས་འདི་ཡིན་གཅིག་མིན་གཅིག་ཁནྜ་སྐྱོན་ནས་འཕྲུལ་ཐང་ནང་བླུགས་ཀྱི་ཡོའོ་རེད།
  • འདི་ཡིན་ཙང་ཨ་ནི་འཕྲུལ་ཐང་འདི་དམིགས་བསལ་གྱི་ཕན་པ་ཡོད་པ་འདི་བྱས་ཙང་འོ་འདི་སྨན་གྱི་རྒྱུ་ཆ་འདི་འདི་རེད། གཙོ་བོ་འདི་གཅིག་འདི་རེད། འོ།