Skip to main content Skip to search
25 Jan 2016
7 min 57 sec
Video Overview
Creators: 
Yeshi Wangchuk, Dorji Nima

In Bhutan, people mainly cultivate nine types of cereal, which are grown in different parts of the country. In addition to these nine main cereals, people in the Kheng region cultivate on a limited scale a type of cereal known as run, or foxtail millet. Though formerly grown for food, now it is used to make liquor, though it is rarely cultivated. This crop is normally harvested in May and offered during the Der Chöd Festival, where people make liquor from the first harvest, and then give the yields of subsequent harvests as an offering for the festival. In this video, we see Kheng villagers harversting fox millet.

 

ང་བཅས་ར་ འགྲོ་བ་སེམས་ཅན་གྱི་ལུས་སུ་གྱུར་པའི་རིགས་ག་ཅི་ར་ཨིན་རུང་ འཚོ་བ་ཟས་ལུ་བརྟེན་དགོཔ་ལས་ གཅིག་མེན་རུང་གཅིག་ལུ་བརྟེན་ཏེ་འཚོ་བ་སྐྱོང་སྟེ་སྡོད་དགོཔ་ཨིན། མིའི་རིགས་སུ་གྱུར་པ་ཚུ་ལུ་ འབྲུ་སྣ་དགུཔོ་གིས་མ་ཚད་ རང་སོའི་བློ་འདོད་ལྟར་དུ་གཞན་དང་གཞན་ཡང་འཛུགས་སྐྱོང་འབད་དེ་ ཁ་ཟས་ལོངས་སྤྱོད་ཀྱི་དོན་ལུ་ལག་ལེན་འཐབ་དོ་ཡོདཔ་ཨིན། དེ་གི་ནང་ལས་༼རཱན་༽ཟེར་མི་འདི་ ཁེངས་ངང་ལ་པའི་ཁ་སྐད་ནང་ཨིནམ་ད་ ཤར་ཕྱོགས་པའི་ཁ་སྐད་ནང་༼ཡང་ར་༽ཟེར་སླབ་དོ་ཡོདཔ་ཨིན། རཱན་གྱི་ལྟོ་འདི་ ཧེ་མ་ རྒྱལ་ཁབ་ཡར་རྒྱས་མ་འགྱོ་བའི་ཧེ་མ་ མངམ་སྦེ་ར་ལག་ལེན་འཐབ་སྟེ་སྡོད་ནུག ད་རེས་ནངས་པ་བཟུམ་ཅིག་འབད་བ་ཅིན་ ཧ་ལམ་ཉམས་སུ་ཅིག་འགྱོ་སྟེ་ཡོདཔ་ད་ ད་ལྟོ་ཨ་ཙི་རེ་བཏབ་སྟེ་ཡོད་མི་དེ་ ལྟོ་སྦེ་བཟའ་ནི་གི་དོན་ལུ་མེན་པར་ ཆང་དང་སྦང་ཆང་ བཙོ་ནི་གི་དོན་ལུ་རྐྱངམ་ཅིག་ལག་ལེན་འཐབ་དོ་ཡོདཔ་ཨིན་མས། རན་བསྡུ་ནིའི་དུས་ཚོད་འདི་ སྤྱིར་བཏང་ཟླཝ་ ༥ པའི་བསྡུ་ཞིནམ་ལས་ ངང་ལ་ཀྲོང་ལུ་འབད་བ་ཅིན་ ཟླཝ་ལྔ་པའི་དེར་མཆོད་ཟེར་མི་ཅིག་བརྩི་ནི་ཡོདཔ་ད་ དེ་སྐབས་རཱན་གྱི་སྦང་ཆང་ཚུ་བཙོ་ཞིན་ན་  ཐོག་གསརཔ་གི་ཕུད་ཚུ་ ཕུལ་ནིའི་སྲོལ་ཅིག་ཡང་ཡོདཔ་ཨིན་མས། རན་འདི་ མ་གཞི་ཟླཝ་ ༡༢ པའི་ནང་བཙུགས་ཏེ་ ཟླཝ་བཞི་པའི་ནང་བསྡུཝ་ཨིན་རུང་ དུས་ཅི་བཙུགས་ནི་ཕྱིས་སོང་ནི་དེ་གིས་ ཟླཝ་ལྔ་པའི་ནང་རྐྱངམ་ཅིག་བསྡུ་ཚུགས་ཏེ་ཡོདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ཨ་མི་འོག་གི་འདི་ཚུ་ ཁ་ཙ་རྫོགས་སོང་ཡི་ཡ?
    The below one was completed yesterday, Is it?
  • ཕྱག་རྡོར་དབང་མོ་ Chador Wangmo
    ཁ་ཙ་རྫོགས་རྫོགསཔ་ཨིན།
    Yes, it was done yesterday.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ཁྱོད་ཚུ་གི་ ཕར་ཚུན་ཚུད་ར་ཨིན་ན?
    Is it all your's, till the end?
  • ཕྱག་རྡོར་དབང་མོ་ Chador Wangmo
    རན་(གཡང་རེད)ཡ?
    What foxtail?
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འོང་།
    Yeah!
  • ཕྱག་རྡོར་དབང་མོ་ Chador Wangmo
    ཆ་མཉམ་ང་བཅས་ཀྱི་ཨིན་ ཆ་མཉམ་ར།
    Yeah! all are ours.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ནཱ་ལུ་ སོན་བྲེ་ག་དེམ་ཅིག་འགྱོཝ་མས?
    Here, how much quart of seed is needed?
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Chador Wangmo Research Assistant Dorji Nima: ཕྱག་རྡོར་དབང་མོ་
    ག་དེམ་ཅིག་བཙུགས་ཡི་ག་མ་ཤེས། སོན་མ་ཤེས་ཨ་པ་དང་ ཨའི་གིས་ཤེས། ངནི་བཏབ་པ་ར་མ་འོང་།
    I dont know the amount because I didn't come during the time of sowing.
  • བཀྲིས་དཔལ་སྒྲོན་ Tashi Peldon
    གསུམ་ཟེར་ སླབ་བཞག་ད།
    keep it as three.
  • ཕྱག་རྡོར་དབང་མོ་ Chador Wangmo
    བྲེ་གསུམ་ལོ། ག་དེམ་ཅིག་ཨིན་ན་ཅིག་ བཙུགས་བཙུགས་པའི་ ལོ་རྒྱུས་ཅིག་ཡོད།
    Three quart of seeds because we have the story of how much seed we sow.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    བྲེ་གསུམ?
    Three quart of seed?
  • ཕྱག་རྡོར་དབང་མོ་ Chador Wangmo
    འོང་། ཡར་གྱི་དང་ག་ར་འབདཝ་ད། ཨ་ནཱ་ལུ་འདི་ གཉིས་བཙུགས་ཅི་ཟེར་ སླབ་དེ། ཁོནི་ཨ་ཙི་ཅིག་བཙུགས་དགོ། ཕུད་རྡོག་ཆུང་ཀུ་འབད་ནི་དེ་གིས་ གནམ་མེད་ས་མེད་ སྟུག་པག་པ་འགྱོ་བའི།
    Yeah! as the above area need two quart of seeds and the seed is very small, it need to be used plenty while sowing.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ཨ་ནཱི་ ཁྱིམ་ནང་ འབག་ནི་ཨིན་ན་ཨ་ཞེམོ?
    Is it to take towards the house?
  • ཕྱག་རྡོར་དབང་མོ་ Chador Wangmo
    ཁྱིམ་ནང་འབག་འགྱོ་དགོ་ན་ཟེར།
    While taking it towards the house,
  • རིག་འཛིན་ Rinzin
    རྒྱབ་ཁར་ལུས་མི་གིས་ དེ་སྦེ་ སླབ་འོང་ཟེར་ཨིན་པས།
    the people behind will say
  • ཕྱག་རྡོར་དབང་མོ་ Chador Wangmo
    བཤོསཔ་འདི་མཉམ། །སོན་འདི་མཉམ་པ། །ཅུ་འུ་ཅུ་འུ་ཟེར་ སླབ་འོང་ལོ།
    All seeds are same no matter the size being big or small and if left aside will be sad.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འེང་་་།
    Ohhh!
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    དོན་དག་ག་དེ་སྦེ་སྨོ་ཨ་ཞེམོ? དོན་དག་ག་ཅི་ལོ?
    What is the meaning of it sister?
  • ཕྱག་རྡོར་དབང་མོ་ Chador Wangmo
    གང་(བཤོསཔ)ཟེར་ ཕྱིའི་སྦོམ་ཆུང་དང་ རིང་འཐུང་ཚུ་མ་མཉམ་རུང་ བྲཱོ་(སོན)ཟེར་ ཕུད་རྡོག་གི་སྦོམ་ཆུང་འདི་ འདྲན་འདྲ་ཡོད་ཟེར་ལོ་ཁོ་ཡང་།
    Size and height doesn't matter as the seed is all same.
  • རིག་འཛིན་ Rinzin
    དོན་དག་བཀོ་བཞགཔ་ད་ སེམས་མ་དགའ་བའི་ལོ་རྒྱུས་ཨིན་པས། སོང་ཆུང་ཀུ་བཀོ་བཞག་མི་བཏུབ་ཟེར་ཨིན་པས་ སློབ་དཔོན།
    Small seed shouln't be left aside as the sad will be sad.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ནང་རྫས་འདི་ ཅོག་ར་འཐད་ཟེར་བའི་རྟགས་ཨིན་པས་སྨོ?
    means to say the product are same, Is it?
  • ཕྱག་རྡོར་དབང་མོ་ Chador Wangmo
    ནང་གི་ཕུད་རྡོག་འདིནི་ ཅོག་ར་འཐད་ཟེར་ཨིན་པས།
    The product inside are all same.
  • རིག་འཛིན་ Rinzin
    ང་བཅས་རའི་མི་ཡང་ ཆུང་ཀུ་ལོ་ སྦོམ་ལོ་ཟེར་མེད་མེན་ན་ཏེ་ ཅོག་རངའཐད་ འ་ནཱི་བཟུམ་ཅིག་ཨིན་པས།
    We human being are also same whether they are big and small in size.
  • བཀྲིས་དཔལ་སྒྲོན་ Tashi Peldon
    ལ་ལུ་ཅིག་སྦོམ། ལ་ལུ་ཅིག་ཆུང་ཀུ།
    Some are big and some are small.
  • ཕྱག་རྡོར་དབང་མོ་ Chador Wangmo
    ལ་ལུ་ཅིག་ ཆུ་ཀུ་བལྟ་ཤིག་ ནཱ་ཨ་ལྕོ།`
    Some are small, look elder brother.
  • ཕྱག་རྡོར་དབང་མོ་ Chador Wangmo
    རན་(གཡང་རེད)འ་ནཱི་ བཟུམ་ཅིག་འགྱོ་མི་འདི་ ཨ་པ་སྦེ་ བརྩི་ནི་ཨིན་བལྟ་ཤིག
    At certain time this kind is considered as father.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ཀྭ་ལས?
    Where?
  • ཕྱག་རྡོར་དབང་མོ་ Chador Wangmo
    བལྟ་ཤིག་ ཨ་པ་ཟེར་ སླབ་འོང་ འ་ནཱི་བཟུམ་མའི་གཡང་རེད་ལུ། ཨ་པ་འགྱུར་ཡར་སོང་ནུག་ཟེར།
    Look, father are named to such kind of millet. It has been transformed into father.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ག་དེ་འདི་ལུ་ལོ་ ཨ་ཞེམོ་སྟོན་ཤིག་ཚར་གཅིག
    How is it? Can you show me once sister.
  • ཕྱག་རྡོར་དབང་མོ་ Chador Wangmo
    ཨ་ནཱི་བཟུམ་ཅིག་ལུ། ཨ་ནཱི་བཟུམ་ཛག་ཏར་ཛག་ཏར་(སྤུ་སོག་སོ)འགྱུར་འགྱོ་མི་ལུ་ བལྟ་ཤིག
    It is like this, some kind of hairy.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    གཡང་རེད་ཨ་པ་ཡ?
    Millet father?
  • ཕྱག་རྡོར་དབང་མོ་ Chador Wangmo
    ཨིན།
    Yeah!
  • ལྷ་མོ་ Lhamo
    འབབ་ཤིག་་་འབབ་འབབ་་་འ་བུ་ཛི་ཝའི་ན་་ཨའི། །ཨའེ་་་གཡང་་་འབབ་ཤིག་འབབ། །
    Descend, descend, all the contains inside. Blessings of happiness be descended.
  • འབབ་ཤིག་འབབ་ཤིག།
    Be descended, be descended.
  • རིག་འཛིན་ Rinzin
    ཕུ་ཀུད་ན་ད་ཀུད་ན་ཤོར་ཏོ་མ་བི་ཡོ། །ཨའེ་གཡང་འབབ་ཤིག་འབབ། །ཟེར་སྡོད་འོང་ ཁྱོད་ཀྱིས་ ཨ་ནཱི་ ཁ་བཏང་མས་ལོ་ ཤིང་དུམ་གུ་ཟེར་མི་འདི་ ལུས་སོང་ཡི། ང་གིས་འདི་ གདངས་འཐེན་མ་ཚུགས་པར་ ལ་ཁག་བཏངམ་མས། ང་གིས་ འདི་འབད་མི་ཚུགས་པས།
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འབབ་ཤིག་འབབ་ཤིག་འབད་ནིའི་ དུས་ཚོད་ཤེས་དགོ་པས་སྨོ?
    Be descended, be descended timing should be known. Isn't it?
  • རིག་འཛིན་ Rinzin
    ཨ་་་?
    Yes?
  • རིག་འཛིན་ Rinzin
    རྒྱུ་ཤེས་དགོ། ཕར་ལོགསམ་གིས་ མཇུག་ཀྲིག་ཀྲི་ཚུདཔ་ད་ ཀྲིག་ཀྲི་འབབ་ཤིག་འབབ་ཟེར་འབད་དགོ
    Should know the cause. When the product of other person conclude, we should say be descended, be descended.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འེང་་་།
    Ohh!
  • རིག་འཛིན་ Rinzin
    ལེའུ་གསུམ་གསུམ་གྱི་བར་ན་ ཚར་རེ་འབད་དགོ་ འབབ་ཤིག་འབབ་ཤིག་འབད་དགོ་ཚར་རེ།
    In three section, we should do the be descended, be descended once.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    མེ་མེ་ཁྱིམ་ནང་བླུགས་པར་ འབག་འགྱོཝ་ཨིན་ན་ད?
    Mamay you are taking it to pour it. Is it?
  • རིག་འཛིན་ Rinzin
    ཨིན་ལགས།
    Yes.
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ད་ཨ་ནཱ་ འཕུར་ནི་ཨིན་པས་མེན་ན་མེ་མེ?
    Grandpa, now I think you are going to rub off?
  • རིག་འཛིན་ Rinzin
    ལགས?
    What?
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    ཨ་ནཱ་སྦེ་འཕུར་ནི་ཡ?
    Goin to rub off like this?
  • རིག་འཛིན་ Rinzin
    ཨིན་ལགས་ཨིན།
    Yeah!
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འཕུརཝ་ད་རྐངམ་གི་ར་ འཕུར་དགོཔ་ཨིན་ན?
    when you rub off, is it that you should do it using the leg?
  • རིག་འཛིན་ Rinzin
    རྐངམ་གི་ར་འཕུར་དགོ་པས་། ཨ་ནཱི་ བརྡུང་རུ་བཏུབ་ བཏུབ་ནི་འདི་སློབ་དཔོན།
  • ཞིབ་འཚོལ་ལས་རོགས་རྡོ་རྗེ་ཉི་མ་ Research Assistant Dorji Nima
    འེང་་་།
    Ohh!
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ད་ལྟོ་འདི་ དེ་སྦེ་ར་དཔྱང་བཞག་ནི་ཨིན་པས་སྨོ?
    For now, you are going to keep his hanging, Is it?
  • ལྷ་མོ་ Lhamo
    ཨིན།
    Yes.
  • ལྷ་མོ་ Lhamo
    འ་ནཱེ་སྦེ་བསྡམ་ཞིནམ་ན་དཔྱང་ནི།
    After binding like this, will hang them.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ohh!
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཟླཝ་ག་དེམ་ཅིག་ནང་བཙུགས་དགོཔ་སྨོ་འདི?
    In which month, you will do the plantation?
  • ལྷ་མོ་ Lhamo
    ཨ་ནཱི་ཡ?
    This?
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཨིན།
    Yes
  • ལྷ་མོ་ Lhamo
    ཟླཝ་བཅུ་གཅིག་པ་ བཅུ་གཉིས་པའི་ནང་།
    During eleventh and twelfth lunar month.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཟླཝ་བཅུ་གཉིས་པའི་ནང་འབདཝ་ད་ ད་ལྟོ་ ཟླཝ་ལྔ་པའི་ནང་ཐོབ་ཨིན་ན?
    As it is on twelfth lunar month, you get it on fifth lunar month, Is it?
  • ལྷ་མོ་ Lhamo
    ཟླཝ་བཞི་པའི་ནང་ཐོབ།
    We get it on fourth lunar month.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    བཞི་པའི་ནང་?
    Fourth?
  • ལྷ་མོ་ Lhamo
    ཨིན། དེ་འབདཝ་ད་ དུས་ཅི་ཕྱིས་སོང་ཡི། ཨ་ཙི་ཅིག་སྐྱེ་ནི་ར ཕྱིས་སོང་ཡི།
    Yes, but we are late this year because the growing was little late.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ohh!
  • ལྷ་མོ་ Lhamo
    གཞན་འདི་ ཟླཝ་བཞི་པའི་ནང་ ཀྲིག་ཀྲི་འཐོབ་ནི་ཨིན། ཟླཝ་བཞིཔ་ཚེསཔ་ད།
    Otherwise we would have got it on fourth lunar month and after fourth lunar month.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    སང་ཕོད་བཙུགས་རནམ་ད་འདི་ མར་ཕབ་ཞིནམ་ན་དེ་ལས?
    Next year, you have to take it down and then?
  • ལྷ་མོ་ Lhamo
    བཙུགས་རནམ་ད་ ཕབ་ཞིནམ་ན་འཕུར་ཏེ་ ད་རུང་ སྐམ་དགོ། སྐམ་ཞིནམ་ལས་བཙུགས་ནི།
    During plantation, we will take it down then will rub off and again we have to do the dry up then only we do te plantation.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ག་ཁུག་མི་འདི་ སོན་སྦེ་བཞགཔ་ཨིན་ན་ལགས?
    The ripen one are kept for planting, Is it?
  • ལྷ་མོ་ Lhamo
    ཨིན་ཕུད་རྡོག་ ཁུག་མི་བལྟ་ཡི་བལྟ་ཡི།
    Yes, we look upon the ripen millet.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ohh!
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལོ་བསྟར་བཞིན་དུ་ བྲེ་ག་དེམ་ཅིག་གི་རྩིས་བཞགཔ་སྨོ་ལགས?
    After looking it again, How much amount of quart is kept?
  • ལྷ་མོ་ Lhamo
    ཨ་ནཱི་གི་ བྲེ་གང་གང་ལྷག་འོང་ལགས།
    This one is more than one quart.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ohh!
  • ལྷ་མོ་ Lhamo
    ཨ་ནཱི་གི་ བྲེ་གང་ལྷག་འོང་ ཨ་ནཱི་གི་ བྲེ་གང་ལྷག་འོང་ བྲེ་གསུམ་ཐོན་འོང་འདི་གི
    This one is more than one quart and it will be containing three quart.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    སོན་འབད་བ་ཅིན་ བསྡོམས་ཀྱི་ བྲེ་ག་དེམ་ཅིག་བཞགཔ་སྨོ་?
    How much amount of seeds is kept?
  • ལྷ་མོ་ Lhamo
    བཞགཔ་ད་འདི་ ལེ་ཤ་ར་བཞག་དོ། ག་དེམ་ཅིག་བུད་བུད་ར་བཙུགསཔ་ད་ བྲེ་གསུམ་བཞི་དེ་ཅིག་བཙུགས་ཡི་ དུས་ཅི་འདི།
    While keeping it, we keep it plenty but we planted three to four quart this year.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ohh!
  • ལྷ་མོ་ Lhamo
    བྲེ་བཞི་བཙུགས་ཡི། མར་མར་གྱི་ནང་ བྲེ་གསུམ་བཙུགས། ཨ་ནཱི་ནང་ བྲེ་གང་ལྷགཔ་ཅིག་བཙུགས་ཡི།
    We planted four quart. In downward areas we planted three quart of millet and here we planted more than one quart of millet.