Skip to main content Skip to search
28 Jan 2016
3 min 50 sec
Video Overview
Creators: 
Dawa Tshering

The song “The Head of a Horse” describes the body parts of a horse by identifying them with various religious articles and sites. For instance, the head of the horse is described as a longevity vase, its ears as the crown of the five enlightened ones, and its eyes as a “mountain of glass eye,” that is a glacial mountain. The lyrics are in the voice of a young horseman. They say, "I, the horseman, am also like a longevity vase," and so on. The song praises the horse as a noble animal. 

༉ གླུ་དེབ་ཚུ་ནང་ཡང་མ་ཚུད་པའི་བོད་སྒྲའི་གླུ་གཞས་ རྟ་པོའི་མགུ་ཏོ་ཟེར་མི་འདི་ གསར་སྤང་རྫོང་ཁག་ འཛོམས་སྦ་སྦིས་ལས་ དབྱངས་འཛོམས་ཀྱིས་འཐེན་ཏེ་འདུག གླུ་གཞས་འདི་ བརྩམས་མི་ག་ཨིན་རུང་ ཚིག་དང་འཁྲིལ་བ་ཅིན་ ཧེ་མ་ མཚན་རིག་གི་ཡར་རྒྱས་གོང་འཕེལ་མ་འགྱོ་བའི་གནས་སྐབས་ནང་ ཧེ་མའི་དཔོན་ཆ་ཁྱབ་ ཕར་ཚུར་བྱོནམ་ད་ལུ་ ཆིབས་པའི་རྟ་དང་ རྟ་འཁྱིད་མི་ཨ་དྲུང་ ཟེར་སྡོད་ནུག དེ་བསྒང་གི་གནས་སྟངས་ལུ་གཞི་བཞག་སྟེ་ འཐེན་འཐེནམ་གི་གླུ་གཞས་ཅིག་ཨིནམ་ལས་ གླུ་གཞས་རྙིང་ཤོས་ཅིག་ར་ཨིན་པས། གླུ་གཞས་འདི་ དཔོན་ཅིག་གི་ཆིབས་རྟ་དང་ རྟ་འཁྱིད་མི་ཨ་དྲུང་གཉིས་ དཔེ་དང་དཔེ་ཅན་འབད་དེ་ བརྩམས་ཏེ་འཐེན་པའི་གླུ་གཞས་ཅིག་ཨིན་མས།།

Transcript search
No results found for this search
0 of 0
  • དབྱངས་འཛོམས། Yangzom
    རྟ་པོའི་མགུ་ཏོ་ལ་ཚེ་དབང་ལ་བུམ་པ་འདྲ་ལ། །ཨ་དྲུང་རང་ཡང་ལ་ཚེ་དབང་ལ་བུམ་པ་འདྲ་ལ། །
    The head of the horse looks like the vase of Life. I, The Horse keeper also looks like the vase.
  • དབྱངས་འཛོམས། Yangzom
    རྟ་པོའི་རྣམ་ཅོ་ལ་རྒྱལ་བའི་ལ་རིགས་ལྔ་འདྲ་ལ། །ཨ་དྲུང་རང་ཡང་ལ་རྒྱལ་བའི་ལ་རིགས་ལྔ་འདྲ་ལ། །
    The ears of the horse, looks like the crown of the king. I, the horse keeper also look like the king's crown.
  • དབྱངས་འཛོམས། Yangzom
    རྟ་པོའི་མིག་ཏོག་ལ་སྒང་དཀར་ལ་ཤེལ་མིག་འདྲ་ལ། །ཨ་དྲུང་རང་ཡང་ལ་སྒང་དཀར་ལ་ཤེལ་མིག་འདྲ་ལ། །
    The eyes of the horse,
  • དབྱངས་འཛོམས། Yangzom
    རྟ་པོའི་ཁ་འདི་ལ་ཇ་ཡི་ལ་ཁབ་ཏུ་འདྲ་ལ། །ཨ་དྲུང་རང་ཡང་ལ་ཇ་ཡི་ལ་ཁབ་ཏུ་འདྲ་ལ། །
    The mouth of the horse,
  • དབྱངས་འཛོམས། Yangzom
    རྟ་པོའི་སོ་འདི་ལ་གདུང་མཚོ་ལ་ཁ་མོ་འདྲ་ལ། །ཨ་དྲུང་རང་ཡང་ལ་གདུང་མཚོ་ལ་ས་ཁ་མོ་འདྲ་ལ། །
  • དབྱངས་འཛོམས། Yangzom
    རྟ་པོའི་ལྕེ་འདི་ལ་གསེར་གྱི་ལ་ཐུར་མ་འདྲ་ལ། །ཨ་དྲུང་རང་ཡང་ལ་གསེར་གྱི་ལ་ཐུར་མ་འདྲ་ལ། །
    the tongue of the horse looks like a golden spoon.I, The horse keeper is also like a golden spoon.
  • དབྱངས་འཛོམས། Yangzom
    རྟ་པོའི་སྐད་འདི་ལ་གསེར་གྱི་ལ་རྒྱ་གླིང་འདྲ་ལ། །ཨ་དྲུང་རང་ཡང་ལ་གསེར་གྱི་ལ་རྒྱ་གླིང་འདྲ་ལ། །
    The voice of the horse, is like a golden trumpet, I the horse keeper is also like a golden trumpet.
  • དབྱངས་འཛོམས། Yangzom
    རྟ་པོའི་སྒལ་པ་ལ་སྤང་ཤོས་ལ་བདེ་མོ་འདྲ་ལ། །ཨ་དྲུང་རང་ཡང་ལ་སྤང་ཤོས་ལ་བདེ་མོ་འདྲ་ལ། །
    The back of the horse looks like a ground. I , the horse keeper is also like a ground.
  • དབྱངས་འཛོམས། Yangzom
    རྟ་པོའི་རྐང་པ་ལ་རྒྱལ་བའི་ལ་ཞུ་ཞུ་འདྲ་ལ། །ཨ་དྲུང་རང་ཡང་ལ་རྒྱལ་བའི་ལ་ཞུ་ཞུ་འདྲ་ལ། །
    The leg of the horse looks like..
  • དབྱངས་འཛོམས། Yangzom
    རྟ་པོའི་མཇུག་མ་ལ་རྒྱལ་བའི་ལ་པད་ཞ་འདྲ་ལ། །ཨ་དྲུང་རང་ཡང་ལ་རྒྱལ་བའི་ལ་པད་ཞ་འདྲ་ལ། །ཨ་དྲུང་རང་ཡང་ལ་རྒྱལ་བའི་ལ་པད་ཞ་འདྲ་ལ། །
    The tail of the horse looks like