06 Jan 2016
5 min 33 sec
Video Overview
Creators:
Tibetan & Himalayan Library, 才旦加
This is a video of Tsering Jyi from Yonru Village in Chentsa singing a song called "The Head of the Line Is the Golden Line." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། གྲལ་མགོའི་ཨ་ཁུ་དང་གྲལ་སྐེད་ཀྱི་ན་ཟླ་གྲལ་རྔའི་མ་སྲུ་རྣམས་གསེར་བྱ་དང་དངུལ་བྱ་དུང་གསུམ་ལ་དཔེ་བཞག་སྟེ་བླངས་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་གྲལ་མགོའི་ཨ་ཁུ་གསེར་མཚོ་ནང་གི་གསེར་དང་འདྲ། གྲལ་སྐེད་ཀྱི་ན་ཟླ་དངུལ་མཚོ་ནང་དུ་སྐྱེས་པའི་དངུལ་སྡོང་འདྲ། གྲལ་རྔའི་མ་སྲུ་དངུལ་མཚོ་ནང་དུ་སྐྱེས་པའི་དངུལ་སྡོང་དང་འདྲ་བ་བརྗོད་ཡོད།
- ༼ཡེ་་་ངས་ཡ་རེ་ལེན་གོ༽
- གྲལ་མགོ་བསྐོར་ར༼ཨ་ཟིན་ཁོ༽གསེར་མཚོ་བསྐྱིལ།།
- གསེར་མཚོ་ནང་ནས༼ཨ་ཟིན་ཁོ༽གསེར་སྡོང་སྐྱེས།།
- གསེར་སྡོང་མགོ་ལ༼ཨ་ཟིན་ཁོ༽གསེར་བྱ་བབས།།
- གསེར་སེར་པོའི་བྱ་འདི༼ཨ་ཟིན་ཁོ༽གྲགས་ན་ཡག།
- གྲལ་སྐེད་བསྐོར་ར༼ཨ་ཟིན་ཁོ༽དངུལ་མཚོ་བསྐྱིལ།
- དངུལ་མཚོ་ནང་ནས༼ཨ་ཟིན་ཁོ༽དངུལ་སྡོང་སྐྱེས།།
- དངུལ་སྡོང་མགོ་ལ༼ཨ་ཟིན་ཁོ༽དངུལ་བྱ་བབས།།
- དངུལ་དཀར་པོའི་བྱ་འདི༼ཨ་ཟིན་ཁོ༽གྲགས་ན་ཡག།
- གྲལ་རྔ་བསྐོར་ར༼ཨ་ཟིན་ཁོ༽དུང་མཚོ་བསྐྱིལ།
- དུང་མཚོ་ནང་ནས༼ཨ་ཟིན་ཁོ༽དུང་སྡོང་སྐྱེས།
- དུང་སྡོང་མགོ་ལ༼ཨ་ཟིན་ཁོ༽དུང་བྱ་བབས།།
- དུང་དཀར་པོའི་བྱ་འདི༼ཨ་ཟིན་ཁོ༽གྲགས་ན་ཡག།
- གླུ་ཤེས་ནི་མིན་ར༼ཨ་ཟིན་ཁོ༽དགའ་ནི་ཡིན།།