Video Overview
Edible plants and leaves have always been eaten in Bhutan. Village elders pass down the techniques and values of using these edible, wild plants. One such plant is Uhsila, which has a minty taste and generally eaten as a condiment with meals. People eat both the leaves and roots of the plant, which has been eaten for generations in Phongmey valley and is considered a special item to be prepared only for special occasions. People said that the consumption of many indigenous wild vegetables has decreased with the import of food from abroad. It is collected from marshy areas, and stored in a small container. The plant grows throughout the year, and is known locally as Zingmom. It is said to provide essential nutrients and prevent diseases.
སྤང་ཐང་ནང་ཡོད་མི་ཟ་ཏུབས་པའི་སྔོ་ཤིང་དང་འདབ་མ་ཚུ་བཞེས་སྒོ་རྡིག་རྡིགམ་འབད་བརྩིཝ་ཨིན་མས། འབྲུག་ལུ་འདི་བཟུམ་མའི་ལམ་སྲོལ་ལག་ལེན་འཐབ་ ཡོདཔ་ཨིནམ་དང གཡུས་ཁའི་མི་རྒན་ཤོས་ཚུ་གྱི་ དཔལ་འབྱོར་གྱི་དོན་ལུ་ ཟ་བཏུབ་པའི་རི་ཁའི་ཚོད་བསྲེ་ ཚུ་ལག་ལེན་འཐབ་ཨིན་མས། ཨུ་ཤི་ལ་འདི་ ཟས་རྫས་འབད་ཟཝ་ཨིདན་མས། མི་འདི་ཚུ་གི་ འདབ་མ་དང་རུ་ཏོ་གཉིས་ཆ་ར་ བཟཝ་ཨིན་མས། ཨུ་ཤི་ལ་གི་འདབ་མ་འདི་ཧེ་མ་ལས་གཡུས་ཕོངས་ སྔར་སློལ་གི་བཞེས་སྒོ་འབད་སྡོད་ནུག། མི་འདི་ཚུ་གི་བཞེས་སྒོ་འདི་ རྩ་ཅན་འབད་རྩིཝ་ཨིནམ་ལས་ རིམ་གྲོ་དང་རྟེན་འབྲེལ་སྐབས་བཞེས་སྒོ་ འདི་འབདཝ་ཨིན་མས། མི་འདི་ཚུ་གི་བཤད་མི་ནང་ ཚོད་བསྲེ་འདི་ད་རེས་ནངས་པར་ རྒྱབ་ཁབ་གཞན་ལས་ནང་འདྲེན་འབདཝ་ལས་ རིཁའི་ ཚོད་བསྲེ་བཟའ་ནི་འདི་མར་ཕབ་འགྱོ་འདི་ཡོད་ཟེརཨིན་མས། མི་འདི་ཚུ་གི་ ཨུ་ཤི་ལའི་འདབ་མ་འདི་ ས་སྒོ་འདམ་ཁོག་ཁོ་ལས་བསྡུཝ་ཏེ་ ས་གདན་ཆུང་ཀུ་གཅིག་ནང་བསག་བཞག་དོ་ཡོདཔ་ཨིན་མས། ཨུ་ཤི་ལའི་འདབ་མ་འདི་ དུས་ཨ་རྟག་ར་སྐྱེདཝ་ཨིན་མས། གཡུས་འདི་ནང་གི་མི་ཚུ ཨུ་ཤི་ལའི་འདབ་མ་ལུ་ ཞིང་མོམ་ཟེར་སླབ་ཨིན་མས། མི་འདི་ཚུ་གི་བཤད་མི་ན་ འདི་བཟུམ་མའི་ཕྱི་ག་ལས་ཐོན་པའི་ཚོད་བསྲེ་གི་ གཟུགས་སྦོམ་འགྱོའི་དོན་ལུ་ འཚོ་བཅུད་དང་ནད་གཞི་བཀག་ཐབས་ཚུ་ལུ་ ཕན་ཐོག་སྦོམ་བྱུང་དོ་ཡོདཔ་ཨིན་མས།
- Lem
- Phongme
- Trashigang
- མཚོ་མོ་ Tshomoཁྱིམ་ནང་འབག་སྦེ་འཁྱུན་ན?
- མཚོ་མོ་ Tshomoཡ་ ཧུམ་དྲགཔ་ད་མི་ཞིམ།
- མཚོ་མོ་ Tshomoཁྱོད་ལགཔ་འཁྱུ་ཡི་ག་ ཁྱོད་ཀྱིས་བསྣད་ཤིག་ཡ་
- ཆ་རོགས་ Friendའཁྱུ་ཡི་ང་
- མཚོ་མོ་ Tshomoཡ་ འབད་ཚུགས་ག?
- ཆ་རོགས་ Friendཁམ་ལོག་འོང་རོགས་ ལགཔ་གིས་བསྣད་བསྣདཝ་འདི་
- ཆ་རོགས་ Friendཡ་ བཏུབ་པས་མེན་ན? དེམ་ཅིག་གིས་
- མཚོ་མོ་ Tshomoཟ་ད་ ཚྭ་བྱོ་ནུག་ག? ཟ་སྟེ་རང་འབག་ནི་མེནམ་བ་ ག་ཅི་ཨིན་ན་འ་ནཱི་
- ཆ་རོགས་ Friendཡ་ ཟ་ ཟ་ ཡ་
- མཚོ་མོ་ Tshomoཚ་འོང་སྨེ་ཁྱོད་ ཐིང་ངེ་གནམ་མེད་ས་མེད་འབག་རྫུ་བཏབ་མས་ ཧུམ་དཀྲུགས་གེ་ འབག་ཤོག་
- ཆ་རོགས་ Friendབླུགས་ཡི་ཧུམ་བླུགས་ཡི་ ཧུམ་བླུགས་ཡི་ ཨ? ཧུམ་བླུགས་ཡི།། །།