Video Overview
The Boedra song "Jamo Sergi Gutok" revolves around a golden bird with an entirely sacred body because when any part touches the ground, it gets blessed. According to the lyrics, the sky is blessed when the head of the bird flutters in the sky, the ground gets blessed when its legs touch the ground, and when its tail touches a body of water, the life of all sentient beings is strengthened.
༉ བོད་སྒྲའི་གླུ་གཞས་ བྱ་མོ་གསེར་མིའི་མགུ་ཏོ་ཟེར་མི་འདི་ ལྷུན་རྩེ་རྫོང་ཁག་ ཀུར་སྟོད་རྒེད་འོག་ ཟིམ་སྤོངས་ལས་སེངྒེ་བཟང་མོ་གིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ནང་ བྱ་མོའི་མགུ་ཏོ་ནམ་ལུ་ལྡིང་བའི་སྐབས་སུ་ ནམ་མཁའ་དང་མཉམ་པའི་བཀྲ་ཤིས་ཤོག་ཟེར་དང་ རྐང་པ་ས་ལུ་ཆགས་པའི་སྐབས་ ས་ཕྱོགས་བྱིན་གྱིས་བརླབས་པའི་བཀྲ་ཤིས་ མཇུག་མ་ཆུ་ལུ་རེག་པའི་སྐབས་ མི་ཚེ་ཆུ་ལས་རིང་བའི་བཀྲ་ཤིས་ གཤོག་སྒྲོ་བྱག་ལུ་ཆགས་པའི་སྐབས་ལུ་ སྐུ་ཚེ་བྲག་ལས་བརྟན་པའི་བཀྲ་ཤིས་ཤོག་ཟེར་ བཀྲ་ཤིས་སྨོན་ལམ་གྱི་ཚིག་ཚུ་འཐོན་ནི་ཡོདཔ་ད་ གླུ་གཞས་འདི་གི་དོན་དག་གཙོ་བོ་ག་ཅི་ཨིན་ས་ཅིག་རུང་ དཔེ་བྱམོ་ལུ་སྦྱར་ཏེ་བརྩམས་བཞག་ནུག དཔེ་བྱམོ་ལུ་སྦྱར་དགོ་མི་དེ་ཡང་ ང་བཅས་ར་མི་ཚུ་ན་བའི་སྐབས་ལུ་ ཚེ་ཐར་བཏངམ་ཨིན་ཟེར་ བྱམོ་ཚུ་བཏང་སྲོལ་ཡོདཔ་ལས་ འདི་ལུ་གཞི་བཞག་སྟེ་བརྩམས་བརྩམས་བཟུམ་ཅིག་འདུག
- Kurtoe
- སེངྒེ་བཟང་མོ་ Singye Zangmoབྱ་མོ་གསེར་མིག་མགུ་ཏོ་གནམ་ལུ་ལྡིང་ལ། །ནམ་མཁའ་དང་མཉམ་པའི་བཀྲིས་ཤོག །The head of golden rooster hovers in the sky, Have the auspicious full of sky.
- སེངྒེ་བཟང་མོ་ Singye Zangmoབྱ་མོ་གསེར་མིག་གཤོག་སྒྲོ་ས་་་་ ད་འཛོལ་སོ་ཡི་ལགས།
- སེངྒེ་བཟང་མོ་ Singye Zangmoབྱ་མོ་གསེར་མིག་རྐང་པ་ས་ལུ་ཆགས་ལ། །ས་ཕྱོགས་བྱིན་གྱིས་རླབས་པའི་བཀྲིས་ཤོག །ས་ཕྱོགས་བྱིན་གྱིས་རླབས་པའི་བཀྲིས་གཤོག །The leg of golden rooster lands on the earth. Blessed the earth and have auspiciousness.
- སེངྒེ་བཟང་མོ་ Singye Zangmoབྱ་མོ་གསེར་མིག་མཇུག་མ་ཆུ་ལུ་ཆགས་ལ། །མི་ཚེ་ཆུ་ལས་རིང་བའི་བཀྲིས་ཤོག །མི་ཚེ་ཆུ་ལས་རིང་བའི་བཀྲིས་ཤོག །The tail of golden rooster lands on water, Long live like water and auspiciousness.
- སེངྒེ་བཟང་མོ་ Singye Zangmoབྱ་མོ་གསེར་མིག་གཤོག་སྒྲོ་བྲག་ལུ་ཆགས་ལ། །སྐུ་ཚེ་བྲག་ལས་བརྟན་པའི་བཀྲིས་ཤོག །སྐུ་ཚེ་བྲག་ལས་བརྟན་པའི་བཀྲིས་ཤོག །The wing of rooster lands on crag. Stable the life like crag and auspiciousness.
- སེངྒེ་བཟང་མོ་ Singye Zangmoལགས་སོ་ལགས།། །།Thank you,