Video Overview
In this short video, Karjay explains how to harness horses according to the tradition followed in Khaling Dangrey village in Pemagatshel District. This is an important and unique aspect of Bhutanese culture that used to be ubiquitous in the country before the advent of paved roads. In Khaling Dangrey village and surrounding areas, horses are still widely used for carrying goods from place to place. Karjay talks about the kind of equipment used in harnessing a horse and gives instructions on how to put a harness on a horse.
དཀར་རྒྱས་ཀྱིས་ པདྨ་དགའ་ཚལ་རྫོང་ཁག་ནང་ འབྲུག་པའི་རང་ལུགས་ཀྱི་ཐོག་ལས་ རྟའི་མཐུར་འདི་ ག་དེ་སྦེ་བཟོཝ་ཨིན་ན་ སླབ་ཨིན་མས། ཏེ་རྟ་གི་ཐོག་ལས་སྦེ་ འགྲོ་འགྲུལ་འབད་ནི་དང་ དོས་ཕར་ཚུར་སྐྱེལ་འདྲེན་འབད་ནིའི་ ལམ་སྲོལ་འདི་ ང་བཅས་རའི་ རྒྱལ་ཁབ་ཁབ་ནང་ སྔོན་དང་སྣུམ་འཁོར་གྱི་ ལམ་མ་ཐོན་པའི་བསྒང་ལུ་ དར་ཁྱབ་ཆེ་ཏོག་ཏོ་སྦེ་ར་ཡོདཔ་ཨིན། མཁའ་གླིང་གདང་རས་དང་ མཐའ་འཁོར་གྱི་ས་གནས་ཚུ་ནང་ ད་ལྟོའི་བར་ན་ཡང་ དོས་ཕར་ཚུར་སྐྱེལ་འདྲེན་འབད་ནིའི་དོན་ལུ་ རྟ་ལག་ལན་འཐབ་ནི་འདི་ རྒྱ་ཆེ་ཏོག་ཏོ་སྦེ་ར་ཡོདཔ་ད་ དཀར་རྒྱས་ཀྱིས་རྟའི་མཐུར་བཟོ་ནིའི་་དོན་ལུ་ ཅ་ཆས་ག་ཅི་ར་དགོཔ་ཨིན་ན་དང་ འདི་ག་དེ་སྦེ་ལག་ལེན་འཐབ་དགོཔ་ཨིན་ན་ བཤདཔ་ཨིན་པས།
- Martshala
- དཀར་རྒྱས་འ་ནཱི་འདི་སྒ་ཤིང་ འ་ནཱི་འདི་ལོ་ཨིན་ལགས། འ་ནཱི་འདི་ཁལ་ཐག་ཨིན་ལགས།
- དཀར་རྒྱས་འ་ནཱི་འདི་ སྨད་ཨིན་ལགས། འ་ནཱི་འདི་ གོང་ཐག་ཨིན་ལགས། ཏེ་ འ་ནཱི་འདི་ ག་ཅི་སླབ་ན་ད་ ཐགཔ་ཨིན་ ལགས། ག་ཅི་ལོ་ བཏང་ཐག
- དཀར་རྒྱས་འ་ནཱི་འདི་ ཤ་གདན་ཨིན་ལགས། འ་ནཱི་འདི་ ཁ་གདན་ཨིན་ལགས། ཐགཔ་ཧ་ཧི་ཧི་་་ ཐགཔ་ཟེར་སླབ་སྡོད་ནུག
- ཤེས་རིག་དོན་ཚོགས་ཏེ་ ཁྱོད་ ད་རིས་ད་ལྟོ་ ག་སྟེ་འགྱོ་ནི་འབདཝ་སྨོ?
- དཀར་རྒྱས་འགྱོ་ནི་མར་ པདྨའི་ཐང་ལས་མར།
- ཤེས་རིག་དོན་ཚོགས་ག་ཅི་འབད་བར།
- དཀར་རྒྱས་རག་ཀ་རོག་ཀོ་ལེན་ནི་ཡོད་ལགས། ཆུམ་དང་ག་ཅི་གུ་ཅི་རེ་ལགས།
- ཤེས་རིག་དོན་ཚོགས་འུམ་ ཡ་ སྒ་ཆས་བཀལ་ཏེ་ རྟ་ལུ།
- དཀར་རྒྱས་ནཱ་འབག་ཤོག
- དཀར་རྒྱས་ཤ་གདན་ཡང་ འ་ནཱི་སྦེ་ཤུབ་བཞག་བཞགཔ་འོང་མས་ཟེར་ ཁོང་ཆ་ཁྱབ་ཀྱིས་ ང་ཀྲིག་ཀྲི་བཟོ་བཞགཔ་ད་ལུ་ ག་ཅི་ཨིན་ན།
- དཀར་རྒྱས་འབག་ཤོག་ཡར་ རྡོག་མཐིལ་བླུགས་ནི་འདི་མེད།
- དཀར་རྒྱས་བཏང་ནི་མེད་ས་ ཚར་གསུམ་དེ་ཅིག་འདི་ ཕོག་སྟེ་ཡོད་སྨེ་ང་།
- དཀར་རྒྱས་བོ་ར་ཕད་ཙེ་གིས་ར་དཀའཝ་སྤྱད་དེ་ཡོད་ རྟ་འདི།
- དཀར་རྒྱས་སྒ་ཤིང་འབག་ཤོག་ སྒ་ཤིང་།
- དཀར་རྒྱས་ལོ་ལོ་ དོག་འགྱོ་སག་ས་སྦེ་འགྱོ་ཡོད།
- དཀར་རྒྱས་[ཤུལ་ལས་ཡང་འབྱོན་ནི་འོང་།?]
- དཀར་རྒྱས་བཏུབ་ནི་མས།
- དཀར་རྒྱས་སྒུགས་ཤིག་ ཀྲོག་ཀྲོག
- དཀར་རྒྱས་ཨུམ།
- དཀར་རྒྱས་མིན་འདུག་དོང་།
- དཀར་རྒྱས་སྡོད་ཤིག ཀྲོག་ཀྲོག
- དཀར་རྒྱས་བཏང་ཐག་བཟོ་ཤིག
- དཀར་རྒྱས་མེན་ ཐུང་ཀུ་ཡོད་ བཀོ་བཞག
- དཀར་རྒྱས་ཨ་ནཱི་སྦེ་ ཨེབ་ད།
- དཀར་རྒྱས་འུམ།
- དཀར་རྒྱས་ཡ་་་།། །།