Skip to main content Skip to search
15 Dec 2011
2 min 31 sec
Rating
0
No votes yet
Video Overview
Creators: 
Unknown

A doctor introduces the medicinal herb called "kang la."

Show More

  • འདི་ཡིན་ན་གཙོ་བོ་དེ་གངས་ལྷ། བྱས་ཙང་གངས་ལྷ་ཟེར་ཡས་དེ་མེ་ཏོག་དེ་ལ་ཆ་བཞག་ན། སྔོན་མ་ཡིན་ན། འདི་ལ་ཆ་བཞག་ན། ང་ཚོས་སྨན་ལ་ངོས་འཛིན་བྱས་པ་ཙམ་མ་གཏོགས། སྨན་ནུས་པ་ལ་ཆ་བཞག་ན། དེ་ཙམ་གྱི་བདེ་སྤྱོད་དེ་འདྲས་ཡིན་ན་ཆེན་པོ་དེ་འདྲས་བཏང་གི་མེད་འདུག།
  • བྱས་ཙང་དེ་ག་རེ་རད་ཟེར་ན། ལོ་རབས་བདུན་ཅུ་དང་བརྒྱད་ཅུ་པ་དེ་ཚོ་ནས་འགོ་ཚུགས་ནས་ཆ་བཞག་ན། གངས་ལྷ་དེ་ལ་ཆ་བཞག་ན། སྔོན་ནས་དྲང་གནས་ཀྱི་ད། སྐད་གྲགས་དང་མ་སོང་། ཆེན་པོ་དེ་འདྲས་ཡིན་ན་ཆགས་བྱས་བྱས། དེ་དྲས་བྱུང་སོང་ང་། 
  • བྱས་ཙང་འདི་ལ་ཆ་བཞག་ན་གཙོ་བོ་དེ་ག་རེ་རད།ཟེར་ན། བོད་ཀྱི་ས་ཆ་ལ་ཆ་བཞག་ན། སྤྱིར་བཏང་བྱས་ན་མང་ཆེ་ལ་ཡོའོ་རེད། ཡོའོ་རེད་དའི་ཡིན་ནའི་ལའེ། སྤྱིར་བཏང་གི་ས་ཆ་དེ་འདྲས་ལ་ཡིན་ན། དམའ་པོ་དེ་འདྲས་ལ་ཡིན་ན་སྐྱེས་ཀྱི་མ་རེད། འདི་ཡར་པ་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་བཞི་སྟོང་དང་ལྔ་སྟོང་དེ་འདྲས་ཀྱི་ས་ཆ་ལ་མ་གཏོགས། རི་མཐོ་པོ་དང་རྫ་མཐོ་པོ་དེ་འདྲས་ཀྱི་ནང་ཁུལ་ལ་ཆ་བཞག་པ་ཡིན་ན། དེ་འདྲས་ལ་མ་གཏོགས། སྤྱིར་བཏང་ཡོའོ་མ་རེད། སྨན་ཁོ་རང་ལ་ཆ་བཞག་ན། 
  • ཨོང་། ད་ཡིན་ན་ལའེ། འདི་ད་ལྟ་སྐམ་འགྲོ་དུས་ཙ་ནས། ཆ་བཞག་ན། སྤྱིར་བཏང་མདོག་དང་མ་སོང་ཉེས་པོའི་བཟོ་འདྲ་ཞིག། མཐོང་མ་བདེ་པོ་བཟོ་འདྲ་ཞིག་འདུག་ག། ཡིན་ནའི་ལའེ། སྨན་ཁོ་ར་རང་གི་སྐྱེས་སའི་ས་ཆ་ཁོ་རང་ལ་སླེབས་དུས་ཙ་ནས་ཆ་བཞག་ན།
  • གཞན་དང་མི་འདྲ་བའི་སྨན་ཞིག། ཡོའོ་རེད་ཁོ། རྦད་དེ་སེམས་ནང་ལ་འགྲོ་ཡས་ཀྱི་ག་རེ་ཟེར་དགོ་༼དགོས་༽རད་ད། གཅིག་གི་སྙིང་རྗེ་པོ་མདོག་དེ་ཚོ་ལ་ཆ་བཞག་ན། ཡག་པོ། ཁོ་རང་རང་བཞིན་གྱི་ས་ཆ་ཁོ་ར་ལ་ཆ་བཞག་ན། བྱས་ཙང་འདི་སྐམ་པོ་ཆགས་འགྲོ་དུས་ཙ་ནས། འདིའི་ནང་ཁུག་ལ་ཡག་པོ་བྱས་མཐོང་གི་མི་འདུག། འདིའི་སྒང་གི་ཁོ་རང་ལ་ཆ་བཞག་ན། 
  • གཙོ་བོ་དེ་མེ་ཏོག་དེ་འདྲས་ཤིག་དམར་པོ་ཞིག། ཁ་ཤས་ས་ལ་མེ་ཏོག་དམར་པོ། ཁ་ཤས་ས་ལ་སྔོན་པོ་དེ་འདྲས་ཡོའོ་རེད། གངས་ལ་ཁོ་རང་ལ་ཆ་བཞག་ན།
  • ད་ཡིན་ནའི་ལའེ། གངས་ལྷ་དེ་ལ་ཆ་བཞག་ན། དེ་རིང་ཙམ་ལ་ཆ་བཞག་ན། མི་མང་པོས་གངས་ལྷ་ཟེར་དགའ་པོ་བྱེད་ཀྱི་ཡོའོ་རེད་དའི། ཁ་གཅིག་གི་གངས་ལྷ་དེ་ཡིན་ན་ཏག་ཏག་བསྡད་ཀྱི་མི་འདུག།
  • དངོས་གནས་བྱས་ན་གངས་ལྷ་ངོ་མ་མ་རེད། ང་ཚོས་སྔོན་མ། ང་ཚོའི་གཞུང་ལུགས་ནང་ཁུལ་ནས་ག་རེ་ཟེར་ན། སྔོན་མ་བྱ་རྒོད་སུག་པ་ཟེར་གྱི་རེད། དེ་དང་གངས་ལྷ་ནོར་འགྲོ་ཡི་འདུག། དེ་གཉིས་རྦད་དེ་གཉིས་ཀ་ལོགས།ལོགས་བཀར་རེད། ངོ་བོ་ཁོ་ར་ལོགས་བཀར་རེད། 
  • ད་ད་ལྟ་འདིའི་བཟོ་འདྲ་དེ་འདྲས་ཡིན་ན། དངོས་གནས་དྲང་གནས་གངས་ལྷ་ངོ་མ་རེད། ད་ཡིན་ན་ལའེ། ཁ་ཅིག་གི་ཆ་བཞག་ན། ཡང་བྱ་རྒོད་སུག་པ་འཁྱེར་ཡོང་། མཉམ་དུ་འཁྱེར་ཡོང་། དེའི་གངས་ལྷ་ཡིན་ཟེར་གྱི་ཡོའོ་རེད། བྱས་ཙང་དེ་གཉིས་བར་རུའུ་༼བར་མཚམས་༽ལ་ཆ་བཞག་ན། དབྱེ་་བ་ཡོད་པ་དེ་འདྲས་རེད། 
  • བྱས་ཙང་འདི་ལ་ཆ་བཞག་ན། གཙོ་བོ་དེ་ཡར་པ་རྒྱ་མཚོའི་ངོས་ལས་ཆིག་ཁྲི་བཞི་སྟོང་དང་ལྔ་སྟོང་ས་ལ་མ་གཏོགས། སྤྱིར་བཏང་གཤམ་དེ་བར་ཁྱོན་ནས་༼རྩ་བ་ནས༽ཡོའོམ་རེད།
  • ད་འདི་ལ་ཆ་བཞག་ན། དེ་རིང་སང་་་་་་་ད། གཅིག་གི་དེ་འདྲས་ང་རང་ཚོའི་བོད་ཀྱི་གནས་ཚུལ་ནས་ཆ་བཞག་ན། ལ་དུག་རྒྱབ་པ་ཟེར་དགོ་རེད་པས། དེ་འདྲས་ཀྱི་ན་ཚ་ལ་ཆ་བཞག་ན། ཨ་ནི་ཡག་པོ་ཕན་གྱི་ཡོད་ཟེར་ཐུབ་ཀྱི་ཡོའོ་རེད།
  • བྱས་ཙང་ང་ཚོས་ཆ་བཞག་ན་ལའེ་ད། གཙོ་བོ་དེ་གངས་ལྷ་ཟེར་དགོ་རེད་པས། དེའི་གནས་ཚུལ་ཟེར་དགོ་རེད་པས། གནས་ཚུལ་བཟོ་འདྲ་དེ།