Video Overview
འདི་ནི་རྒྱལ་པོ་ཞིག་ལ་བཙུན་མོ་ཆེ་བའི་སྲས་མོ་བརྩོན་འགྲུས་ཅན་ཞིག་ཡོད་པ་དེ་བཙུན་མོ་ཆུང་བའི་སྲས་མོ་ལེ་ལོ་ཅན་ལས་རྒྱལ་བའི་གཏམ་རྒྱུད་ཅིག་ཡིན།
གཏམ་རྒྱུད་འདིའི་ནང་དུ་སྔོན་རྒྱལ་པོ་ཞིག་ལ་བཙུན་མོ་ཆེ་བ་དང་ཆུང་བ་གཉིས་ཡོད་ལ། ཆེ་བ་ལ་སྲས་མོ་ཞིག་ཡོད་རྗེས་འདས་སོང་། བཙུན་མོ་ཆུང་བ་ལའང་སྲས་མོ་ཞིག་ཡོད། བཙུན་མོ་ཆེ་བ་འདས་རྗེས་མོའི་སྲས་མོ་གཡོག་པོ་ལྟ་བུར་གྱུར། བཙུན་མོ་ཆུང་བའི་སྲས་མོ་གཅེས་ལང་དུ་ཤོར་ནས་ལེ་ལོ་ཅན་དུ་གྱུར། མཐར་ལྷ་ཡུལ་ནས་མི་ཡུལ་གྱི་ལྷ་མོ་འདེམས་པར་ཆེ་བ་སྔ་མོར་ལངས་པས་ཁུ་བྱུག་ཏུ་གྱུར། ཆུང་བ་གཉིད་ལས་མ་ལོངས་པས་ཐང་བྱིའུ་རུ་གྱུར།
这是一则关于国王长妃勤劳的女儿胜过小妃懒惰的女儿的故事。
这则故事主要讲述了国王的两位大小公主参选仙女的事儿。从前,有一位国王娶了两位王妃。大王妃生完一位公主后去世了。大王妃去世后,她的女儿即大公主几乎沦落为仆人。后来,小王妃也生了一位公主。小王妃非常宠爱小公主,因此小公主变得很懒惰。后来,天宫来人聘选人间的仙女,大公主因早起而变成了杜鹃鸟,而小公主因睡不醒变成了一只野鸟。
The story of a hard-working elder princess who wins over her lazy younger sister when the fairies come.
- སྒྲོལ་མ་མཚོ།གནའ་ཞིག་ལ་ས་ཆ་ཞིག་ན་རྒྱལ་བོ་ཞིག་ཡོད།
- རྒྱལ་བོ་ཡི་བཙུན་མོ་ཆེ་བ་ཤི་སོང་།
- ཆེ་བ་ཤི་སོང་།
- བཙུན་མོ་ཆུང་བ་ཡོད་པ་རེད།
- བཙུན་མོ་ཆེ་བས་ཀྱང་བུ་མོ་ཞིག་སྐྱུར་ཡོད།
- ཆུང་བ་ལ་ཡང་བུ་མོ་ཞིག་ཡོད།
- དེ་ནས་བཙུན་མོ་ཆུང་བ་ཡོད་པས།
- བཙུན་མོ་ཆུང་བ་དང་རྒྱལ་བོ་གཉིས་ཀྱིས།
- བཙུན་མོ་ཆུང་བའི་བུ་མོ་ཆུང་བར་གཅེས་ནས།
- བཙུན་མོ་ཆེ་བའི་བུ་མོ།
- ཨ་མ་ཤི་སོང་བ་དེའི་བུ་མོ་གཡོག་མོ་ཡིས་བཏང་ཡོད་པ་རེད།
- ཚེ་ཉི་མ་བརྒྱ་བོར་གོན་པ་བཀྲུ་ན།
- ཅི་ཞིག་ཡིན་ན་དེར་ལས་ཀ་ལས་སུ་བཅུག་ནས།
- གོན་པ་གསར་བ་ཞིག་ཀྱང་ཡོད་པ་མ་རེད།
- ཚེ་ཉི་མ་བརྒྱ་བོར་ལས་ཀ་ལས་སུ་བཅུག་ནས།
- ཉིན་ཞིག་ལྷ་ཡུལ་ནས་བཀའ་ཞིག་ཐོན་པ་རེད།
- སང་ཉིན་ཚེས་བ་ལྔ་ཡི་ཉིན་མོར།
- ཚེས་པ་ལྔ་ཡི་ཉིན་མོར།
- ལྷ་ཡུལ་ནས་ལྷ་མོ་འདེམས་པ་རེད།
- སུ་ཞིག་གིས་ནངས་མོ་སྔ་མོར་ལངས་ནས།
- སུ་ཞིག་གིས་ནངས་མོ་སྔ་མོར་གོན་པ་ཡག་པོ་གྱོན་ནས།
- ནངས་མོར་སྔ་མོ་ནས་ཁ་གྲགས་ན།
- དེ་ལྷ་མོ་ལ་འདེམས་ནས་ཁྱེར་འགྲོ་ཟེར།
- དེ་ནས་རྒྱལ་བོའི་བཙུན་མོས་གོ་སོང་།
- གོ་སོང་བས་རྒྱལ་བོ་ཡི་བུ་མོ་ཆེ་བ།
- ལས་ཀ་ལས་སུ་བཅུག་ནས་ཞག་གང་བོར་ཉལ་དུ་མ་བཅུག
- མོ་ཡི་བུ་མོ་མོ་ཡིས་སྲུང་ནས་བསྡད་དེ།
- ནངས་མོ་སྔ་མོ་ནས་ནམ་ལངས་དུས།
- མོ་ཡིས་མྱུར་དུ་ནངས་མོ་སྔ་མོ་ནས་ལོངས།
- ཁྱོད་ཡར་ལོངས།
- ད་ནངས་སྔ་མོར་ལྷ་མོ་འདེམས་པ་རེད།
- ཁྱོད་མྱུར་དུ་ལོངས།
- མོ་ཡི་བུ་མོ་ལེ་ལོ་ཅན་ཞིག་རེད།
- ཚེ་གང་བོར་ཕ་མས་གཉོར་ནས་ངན་ལང་དུ་བཏང་ཡོད།
- མ་ལངས་པ་རེད།
- བཙུན་མོ་ཆེ་བའི་བུ་མོ་ཆེ་བ་དེ།
- ཚེ་ཉི་མ་བརྒྱ་བོར་ལས་ཀ་ལས་ནས་གཉིད་མ་ཡོང་བ་རེད།
- ལྷ་མོ་འདེམས་པ་ཤེས་ནས།
- སྔ་མོར་གོན་པ་ཡག་པོ་གྱོན་རྒྱུ་མེད་ན་ཡང་།
- དེང་མ་མོ་ཡིས་ལས་ཀ་ལས་བྱེད་ཀྱི་གོན་པ་ཚང་མ་བཀྲུས་ནས།
- གོན་པ་ཚང་མ་བཀྲུས་ནས།
- མོ་ཡི་མགོ་ཡག་པོ་ཤད་དེ།
- སྔ་མོར་ཡར་ལངས།
- ཡར་ལངས་ནས་ནངས་མོ་སྔ་མོ་ནས།
- ཁ་གྲགས་རག་བར་དུ་ཀོ་ཀོ་ཞེས་གྲགས་པ་རེད།
- སྔ་མོ་ནས་སྐད་ཆ་མང་པོ་མི་བཤད་པ་རེད།
- གྲགས་པ་རེད།
- དེ་ནས་བཙུན་མོ་ཆུང་བའི་བུ་མོ་མ་ལངས་བར།
- ཨ་མ་ཡིས་མགོ་ཤད་ནས་བསྡད་ཡོད་པས།
- བུ་མོ་གན་གིས་ཁ་གྲགས་པ་རེད།
- མོ་ཡི་བུ་མོ་ད་རུང་ཉལ་ས་ནས་ལངས་མེད་པ་རེད།
- ལྭ་ཡག་པོ་ཞིག་གྱོན་ཡོད་ལ།
- མགོ་ཕྱེད་ཀ་ཤད་ནས་ཕྱེད་ཀ་སོ་མང་གིས་མགོར་བརྒྱབ་ནས།
- བཙུན་མོ་ཁོང་ཁྲོ་ལངས་ནས།
- ཁྱོད་ངེད་གཉིས་ལྷ་མོ་བྱེད་ཐུབ་རྒྱུ་མ་རེད།
- མགོར་བརྒྱབ་ནས་མར་ཐབ་ཁུང་ནང་དུ་གཡུགས་པ་རེད།
- ཐབ་ཁུང་ནང་དུ་གཡུགས་ནས།
- ད་བར་གྱང་སློག་པ།
- གྱང་དང་ལུད་སློག་པའི་བྱེའུ་ཁ་རིང་།
- ཁྲ་ཁྲ་ཞིག་ཡོད་པ་ཁྲེའུ་ཁྲེའུ་ཞེས་གྲགས་པ་དེ་ཡིན་པ་རེད།
- ཆེ་བ་ནངས་མོ་་སྔ་མོར་ཡར་ལངས་ནས་ཁུ་བྱུག་ཏུ་གྱུར་བ་རེད།
- ལྷ་ཡུལ་ལ་བུད་སོང་།